“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

མངའ་རིས་ཀྱི་ལོ་རྒྱུས་མཁྱེན་འདོད་ཚེ་དེབ་འདི་གཟིགས་ན་ཆོག་གི་འདུག

སྤེལ་དུས 2019-12-09 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས་ལས། རྩོམ་པ་པོ།
                                                                                                            བློ་དང་ལྡན་པ་མགོ་འཁོར་ཡང་།
                                                                                                            བྱ་བའི་ཆ་ལ་རྨོངས་མི་འགྱུར།
                                                                                                            སྲོག་ཆགས་གྲོག་མར་མིག་མེད་ཀྱང་།
                                                                                                            མིག་ལྡན་གཞན་ལས་ལྷག་པར་མགྱོགས།
                                                                                                            —ས་པཎ།

        རྩོམ་པ་པོ། 
        གུ་གེ་ཚེ་རིང་རྒྱལ་པོ། སྤྱི་ལོ་1961ལོར་སྟོད་མངའ་རིས་སྒར་རྫོང་གླང་བཅུ་སྲུང་རི་ཞེས་པའི་འབྲོག་ཁྱིམ་ཞིག་ཏུ་འཁྲུངས། ཁོང་གི་སྤོ་བོ་ནི་གུ་གེ་ཞྭ་ཡེ་ནས་ཡིན་ཞིང་མིང་ལའང་གུ་གེ་བསོད་ནམས་རྡོ་རྗེ་ཟེར། གུ་གེ་ཚེ་རིང་རྒྱལ་པོ་ལགས་ནི་ཆུང་བྱིས་པའི་དུས་ནས་བློ་རིག་རྣོ་ལ་སྙིང་རུས་ཆེ་བས་སྦྱངས་འབྲས་ལེགས་པོ་ཐོབ་སྟབས། ལྷ་སར་བྱོན་ཏེ་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོའི་ཞོར་གཏོགས་སློབ་འབྲིང་དུ་ལོ་བཞིའི་རིང་སློབ་སྦྱོང་བྱས་ནས་དམའ་རིམ་སློང་འབྲིང་ཐོན། སྤྱི་ལོ་1981ལོ་ནས་ལོ་བཞིའི་རིང་སྦྱང་བརྩོན་ལྷོད་མེད་གནང་བ་བརྒྱུད་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཤེས་རམས་པའི་ཡོན་ཚད་ཐོབ་ཐང་རག སྤྱི་ལོ་1985ལོ་ནས་ལོ་གསུམ་རིང་། སླར་ཡང་སྦྱང་བརྩོན་ལྷོད་མེད་བྱས་མཐར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་གྲྭ་ཆེན་མོ་ནས་རབས་འབྱམས་པའི་ཡོན་ཚད་ཀྱི་ཐོབ་ཐང་རག སྤྱི་ལོ་1988ལོ་ནས་བཟུང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དུ་ལོ་བཞི་ཙམ་རིང་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཕྱག་ལས་གནང་། སྤྱི་ལོ་1992ལོར་ལྷ་སར་ཕེབས་རྗེས་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་བོད་ཀྱི་རིག་གནས་ལོ་རྒྱུས་རྩོམ་སྒྲིག་ཁང་རྒྱ་ཡིག་རྩོམ་སྒྲིག་པུའུ་རུ་རྩོམ་སྒྲིག་པ་དང་རྩོམ་སྒྲིག་འགན་འཁུར་བའི་འགན་བཞེས། སྤྱི་ལོ་1994ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུགས་ཞིབ་འཇུག་ཁང་ལ་ལས་སྒྱུར་མཛད་ནས། བོད་རིག་པའི་ཞིབ་འཇུག་གི་ཞབས་ཞུར་བརྩོན་ཞིང་ཞིབ་འཇུག་པ་ཆེ་མོའི་གོ་གནས་ཐོབ་པ་དང་སྦྲགས་དབུ་འཛིན་རྒན་པའི་འགན་བཞེས་གནང་མུས་ལ། འཇར་མན་པེར་ལེན་གྱི་མཐོ་རིམ་ཞིབ་འཇུག་ཁང་གིས་གདན་ཞུས་ལྟར་ཁོང་ཉིད་པེར་ལིན་དུ་བོད་རིག་པའི་ཚན་རིག་ཞིབ་འཇུག་གི་མཉམ་ལས་ལས་གཞིར་ཞུགས་སྐབས་སྟབས་མ་ལེགས་པར་སྙུང་གཞིས་རྐྱེན་པས་སྤྱི་ལོ་2015ལོའི་ཟླ་6པའི་ཚེས་27ཉིན་སྐུ་ཚེའི་འཕེན་པ་རྫོགས།
        ནང་དོན་གཙོ་བོ། 
        《མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ》ཞེས་པ་དེ་ནི་རྩོམ་པ་པོ་རང་ཉིད་ཀྱི་ཕ་ཡུལ་ཏེ་མངའ་རིས་ཀྱི་ས་ཆ་མང་ཆེ་བར་དཔྱད་ཞིབ་ཐེངས་མང་ལ་བཅར་བ་མ་ཟད། དཀའ་བ་དུ་མ་ཁྱད་གསོད་ཀྱིས་རྒན་རབས་མྱོང་བ་ཅན་མོད་མི་དམའ་བར་བཅར་འདྲི་ཞུས་པ་དང་ཁུངས་ལྡན་དཔྱད་ཡིག་མང་དག་འཚོལ་བསྡུས་ཀྱིས་བརྩམས་ཤིང་། དེའི་ནང་དོན་གཙོ་བོ་ལེའུ་གསུམ་དུ་དབྱེ་ཡོད་པ་དང་། ལེའུ་དང་པོའི་ནང་སྟོད་མངའ་རིས་ཀྱི་སྔོན་བྱུང་ལོ་རྒྱུས་དང་། ལེའུ་གཉིས་པའི་ནང་སྟོད་མངའ་རིས་ཀྱི་དགོན་སྡེ་ཁག་གི་ལོ་རྒྱུས་རྒྱས་སྤྲོས། ལེའུ་གསུམ་པའི་ནང་སྟོད་མངའ་རིས་ཀྱི་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན་ཁག་གཅིག་གི་ངོ་སྤྲོད་བཅས་ཞིབ་པར་བཀོད་ནས། ཀློག་པ་པོ་རྣམས་ཀྱིས་མངའ་རིས་ཀྱི་ལོ་རྒྱུས་ཁྱོན་ཡོངས་ནས་རྟོགས་པར་བྱེད་པར་སྟབས་བདེ་བསྐྲུན་ཡོད།
        འོས་སྦྱོར་བྱེད་དོན།
        སྟོད་མངའ་རིས་ཀྱི་ཡུལ་ལུང་ཁག་ས་ཐག་རིང་བ་དང་འགྲིམ་འགྲུལ་སོགས་སྟབས་དེ་ཙམ་བདེ་པོ་མེད་པ་མ་ཟད། ལྷག་དོན་དུ་མངའ་རིས་ཀྱི་སྐོར་བཀོད་པའི་དཔེ་དེབ་ཧ་ཅང་ཉུང་བ་སོགས་ཀྱི་རྐྱེན་པས། རང་ཅག་ཁ་བ་རི་པ་ཚོས་དེའི་ཐད་ཤེས་རྟོགས་ཉུང་བར་བརྟེན་འདིར་ཆེད་དུ་འོས་སྦྱོར་ཞུས་པའོ།
རྩོམ་སྒྲིག་པ།སྣང་རྡོར།