དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

སྤྱི་དམངས་ཀྱིས་ཁ་རས་སྤྱོད་ཐབས་སྐོར་གྱི་དྲི་བ་དྲིས་ལན།

སྤེལ་དུས 2020-02-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
       1.ཚན་རིག་དང་མཐུན་ལ་དགོས་མཁོར་གཞིགས་ནས་ཁ་རས་རྒྱག་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
       ལན་དུ། ཁ་རས་རྒྱག་པ་ནི་སྤྱི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། དགོས་ངེས་ཀྱི་གནས་སུ་མི་ཚང་མས་འོས་ཤིང་འཚམ་པའི་ཁ་རས་ཀྱི་རིགས་བདམས་ནས་བརྒྱབ་སྟེ་རང་ངོས་འགོག་སྲུང་ཡག་པོ་བྱེད་དགོས། དེ་དང་ཆབས་ཅིག་མི་ཚང་མར་ལས་ཀའི་ངོ་བོ་དང་ཐོན་སྐྱེད་དང་འཚོ་གནས་བྱ་ཡུལ་མི་འདྲ་བར་གཞིགས་ཏེ་རིམས་ནད་འགོ་ཉེན་ཆེ་ཆུང་གཞིར་བཟུང་ཁ་རས་ཚད་འོས་ཤིང་འཚམ་པ་རྒྱག་པ་དང་། འགོག་སྲུང་བྱེད་ཤུགས་ཆེ་དྲགས་པའི་དབང་གིས་ཁ་རས་སྤྱོད་ཚད་མང་དུ་མ་བཏང་བར་ཐོན་ཁུངས་ལ་གྲོན་ཆུང་བྱེད་པའི་འགན་འཁྲི་ཡང་ཡོད། མིག་སྔར་རིམས་ནད་ལ་འགོ་ཉེན་ཆེ་བ་དང་། ཅུང་ཆེ་བ། དེ་ཙམ་ཆེན་པོ་མེད་པ། ཅུང་ཆུང་བ། ཆུང་བ་བཅས་རིམ་པ་མི་འདྲ་བ་5ཙམ་ཡོད་པ་ཁ་རས་འདེམས་སྤྱོད་ཀྱི་ཚད་གཞིར་འཛིན་ཆོག རིམས་ནད་འགོ་ཉེན་ཆེ་བ་དང་ཅུང་ཆེ་བའི་མི་སྣ་ནི་གཙོ་བོ་འཐབ་ས་དང་པོར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་མཁན་ལས་དོན་མི་སྣ་ཡིན་པ་དང་། དེ་བྱིངས་མི་སྣ་ཕལ་ཆེ་བ་རིམས་ནད་འགོ་ཉེན་དེ་ཙམ་ཆེན་པོ་མེད་པ་དང་། ཅུང་ཆུང་བ། ཆུང་བ་བཅས་ཀྱི་མི་སྣ་ཤ་སྟག་རེད།
       2.ཐོན་སྐྱེད་དང་འཚོ་བའི་ཁྲོད་ངེས་པར་དུ་ཁ་རས་N95བརྒྱབ་ན་གཞི་ནས་བདེ་འཇགས་ཡོང་ངམ།
       ལན་དུ། རིམས་ནད་ལ་འགོག་རྒོལ་གྱི་འཐབ་ས་དང་པོར་རིམས་ནད་འགོ་ཉེན་ཆེ་བ(ཅུང་ཆེ་བ)ཡི་སྨན་དོན་མི་སྣས་སྨན་སྤྱོད་འགོག་སྲུང་ཁ་རས་སམ་ཡང་ན་N95རིམ་པའི་འགོག་སྲུང་ཁ་རས་སྤྱོད་པའི་དགོས་པ་ཡོད། སྒོ་བསྟེན་སྨན་ཁང་དཀྱུས་མ་དང་ནད་ཁང་དུ་ལས་ཀ་བྱེད་མཁན་སྨན་དོན་མི་སྣས་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཁ་རས་བརྒྱབ་ན་ཆོག་པ་དང་སྤྱི་དམངས་དཀྱུས་མ་ཚོས་ངེས་པར་དུ་ཁ་རས་N95རྒྱག་དགོས་མེད་ལ་སྤྱོད་པའི་སྐུལ་མའང་གཏོང་རྒྱུ་མེད།
       3.ང་རང་སྨན་དོན་མི་སྣ་ཞིག་མིན། འོན་ཀྱང་བར་མཐོངས་ཀྱི་རླུང་འགྲོ་དམ་པ་དང་མི་ཚོགས་སྟུག་སར་ལས་ཀ་བྱེད་ཀྱི་ཡོད་པས་ཁ་རས་གང་ཞིག་སྤྱད་ན་ལེགས་སམ།
       ལན་དུ། གལ་ཏེ་ཁྱེད་རང་སྨན་ཁང་དང་། གནམ་ཐང་། མེ་འཁོར་བབས་ཚུགས། ས་འོག་ལྕགས་ལམ། སྤྱི་སྤྱོད་རླངས་འཁོར། གནམ་གྲུ། མེ་འཁོར། སྒོ་རྩིས་ཚོང་ཁང་། ཟ་ཁང་སོགས་བལྟོས་བཅས་ཀྱིས་རླུང་འགྲོ་དམ་པ་དང་མི་ཚོགས་སྟུག་སར་ལས་ཀ་བྱེད་པའམ་ཡང་ན་རིམས་ནད་དང་འབྲེལ་ཡོད་ཀྱི་སྲིད་འཛིན་དོ་དམ་དང་། ཉེན་རྟོག་པ། བདེ་སྲུང་བ། མྱུར་སྐྱེལ་བ་སོགས་ཀྱི་ལས་ཀ་བྱེད་མཁན་གང་ཞིག་ཡིན་རུང་། ཚང་མ་རིམས་ནད་འགོ་ཉེན་ཅུང་ཆེ་བའི་མི་སྣའི་ཁོངས་སུ་གཏོགས་པས་ལས་ཀ་བྱ་ཡུལ་དུ་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཁ་རས་རྒྱག་དགོས།
       4.ང་རང་སྨན་དོན་མི་སྣ་ཞིག་མིན་ལ། ཐོན་སྐྱེད་བྱ་ཡུལ་དང་འཚོ་གནས་བྱ་ཡུལ་ཡང་གོང་དུ་བསྟན་པའི་གནས་དག་ཏུ་མིན་པས་ཁ་རས་གང་ཞིག་སྤྱད་ན་ལེགས་སམ།
       ལན་དུ། གལ་ཏེ་ཁྱེད་རང་སྒོ་རྩིས་ཚོང་ཁང་དང་། ཚོང་ར། འགྲིམ་འགྲུལ་ཡོ་ཆས། གློག་སྐས་སོགས་མི་ཚོགས་སྟུག་སའམ་ཡང་ན་གཞུང་ལས་ཁང་དཀྱུས་མ་དང་བཟོ་གྲྭའི་འཁོར་ཁང་སོགས་དང་། ཡང་ན་སྨན་བཅོས་སྒྲིག་གཞིར(ཚ་ནད་སྒོ་བསྟེན་སྨན་ཁང་ཕུད)སྨན་བཅོས་བྱེད་པའི་ནད་པའམ་གཅིག་སྡུད་སློབ་སྦྱོང་དང་བྱེད་སྒོ་སྤེལ་མཁན་སློབ་སྡོད་སློབ་མ་སོགས་ཡིན་ཚེ། རིམས་ནད་འགོ་ཉེན་ཅུང་ཆུང་བའི་མི་སྣའི་ཁོངས་སུ་གཏོགས་པས་སྤྱོད་གཅིག་མའི་སྨན་ཁང་གི་ཁ་རས་སྤྱད་ན་ཆོག་ལ་བྱིས་པས་འགོག་སྲུང་ནུས་པ་ཅུང་ཆེ་བའི་ཁ་རས་སྤྱད་ན་ཆོག
       5.གནས་དང་ཡུལ་གང་ཞིག་ཏུ་ཁ་རས་མ་བརྒྱབ་ན་ཆོག་གམ།
       ལན་དུ། གལ་ཏེ་ཁྱེད་རང་ལ་རིམས་ནད་འགོས་མེད་པ་མ་ཟད། ཁྱིམ་དུ་སྡོད་པའམ་ཡང་ན་རླུང་འགྲོ་ཡག་པ་དང་མི་ཚོགས་ཉུང་སར་ཡོད་ཚེ། རིམས་ནད་འགོ་ཉེན་ཆུང་བའི་མི་སྣའི་ཁོངས་སུ་གཏོགས་པས་ཁ་རས་མ་བརྒྱབ་ན་ཆོག དཔེར་ན། ཁྱིམ་དུ་དོགས་ཡོད་ནད་དཔེ་མེད་པ་དང་། ནད་པ་དང་འབྲེལ་ཐུག་དམ་ཟབ་བྱེད་མྱོང་བ་དང་རིམས་ནད་ཁུལ་ནས་སླེབས་པའི་ནང་མི་མེད་པ། སྒེར་འཁོར་དུ་རིམས་ནད་ཁུལ་གྱི་འགྲུལ་པའམ་ཡང་ན་དོགས་ཡོད་ནད་དཔེ་བླུག་མྱོང་མེད་པ། རླུང་འགྲོ་ཡག་པོ་ཡོད་པའི་བར་མཐོངས་སུ་ལས་ཀ་བྱེད་པ་མ་ཟད། གྲོང་པ་ཁྱིམ་མཚེས་དང་བར་ཐག་འོས་འཚམ་ཡོད་པ། སྤྱི་གླིང་དུ་སྐྱོད་སྐབས་ཡུལ་སྐོར་བ་འདུ་འཛོམས་བྱེད་མཁན་མེད་པ་དང་བར་མཐོངས་ངེས་ཅན་ཡོད་སར་མཐའ་འཁོར་གྱི་མི་དང་བར་ཐག་འོས་འཚམ་ཡོད་པ། གཞུང་ལས་ཁང་དུ་དུག་སེལ་དང་། ཚ་བ་ལྟ་བ། རླུང་འགྲོ་ཡག་པོ་ཡོད་པ་མ་ཟད། ལས་རོགས་ལའང་རིམས་ནད་འགོས་པའི་དོགས་གཞི་མེད་ཅིང་ནད་པ་དང་འབྲེལ་ཐུག་དམ་ཟབ་བྱེད་མྱོང་མེད་པ་བཅས་ཡིན་ཚེ་ཁ་རས་མ་བརྒྱབ་ན་ཆོག
       6.བྱིས་པ་ཚོས་ཁ་རས་གང་ཞིག་སྤྱོད་དགོས་པ་དང་གནད་དོན་གང་ཞིག་ལ་དོ་སྣང་བྱེད་དགོས་སམ།
       ལན་དུ། བྱིས་པ་ཚོས་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པ་མ་ཟད་བྱིས་པའམ་ཡང་ན་གཞོན་ནུ་ལོ་ཆུང་ལ་དམིགས་ནས་བཟོས་པའི་འགོག་སྲུང་ཁ་རས་སྤྱོད་དགོས། བྱིས་པ་ཚོས་ཁ་རས་མ་བརྒྱབ་གོང་ཁྱིམ་བདག་གི་རོགས་རམ་འོག་ཁ་རས་རྒྱག་སྟངས་ཀྱི་གསལ་བཤད་ཡི་གེ་ནན་ཏན་བཀླགས་ཏེ་བེད་སྤྱོད་བྱེད་སྟངས་ཡང་དག་སྒོ་ནས་ཁ་རས་རྒྱག་དགོས། ཁྱིམ་བདག་གིས་དུས་དང་རྣམ་པ་ཀུན་ཏུ་བྱིས་པའི་ཁ་རས་རྒྱག་སྟངས་ལ་དོ་སྣང་བྱེད་དགོས། གལ་ཏེ་ཕྲུ་གུར་ཁ་རས་བརྒྱབ་རྗེས་མི་བདེ་བ་བྱུང་ཚེ་དུས་ཐོག་ཏུ་ཁ་རས་རྒྱག་སྟངས་བཟོ་བའམ་ཡང་ན་རྒྱག་མཚམས་འཇོག་དགོས། ཕྲུ་གུའི་ངོ་གདོང་ཆུང་སྟབས་དར་མའི་ཁ་རས་ཆེ་དྲགས་ངེས་པས་ཁ་ཟུམ་རང་བཞིན་ཆེ་བའི་དར་མའི་ཁ་རས་མ་བརྒྱབ་ན་ཆོག
       7.ཁ་རས་རྒྱག་སྐབས་དོ་སྣང་བྱེད་དགོས་པ་གང་ཡོད་དམ།
       ལན་དུ། ཁ་རས་ཆེ་ཆུང་འཚམ་པོ་ཞིག་འདེམས་དགོས། ཁ་རས་མ་བརྒྱབ་གོང་སྔོན་ལ་ལག་པ་འཁྲུ་དགོས་པ་དང་། ཁ་རས་རྒྱག་སྐབས་ངོ་གདོང་ལ་དམ་པོར་སྦྱོར་བ་དང་ཆབས་ཅིག་མཛུབ་མོས་ཁ་རས་ཀྱི་ལྕགས་སྐུད་མནན་ཙམ་བྱས་ནས་མཐའ་འཁོར་གྱི་མཁའ་རླུང་ནང་དུ་མི་འཛུལ་བ་བྱེད་དགོས། སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཁ་རས་ཀྱི་ལྕགས་སྐུད་ཁ་རས་ཀྱི་མགོར་ཡོད་པས་ཁ་རས་རྒྱག་སྐབས་དམ་པོར་གནོན་དགོས། གལ་ཏེ་ཁ་རས་ལ་ངེས་པར་དུ་རེག་དགོས་ཚེ་མ་རེག་གོང་དང་རེག་རྗེས་ལག་པ་འཁྲུ་དགོས། ཁ་རས་འབུད་སྐབས་གང་ཐུབ་ཅི་ཐུབ་ཀྱིས་ཁ་རས་ཀྱི་ངོས་ལ་མ་རེག་པ་བྱེད་དགོས་པ་མ་ཟད། འཕྲལ་དུ་ལག་པ་འཁྲུ་དགོས།
       8.ཁ་རས་ཉིས་བརྩེགས་བརྒྱབ་ན་དེ་བས་བརྟན་ནམ།
       ལན་དུ། ཁ་རས་ཉིས་བརྩེགས་བརྒྱབ་ན་བདེ་འཇགས་ཀྱི་རང་བཞིན་ཆེ་རུ་འགྲོ་མི་སྲིད།
       9.སྤྱད་ཟིན་པའི་ཁ་རས་ཡང་བསྐྱར་སྤྱད་ན་ཆོག་གམ།
       ལན་དུ། རིམས་ནད་འགོ་ཉེན་ཆེ་བ་དང་ཅུང་ཆེ་བའི་མི་སྣ་ཕུད། ན་ཚ་མེད་མཁན་གྱིས་བརྒྱབ་པའི་ཁ་རས་ཡང་བསྐྱར་སྤྱད་ཆོག་ཅིང་། དེའི་ནང་འོས་འཚམ་ཁ་རས་སྤྱོད་པའི་དུས་ཡུན་དང་ཐེངས་གྲངས་མང་དུ་གཏོང་བ་ཚུད་ཡོད། གལ་ཏེ་ཁ་རས་ཡང་བསྐྱར་སྤྱོད་དགོས་ཚེ་གཙང་ལ་སྐམ་ཤས་ཆེ་བའི་རླུང་འགྲོ་ཡག་སར་འགེལ་བའམ་ཡང་ན་གཙང་ལ་རླུང་འགྲོ་ཡག་པའི་ཤོག་སྣོད་དུ་བླུག་དགོས། ཁ་རས་ལོགས་སུ་བཞག་ནས་ཅ་དངོས་གཞན་པར་མ་རེག་པ་བྱེད་དགོས་པ་མ་ཟད། སོ་སོའི་ཁ་རས་ངོས་འཛིན་ཡག་པོ་བྱེད་དགོས།
       10.གནས་ཚུལ་གང་འདྲ་ཞིག་གི་འོག་ཁ་རས་བརྗེ་པོ་རྒྱག་དགོས་སམ།
       ལན་དུ། སྤྱིར་ན་ཁ་རས་རྙིང་པ་དང་བཙོག་པ་ཆགས་པའམ་ཡང་ན་རློན་པ་ཆགས་ནས་འགོག་སྲུང་ནུས་པ་དེ་ཙམ་མེད་པའི་སྐབས་བརྗེ་པོ་རྒྱག་དགོས།
       11. ཁ་རས་བེད་སྤྱོད་བཏང་ཚར་རྗེས་ཐག་གཅོད་ཇི་འདྲ་བྱེད་དགོས་སམ།
       ལན་དུ། གལ་ཏེ་ཁྱེད་རང་ན་ཚ་མེད་མཁན་གྲས་ཡིན་ཚེ། སྤྱད་ཟིན་པའི་ཁ་རས་འཚོ་བའི་གད་སྙིགས་རིགས་དབྱེའི་བླང་བྱ་ལྟར་ཐག་གཅོད་བྱ་ཆོག་པ་དང་། གལ་ཏེ་ཁྱེད་རང་དོགས་ཡོད་ནད་དཔེའམ་ཡང་ན་ནད་གཞི་གཏན་འཁེལ་བའི་ནད་པ་ཡིན་ཚེ། སྤྱད་ཟིན་པའི་ཁ་རས་གང་བྱུང་དུ་མ་དབྱུགས་པར་སྨན་བཅོས་ཀྱི་ཕན་མེད་ཟོག་རོར་བརྩིས་ཏེ་སྨན་བཅོས་ཀྱི་ཕན་མེད་ཟོག་རོའི་འབྲེལ་ཡོད་ཀྱི་ཐག་གཅོད་གོ་རིམ་གཞིར་བཟུང་ཐག་གཅོད་བྱེད་དགོས།
རྩོམ་སྒྲིག་པ།སྣང་རྡོར།