“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

དགོང་ཟས་ཕྱི་དྲགས་ན་གཟུགས་པོར་གནོད་ཆེ་ལ། ཚེ་ཚད་ལའང་གནོད།

སྤེལ་དུས 2020-01-02 ཡོང་ཁུངས། བདེ་ཆེན་བོད་ཡིག་དྲ་བ། རྩོམ་པ་པོ།
          མི་མང་པོས་ཞོགས་ཟས་དང་གུང་ཟས་སྟབས་བདེ་ཞིག་ཟས་ནས། དགོང་ཟས་ཡག་པོ་ཞིག་བཟའ་དགོས་སྙམ་གྱི་ཡོད། 

          ཉེ་དུས་དྲ་བའི་ཐོག་དགོང་ཟས་ཀྱིས་ཁྱེད་ཀྱི་གཟུགས་པོའི་ལྗིད་ཚད་དང་ཚེ་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་པའི་གནས་ཚུལ་ཞིག་གིས་ཚང་མ་ཧང་སངས་པར་གྱུར། 
       དགོང་ཟས་ཀྱིས་དངོས་གནས་གཟུགས་པོའི་ལྗིད་ཚད་དང་ཚེ་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་དམ། གང་ཞིག་ནི་དགོང་ཟས་ཟ་ནོར་ཤོར་བ་ཡིན་ནམ། ལྟོ་ཆས་ཟ་བ་ནི་གལ་ཆེན་པོ་ཡིན་པས། དྲི་བ་འདི་དག་ངེས་པར་དུ་གསལ་པོ་ཤེས་དགོས། 
          དགོང་ཟས་ཟ་ནོར་ཤོར་བ། 
          དང་པོ། ཟས་དྲགས་པ། 
          དགོང་ཟས་ཟས་དྲགས་ན། ཟ་མའི་ཁྲོད་ཀྱི་སྤྲི་དཀར(蛋白质)རྦད་དེ་འཇུ་ཐུབ་ཀྱི་མེད་པས། རྒྱུ་མའི་ནང་ལུས་ནས་དུག་ལྡན་དངོས་པོར་གྱུར་གྱི་ཡོད། རྒྱུན་རིང་པོ་སོང་ན་རྒྱུ་སྐྲན་ཆགས་ཉེན་ཆེན་པོ་ཡོད།

          གཞན་ཡང་། དགོང་ཟས་ཟས་དྲགས་ན་དོས་དྲག་གི་གཤེར་མའི་གཉན་ཚད་ལངས་བ་དང་། ལྷག་པར་དུ་ཧབ་ཟ་ཧབ་འཐུང་བྱེད་མཁན་ལ་དྲན་པ་ཐོར་བ་དང་གློ་བུར་དུ་ཤི་ཉེན་ཆེན་པོ་ཡོད་པ་མ་ཟད། དགོང་ཟས་ཟས་དྲགས་ན་གཉིད་མི་ཁུག་པ་དང་རྨི་ལམ་མང་བས། རྒྱུན་རིང་པོ་སོང་ན་དབང་རྩ་ཉམས་སླ་པོ་ཡོད། 
          གཉིས་པ། དམར་ཟས་ཟས་དྲགས་པ། 
          དགོང་མོ་དམར་ཟས་ཟས་དྲགས་ན། མཆིན་པར་གནོན་ཤུགས་ཆེན་པོ་སྤྲད་དེ་ཁྲག་ཚིལ་ལ་གནོད་ཀྱི་ཡོད།
          ཞིབ་འཇུག་ཞིག་ལས། དགོང་ཟས་ལ་རྟག་ཏུ་དམར་ཟས་ཟ་མཁན་ཚོ་རྟག་ཏུ་དཀར་ཟས་ཟ་མཁན་དང་བསྡུར་ན་ཁྲག་ཚིལ་ལྡབ་གསུམ་ནས་བཞི་བར་མཐོ་བ་ཡོད། ཁྲག་ཚིལ་མཐོ་བ་ནི་ཁྲག་ཤེད་མཐོ་བ་དང་། སྙིང་ནད། འཕར་རྩ་རེངས་ནས་ཁྲག་རྒྱུག་དཀའ་བའི་ནད་སོགས་ལངས་པའི་རྒྱུ་རྐྱེན་རེད། 
          བྱས་ཙང་། དགོང་ཟས་ཀྱིས་དངོས་གནས་ལྗིད་ཚད་དང་ཚེ་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་དམ་ཞེ་ན། ཟས་དྲགས་པ་དང་། དམར་ཤས་ཆེ་བ། ཕྱི་དྲགས་པ། ཟས་མི་ཟ་བའམ་ཡང་ན་འབྲས་དང་ཐུག་པ་སོགས་ཟས་གཙོ་བོ་མི་ཟ་བ་སོགས་ལས་བདེ་ཐང་ལ་གནོད་འཚེ་བཟོ་ཡི་ཡོད་པས།“དགོང་ཟས་ཀྱིས་ཁྱེད་ཀྱི་གཟུགས་པོའི་ལྗིད་ཚད་དང་ཚེ་ཚད”ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་པའི་ཤོད་སྟངས་འདི་ཐལ་དྲགས་མེད། 
          དགོང་ཟས་འཚམ་པོ་མ་ཟས་ན། རྒྱགས་པོ་ཆགས་ནས་ཁྱེད་ཀྱི་གཟུགས་བྱད་ལ་སྐྱོན་བྱེད་ངེས་ལ། ནད་མི་འདྲ་བ་ཡང་འབྱུང་ནས་མིའི་ཚེ་ཚད་ཐུང་དུ་འགྲོ་སྲིད། 

          དགོང་ཟས་ཇི་འདྲ་བཟས་ན་འཚམ་པོ་ཡོད་དམ། 
          དང་པོ། དུས་ཚོད།
          དགོང་ཟས་བཟའ་བའི་དུས་ཚོད་དང་ཉལ་བའི་བར་ཡིན་ཅིག་ཆུ་ཚོད་3འཇོག་དགོས། སྤྱིར་ན། དགོང་ཟས་བཟའ་བའི་དུས་ཚོད་ཡག་ཤོས་ནི་ཆུ་ཚོད་དྲུག་པ་ནས་བརྒྱད་པའི་བར་ཡིན་པ་དང་། ཆུ་ཚོད་བརྒྱད་པ་ཡོལ་རྗེས་ཡག་ཤོས་བྱུང་ན་ཁ་ལག་ཟ་རྒྱུ་མེད། འདི་འདྲ་བྱས་ན། ཕོ་རྒྱུར་ཟས་འཇུ་བའི་དུས་ཚོད་འདང་ངེས་ཡོད་པས། ཕོ་རྒྱུར་ནད་ཕོག་པའི་ཉེན་ཁ་ཆུང་དུ་འགྲོ་སྲིད། 
          གཉིས་པ། བཟའ་བཅའ། 
          སྤྱིའི་ཆ་ནས་བཤད་ན། ཟས་རིགས་སྙོམས་ལ་སྣ་ཁ་འཛོམས་པ། ཟས་གཙོ་བོར་འབྲུ་སྣའི་རིགས་ཀྱིས་ཚབ་བྱས་ན་འགྲིག་གི་ཡོད། འབྲུ་སྣའི་རིགས་ལ་འཚོ་བཅུད་དང་ཟས་ཀྱི་དངས་མ་ལྡན་པས། རྒྱགས་སླ་པོ་དང་ཞག་ཚི་ཉུང་བས། དགོང་ཟས་ཚད་རན་པོ་བཟའ་རྒྱུར་ཕན་པ་ཡོད། 

          སྔོ་ཚལ་དང་ཤིང་ཏོག་ཐད། ཞོགས་ཟས་དང་གུང་ཟས་ཅི་ཙམ་ཟས་མིན་ལ་གཞིགས་ནས། མི་འདང་བའི་ཆ་གསབ་ན་འགྲིག 

          གསུམ་པ། དོ་སྣང་བྱེད་དགོས་པ། 
          དགོང་ཟས་ཡག་ཤོས་བྱུང་ན་ཞག་ཚི་ཉུང་བ་བཟའ་དགོས་པས། སྣུམ་དང་ཚྭ་ཉུང་ཙམ་བླུགས་ན་ཕོ་རྒྱུས་ཟས་འཇུ་བདེ་པོ་ཡོད་ལ། ཁྲག་ཤེད་དང་ཁྲག་ཚིལ་ཚོད་འཛིན་བྱེད་རྒྱུར་ཕན་པ་ཡོད། 
          སྤྱིར་ན། དགོང་མོ་མ་ཉལ་གོང་གི་ཆུ་ཚོད་བཞི་ནས་དྲུག་བར་ཡག་ཤོས་བྱུང་ན་ཆང་རག་འཐུང་རྒྱུ་མེད། གང་ཡིན་ཞེ་ན། ཆང་རག་གི་ཉིང་ཁུས་མི་ངར་ཤ་ལངས་ནས་ཚབས་ཆེ་སྐབས་དབར་རྩར་གནོད་ཀྱི་ཡོད། 
          བཞི་བ། མང་ཉུང་།
          དགོང་ཟས་ཟ་སྐབས། ཚང་མས་རྒྱགས་ཚད་ཟ་རྒྱུ་མེད་ཅེས་ཟེར་གྱི་ཡོད། དེ་ལྟར་བྱས་ན་ཕོ་རྒྱུར་གནོན་ཤུགས་སྤྲོད་ཀྱི་མེད།
རྩོམ་སྒྲིག་པ།སྣང་རྡོར།