མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

བོད་ཡུལ་གྱི་རྒྱུན་མཐོང་ནད་རིགས་ཏེ་མཆིན་ཚིལ་རྒྱས་པའི་ནད།

སྤེལ་དུས 2020-01-19 ཡོང་ཁུངས། བདེ་ཆེན་བོད་ཡིག་དྲ་བ། རྩོམ་པ་པོ།

      མཆིན་ཚིལ་རྒྱས་པའི་ནད་ནི་མཆིན་པའི་ཕྲ་ཕུང་ལ་ཚིལ་བསོགས་ནས་མཆིན་པའི་ནུས་པ་ཉམས་པའི་ནད་ཅིག་ཡིན་ཞིང་། འདི་ཡང་ནད་གཞན་པ་ལྟར་སྔར་ནས་ངོས་འཛིན་བྱས་ཏེ་དུས་ཐོག་ཏུ་བཅོས་ན་ཕན་ཡོན་ཆེ།
      གཅིག མཆིན་ཚིལ་རྒྱས་པའི་ནད་ཀྱི་རྒྱུ་ནི་གཤམ་དུ་གསལ།
      ༡.ཆང་རག་ནི་འབྱུང་རྐྱེན་ཡིན། ཡུན་རིང་དུ་ཆང་རག་བཏུངས་ན། རིམ་བཞིན་དུ་ཆང་རག་གི་དུག་ཕོག་ནས་མཆིན་ཚིལ་ལ་དབྱང་འགྱུར་བྱེད་མི་ནུས། མཆིན་ཚིལ་དབྱང་འགྱུར་བྱེད་མ་ཐུབ་ཚེ་ཚིལ་འཇུ་མི་ཐུབ་སྟེ་མཆིན་པའི་ནང་ཡུན་རིང་བསོགས་པས་ཆང་རག་འཐུང་མཁན་ནད་པ་བརྒྱ་ཆ60ནི་མཆིན་ཚིལ་རྒྱས་པའི་ནད་པ་ཡིན་ལ། བརྒྱ་ཆ20ནས་བརྒྱ་ཆ30ནི་མཆིན་པ་རྒུད་པའི་ནད་དུ་འགྱུར་སྲིད།
      ༢.ཡུན་རིང་དུ་ཚིལ་དང་སྣུམ། རོ་མངར་བའི་རིགས་ཟོས་པ་མང་དྲགས་པ་ནི་མཆིན་ཚིལ་རྒྱས་པའི་རྒྱུ་རྐྱེན་ཡིན།
      ༣. ཤ་རྒྱགས་ཤིང་ལུས་རྩལ་སྦྱོང་བརྡར་མི་བྱེད་པ་ནི་མཆིན་ཚིལ་རྒྱས་པའི་རྒྱུ་ཡིན།
      ༤.གཅིན་སྙི་ཟ་ཁུའི་ནད་ནི་མཆིན་ཚིལ་རྒྱས་པའི་རྒྱུ་ཡིན།
      ༥. མཆིན་ནད་ལྡེམ་བུ་ནི་མཆིན་ཚིལ་རྒྱས་པའི་རྒྱུ་ཡིན།
      ༦.སྨན་འགའ་རེ་ནི་མཆིན་པའི་ནུས་པ་ལ་གནོད་པ་བྱས་ཏེ་མཆིན་ཚིལ་རྒྱས་པའི་རྒྱུ་རུ་འགྱུར།



        གཉིས། མཆིན་ཚིལ་རྒྱས་པའི་ནད་ཀྱི་མངོན་རྟགས།
        མཆིན་ཚིལ་རྒྱས་པའི་ནད་ལ་མངོན་རྟགས་མི་འདྲ་བ་མང་པོ་ཡོད་ཅིང་། ནད་ཚབས་ཅུང་ཆུང་བ་ལ་ཐང་ཆད་པའི་ཚོར་བ་ཡོད་ལ། ནད་རྟགས་མངོན་གསལ་མིན། ནད་པ་ཕལ་ཆེར་ཤ་རྒྱགས་པ་ཡིན་ཞིང་ནད་རྟགས་མི་མངོན། ནད་ཚབས་འབྲིང་བ་དང་ཆེན་པོའི་རིགས་ནི་མཆིན་ནད་ལྡེམ་བུ་དང་འདྲ་ཞིང་ཡི་ག་ཆད་པ། ངལ་དུབ་ཆེ་བ། བྲང་ཁ་མི་བདེ་བ། སྐྱུགས་པ། མཆིན་པའི་གནས་དང་གསུམ་པའི་གཡས་ཕྱོགས་སུ་ན་ཟུག་ཡོད་ཅིང་ལུས་ཀྱི་ཤ་རིད་པ་སོགས་ཀྱི་ནད་རྟགས་ཡོད་དོ།།



        གསུམ། མཆིན་ཚིལ་རྒྱས་པའི་ནད་ཀྱི་ཉེན་ཁ།
        མཆིན་ཚིལ་རྒྱས་པའི་ནད་དེ་འགོར་ན་གཤམ་གྱི་ནད་རྟགས་འབྱུང་སྲིད།
        1 མཆིན་པ་རྒུད་པའི་ནད་དང་མཆིན་པའི་ནུས་པ་ཉམས་པའི་ནད་འབྱུང་སྲིད། མཆིན་ཚིལ་རྒྱས་པའི་ནད་མ་བཅོས་པར་ཡུན་རིང་སོང་ན་མཆིན་པའི་ཕྲ་ཕུང་ལ་འཚོ་བཅུད་མི་འདང་བས། མཆིན་པ་རྒུད་པའི་ནད་དང་མཆིན་པའི་སྐྲན་ནད་སོགས་སློང་སྲིད། དེ་མིན་མཆིན་ཚིལ་རྒྱས་པ་ལ་མཆིན་པ་རྒུད་པའི་ནད་དང་མཆིན་ནད་སྡེམ་བུ་སོགས་བླ་གཉན་གྱིས་སློང་སྟེ། ཐ་མར་མཆིན་པའི་ངན་སྐྲན་གྱི་ནད་སློང་ཚད་རྒྱུན་ལྡན་གྱི་མི་ལས་ལྡབ150ཡིས་མཐོ།
        2 འཇུ་བྱེད་མ་ལག་གི་ནད། མཆིན་སྒོ་སྡོད་རྩའི་གནོན་ཤུགས་མཐོ་བའི་ནད་མིན་པ་དང་ཕོ་བའི་སྡོད་རྩའི་གནོན་ཤུགས་མཐོ་བའི་ནད་མིན་པ་དང་ཕོ་བའི་སྡོད་རྩ་ལ་ཁྲག་ཤོར་བ།
        3 འཕར་རྩའི་ནང་གི་ཁྲག་གར་མོ་དང་འཕར་རྩ་སྲ་མོར་གྱུར་ཏེ་སྙིང་དང་ཀླད་པའི་ནད། ཁྲག་ཤེད་མཐོ་བ། ཀླད་པའི་ཁྲག་རྩ་འགག་པ། ཀླད་པར་ཁྲག་ཤོར་བའི་ནད་སོགས་སློང་།
        4 མཆིན་ཚིལ་རྒྱས་ཤིང་མེ་དྲོད་ཉམས་པའི་ནད་ཀྱིས་ཁུ་བ་ཉུང་བར་གྱུར་བ།
        5 མིག་མི་གསལ་བ། མཆིན་ཚིལ་རྒྱས་ནས་མེ་དྲོད་ཉམས་ཕྱིར་འཚོ་བཅུདAདྭངས་སྙིགས་འབྱེད་མི་ནུས་པར་མིག་མི་གསལ་བར་འགྱུར།

         བཞི། མཆིན་ཚིལ་རྒྱས་པའི་ནད་ཀྱི་སྔོན་འགོག་བྱེད་ཐབས།
         1 ཟས་འཕྲོད་ལུགས་དང་མཐུན་དགོས།
         2 ཆང་རག་བཏུང་བ་སྤངས་དགོས།
         3 ལུས་ཕུང་སྦྱོང་བརྡར་བྱ་དགོས།
         4 སྨན་ལ་བརྟེན་དུས་ཡིད་གཟབ་བྱ་དགོས།
         5 སེམས་ཁམས་དྭངས་དགོས་པ་བཅས་སོ།།
རྩོམ་སྒྲིག་པ།སྣང་རྡོར།