“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

སློབ་མའི་རྩོམ་འབྲིའི་ནུས་པ་ཇེ་ཞན་དུ་འགྲོ་བའི་རྒྱུ་རྐྱེན།

སྤེལ་དུས 2019-12-05 ཡོང་ཁུངས། བདེ་ཆེན་བོད་ཡིག་དྲ་བ། རྩོམ་པ་པོ།

       ཉེ་བའི་ལོ་འདི་དག་ལ། བོད་ཁུལ་གྱི་སློབ་འབྲིང་སློབ་མའི་བོད་སྐད་ཡིག་གི་རྩོམ་འབྲིའི་ནུས་པ་ཇེ་ཞན་དུ་འགྲོ་བཞིན་པར། རང་རྐྱེན་དང་ཕྱི་རྐྱེན་གཉིས་ཡོད་དེ།
       རང་རྐྱེན།
       བོད་ཡིག་གི་རྨང་གཞི་ཞན་པ།
       སློབ་འབྲིང་སློབ་མའི་རྩོམ་ཡིག་ལས་བྱའི་ཁྲོད། སློབ་མ་མང་ཆེ་བའི་རྩོམ་ཡིག་ཏུ་ཡིག་ནོར་མང་བ་དང་ཕྲད་ནོར་བ། ཚིག་སྦྱོར་མི་བདེ་བ། བོད་རང་གི་སྐད་ཆའི་མཛེས་པ་དང་བརྗོད་སྟངས་ལ་རྨོངས་པ། བརྗོད་དོན་གཏིང་མི་ཟབ་པ་སོགས་ཀྱི་གནས་ཚུལ་འབྱུང་གི་འདུག ལྷག་པར་བྱེད་འབྲེལ་གྱི་ཕྲད་དང་ཏེ་དེ་སྟེ་གསུམ། ཚིག་ཕྲད་ཞིང་སོགས་ཀྱི་སྦྱོར་སྟངས་ནོར་བའི་གནས་ཚུལ་ཚབས་ཆེ།

       བོད་ཡིག་གི་དཔེ་ཀློག་ཉུང་བ།
       དཔེ་ཀློག་བྱེད་པ་ནི་དཔེ་ཆའི་ངོས་ཀྱི་ཡི་གེ་ངོས་འཛིན་བྱེད་པ་དང་། དེ་ནས་དེའི་དོན་རྟོགས་ཏེ་རྩོམ་ཡིག་འབྲི་བ་སོགས་ལ་ཕན་པའི་སྦྱོར་བ་བཟང་པོ་ཞིག་ཡིན། སྤྱིར་སྐད་ཡིག་གི་ཆུ་ཚད་བཟང་མིན་དེ་གཙོ་བོ་དཔེ་ཀློག་བྱེད་མིན་ལ་ཐུག་ཅིང་། རྩོམ་ཡིག་ལེགས་པོ་འབྲི་ཐུབ་མིན་དེའང་དཔེ་ཀློག་ལ་ཐད་ཀར་འབྲེལ་བ་ཡོད། བོད་ཀྱི་སློབ་འབྲིང་སློབ་མ་མང་ཆེ་བར་མཚོན་ན། སློབ་སྐབས་ཤིག་ལ་དཔེ་ཆ་རེ་གཉིས་ལས་མང་པོ་བཀླགས་པ་ཧ་ཅང་ཉུང་། སློབ་འབྲིང་སློབ་མ་མང་ཆེ་བར་དཔེ་ཀློག་འདུ་ཤེས་ཧ་ཅང་ཞན་པ་ནི་རྩོམ་འབྲིའི་ནུས་པ་ཞན་པར་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་ཆགས་འདུག

       རྩོམ་འབྲིའི་ལག་ལེན་ཉུང་བ།
       སློབ་འབྲིང་སློབ་མས་འགན་ཁུར་ལྟར་རྩོམ་ཡིག་རེ་འགའ་འབྲི་ཡང་། དགེ་རྒན་གྱིས་རྩོམ་འབྲིའི་ཤེས་བྱས་དབུ་ཁྱུད་དེ།  སློབ་མས་རྗེས་འབྲངས་བྱེད་པ་ཙམ་ལས་བློ་རྣལ་མས་བྲིས་པ་ཉུང་བས། རྩོམ་ཡིག་འབྲི་བའི་བློ་བསྐྱེད་དང་བྱང་ཆ་མི་ལྡན་པ་རེད། དགེ་རྒན་གྱིས་རྩོམ་ཡིག་ལས་བྱ་བཀོད་སྒྲིག་བྱས་ན་ཡང་། སློབ་མས་དུས་ལྟར་མི་སྤྲོད་པ་དང་། དུས་ལྟར་སྤྲད་ཀྱང་གཞན་རྩོམ་བཤུ་བས། བོད་ཀྱི་སློབ་མ་མང་ཆེ་བས་བོད་ཡིག་གི་རྩོམ་འབྲི་ལ་དོ་སྣང་དང་མཐོང་ཆེན་མི་བྱེད་པ་ནི་བོད་ཡིག་གི་རྩོམ་འབྲིའི་ནུས་པ་ཇེ་ཞན་དུ་འགྲོ་བའི་རྒྱུ་རྐྱེན་གཞན་ཞིག་རེད།
       ཕྱི་རྐྱེན།
       སྤྱི་ཚོགས་ཁེ་ཕན་གྱི་ཤུགས་རྐྱེན།
       དངོས་པོའི་དགོས་མཁོ་ཉིན་རེ་བཞིན་ཇེ་མཐོར་འགྲོ་བའི་ཁོར་ཡུག་ཏུ། སློབ་འབྲིང་སློབ་མ་རྣམས་ཀྱིས་ཀྱང་དེ་དང་བསྟུན་ནས་སློབ་སྦྱོང་བྱེད་ཀྱིན་འདུག་སྟེ། སློབ་ཆེན་མཐར་ཕྱིན་ནས་ལས་གནས་འཚོལ་བར་ཕན་པའི་བསླབ་བྱ་གཙོ་བོར་བཟུང་སྟེ། བོད་ཡིག་མཁོ་མེད་ཀྱི་ལྟ་ཚུལ་བྱུང་བས། བོད་ཡིག་གི་རྨང་གཞི་ཇེ་ཞན་དུ་འགྲོ་བཞིན་ཡོད།

       སློབ་གསོའི་ལམ་ལུགས་ཀྱི་ཤུགས་རྐྱེན།
       རིག་ཚན་དགར་བ་དང་རྒྱུགས་སྤྲོད་པ་གཙོར་བཟུང་བའི་སློབ་གསོའི་ལམ་ལུགས་ཀྱིས། སློབ་མས་དཔེ་ཀློག་གི་ཚད་དམའ་བ་དང་། འཚོ་བར་རོལ་མྱོང་དང་བཅས་ཏེ་རྩོམ་ཡིག་འབྲི་བའི་གོ་སྐབས་ཇེ་ཉུང་ལ་བཏང་སྟེ། སློབ་མའི་དཔེ་ཀློག་གི་ནུས་པ་དང་རྩོམ་འབྲིའི་ནུས་པར་ཤུགས་རྐྱེན་བཟོས་འདུག
       ཤེས་ལྡན་མི་སྣའི་ཤུགས་རྐྱེན།
       བོད་ཀྱི་ད་ལྟའི་ཤེས་ལྡན་མི་སྣ་ལས་མང་ཤས་ཀྱིས་ཁོ་ཚོ་རྒྱལ་ནང་གི་ས་ཆ་བཟང་ཤོས་དག་ལ་སློབ་སྦྱོང་དུ་སོང་བ་ཚད་གཞིར་བཟུང་ནས། བོད་རྒྱ་འཛིན་གྲྭ་གཉིས་སུ་བཀར་ནས་སློབ་གསོ་སྤེལ་བཞིན་པས། བོད་ཀྱི་སློབ་མ་རྣམས་ལ་དེ་ཙམ་འཚམ་པོ་ཡོང་གིན་མེད་པའི་རྐྱེན་ཀྱང་འདུག་སྙམ། ། 


                                                         རྩོམ་པ་པོ།སྣང་རྡོར།