དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

བྱིས་པའི་སྦྱངས་འབྲས་ལ་ཧེ་བག་ཤོར་བའི་རྒྱུ་རྐྱེན་འདི་དག་ལ་གཟིཊ།

སྤེལ་དུས 2020-04-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        གློ་ཚད་རིམས་ནད་ཀྱིས་རྐྱེན་པས་ཕྲུ་གུ་ཚོ་སློབ་མཚམས་བཞག་ནས་ཁྱིམ་དུ་སློབ་སྦྱོང་བྱེད་པ་དང་དགེ་རྒན་གྱིས་དྲ་ཐོག་ནས་ཟུར་ཁྲིད་བྱེད་ཀྱི་ཡོད། ཕྲུ་གུ་ལ་ལ་ཁྱིམ་དུ་ཡོད་ཀྱང་སློབ་སྦྱོང་གི་དུས་ཚོད་ལུགས་མཐུན་ངང་འཆར་འགོད་བྱེད་ཐུབ་པ་དང་། བྱིས་པ་ལ་ལ་རྣམ་གཡེང་དང་རྩེད་འཇོ་ཁོ་ནར་མགོ་འཁོར་ནས་རང་འཁྲིའི་སྦྱོང་ཚན་ཡང་བྲིས་ཚར་གྱི་མེད། འོ་ན་བྱིས་པ་དེ་དག་དབར་ཁྱད་པར་ཆེན་པོ་འདི་འདྲ་ཡོང་བའི་རྒྱུ་རྐྱེན་ཅི་ཡིན་ཞེ་ན། གཤམ་གྱི་ཚིག་འབྲུ་བཅུ་བཞི་འདི་དག་གིས་གསལ་བཤད་བྱེད་ཐུབ།

        དང་པོ། ནར་འགྱངས།
        བྱིས་པ་འགའ་རེར་དགུན་ཁའི་གུང་གསེང་གི་ཆེས་མཐའ་མཇུག་གི་ཉིན་ལ་ད་གཟོད་ལས་བྱ་འབྲི་འགོ་རྩོམ་པ་དང་། དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་སྦྱོང་ཚན་དེ་ནམ་ཡང་ཆེས་མཐའ་མཇུག་བར་དུ་ནར་འགྱངས་བྱས་ནས་འབྲི་བ། བརྙན་འཕྲིན་བལྟ་བ་དང་རོལ་རྩེད་རྩེ་བར་ཚོད་མེད་པ། མལ་ལས་ལངས་བ་དང་ཟ་མ་ཟ་བར་སྐུལ་མ་ཡང་ཡང་གཏོང་དགོས་པ་སོགས་ནར་འགྱངས་ལ་གོམས་པའི་སྐྱོན་ཡོད།
        ནར་འགྱངས་ལ་དགའ་བའི་བྱིས་པའི་ངོས་ནས་བརྗོད་ན། སྒྲུབ་སླ་ཞིང་སྤྲོ་བ་ལྡན་པའི་བྱ་བ་དག་སྔོན་ལ་སྒྲུབ་པ་དང་། གལ་ཆེ་ཤོས་དང་དཀའ་ཚེགས་ཅུང་ཆེ་བའི་བྱ་བ་དེ་མཇུག་ཏུ་བཀོད་སྒྲིག་བྱེད་ཀྱི་ཡོད། དེ་ལྟར་གནས་སྐབས་ཀྱི་སྤྲོ་སྐྱིད་ལ་རོལ་རྗེས། དེའི་རྗེས་སུ་འཁང་ར་དང་། གནོང་འགྱོད། སེམས་འཚབ་ངང་སྡོད་དགོས་ཀྱི་ཡོད།  སློབ་ཆུང་འགྲིམ་བཞིན་པའི་བྱིས་པའི་ངོས་ནས་བཤད་ན། ནར་འགྱངས་ལ་གོམས་པ་ནི་རང་གཅུན་ནུས་པ་ཞན་པའི་རྐྱེན་ལས་བྱུང་བ་ཁོ་ན་མ་ཡིན་པར། ད་དུང་དུས་ཚོད་ཀྱི་འདུ་ཤེས་མེད་པས་བསྒྲུབ་དགོས་པའི་བྱ་བ་ལ་སྤྲོ་བ་མེད་པའམ་ཡང་ན་ཇི་ལྟར་སྒྲུབ་དགོས་མིན་མི་ཤེས་པ། སྐབས་དེར་ཕ་མས་སྐུལ་ལྕག་བྱས་ན་དེ་ལས་ལྡོག་པའི་ནུས་པ་ཐོན་གྱི་ཡོད། དེས་ན་སྔོན་ལ་བྱིས་པར་ལྕི་ཡང་དང་དལ་བྲེལ་ཤེས་སུ་འཇུག་དགོས་པ་དང་། དེ་ལྟར་བྱས་ན་རང་རྟོགས་ཀྱི་འདུ་ཤེས་འཕེལ་ཐུབ།  ད་དུང་ཕྲུ་གུས་དུས་ཚོད་ཀྱི་རིན་ཐང་ཤེས་རྟོགས་ཐུབ་པ་བྱེད་པ་དང་། མདུན་གྱི་ལས་འགན་དབྱེ་འབྱེད་ཐུབ་པ་བྱེད་དགོས་པ། སྟབས་བདེ་ནས་འགོ་བཙུགས་ཏེ་ཕྲུ་གུར་དུས་ཚོད་ནར་འགྱངས་བྱས་པའི་མཇུག་འབྲས་འཁུར་དུ་འཇུག་དགོས།
        ནར་འགྱངས་བྱེད་པ་ནི་གོམས་གཤིས་ངན་པ་ཞིག་ཡིན་པས་ངེས་པར་དུ་བྱིས་པའི་ནར་འགྱངས་གོམས་གཤིས་མེད་པ་བཟོ་དགོས།
        གཉིས་པ། ལུས་རྩལ། 
        དུས་རྒྱུན་ཕ་མ་ཁ་ཤས་ཀྱིས་བྱིས་པའི་ལུས་རྩལ་སྦྱོང་བརྡར་གྱི་གོམས་གཤིས་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་མེད། འོན་ཀྱང་ད་ཐེངས་ཏོག་གསར་གློ་ཚད་ཀྱིས་ཤུགས་རྐྱེན་ཐེབས་པའི་དབང་གིས། མི་མང་པོ་ཞིག་གིས་ལུས་སྦྱོང་གི་གལ་ཆེན་རང་བཞིན་རྟོགས་ཤིང་། རང་ལ་ལུས་ཕུང་བཟང་པོ་ཞིག་ཡོད་ན། ད་གཟོད་ནད་འགོག་ནུས་པ་ལྡན་པར་འགྱུར་བ་དང་། ད་གཟོད་ནད་དུག་གི་གནོད་འཚེ་འགོག་ཐུབ་པའི་ངེས་ཤེས་སྐྱེས་ཡོད།
        མི་རྒན་པ་དང་བྱིས་པ་གང་ཡིན་རུང་། ལུས་རྩལ་རྩེད་རྒྱུ་དུས་ཡུན་ངེས་ཅན་ཞིག་ལ་རྒྱུན་འཁྱོངས་བྱས་ན། མི་དེ་བལྟས་པ་ཙམ་གྱིས་གྲུང་ཤ་དོད་པ་དང་རྣམ་རིག་སྐྱེན་པ། བློ་སྤོབས་དང་ལྡན་པ་ཞིག་ཏུ་མཐོང་སྲིད།
        བྱིས་པ་ཞིག་ལ་ལུས་སྦྱོང་གི་གོམས་གཤིས་ཆུང་དུས་ནས་འཇགས་པར་བྱས་ན། ལུས་པོ་དང་བསམ་བློ་སོགས་གང་ས་ཅི་ཐད་ནས་བཤད་ཀྱང་།  དེ་ནི་མི་ཚེ་གང་པོར་ཕན་ཐོགས་ངེས་པའི་གོམས་གཤིས་བཟང་པོ་ཞིག་རེད།

        གསུམ་པ། དཔེ་ཀློག
        ནད་ཡམས་ཀྱིས་རྐྱེན་པས་གནས་སྐབས་རིང་ཕྲུ་གུ་ཚོའི་ཕྱི་རོལ་གྱི་བྱེད་སྒོ་མེད་པར་གྱུར་བ་རེད། འོན་ཀྱང་ཁྱིམ་དུ་སྡོད་པའི་དུས་ཚོད་ནི་ཕྲུ་གུ་ཚོར་དཔེ་ཀློག་གི་གོམས་གཤིས་འཇགས་པར་བྱེད་པའི་དུས་ཚོད་ཡག་ཤོས་ཡིན།  དཔེ་ཀློག་གིས་བྱིས་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་འཛུགས་རྒྱུར་ཕན་ཆེན་པོ་ཐོགས་ངེས།    དཔེ་ཀློག་ནི་སློབ་སྦྱོང་གི་ཆེས་རྨང་གཞིར་གྱུར་བ་ཞིག་ཡིན་པ་དང་། དཔེ་ཀློག་གིས་ཕྲུ་གུའི་སྐད་ཡིག་སློབ་སྦྱོང་ལ་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ། ཡི་གེའི་གཏན་ཚིགས་རང་བཞིན་གསོ་སྐྱོང་བྱེད་ཐུབ་པ། ལྟ་རྒྱ་ཐོས་རྒྱ་ཆེ་རུ་གཏོང་ཐུབ་པ། རྩོམ་འབྲིའི་ནུས་པ་དང་དགའ་ཞེན་སྐྱེད་སྲིང་བྱེད་ཐུབ། གལ་ཏེ་ཕྲུ་གུ་ཞིག་དཔེ་ཀློག་ལ་གོམས་པར་གྱུར་ན། སློབ་སྦྱོང་བྱ་རྒྱུ་དེ་ལས་སླ་བའི་བྱ་བ་ཞིག་ཏུ་འགྱུར་ངེས། ད་ཆ་ཕྲུ་གུ་ཞིག་གི་རྒྱུགས་ཚད་སྐར་མ་མཐོ་པོ་མེད་ནའང་ཕྲུ་གུ་དེར་དཔེ་ཀློག་གི་གོམས་གཤིས་ཡོད་ཚེ་འབྱུང་འགྱུར་ཞན་པའམ་སྐྱོ་པོར་གཏན་ནས་འགྱུར་མི་སྲིད། གཞན་ཡང་གུང་གསེང་ནི་བྱིས་པའི་དཔེ་ཀློག་གི་གོ་སྐབས་ཡག་པོ་ཞིག་ཡིན་པ་དང་། དཔེ་ཀློག་ལ་བརྟེན་ནས་བྱིས་པའི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་ཐབས་བྱ་དགོས།
        བཞི་པ།  རྒྱུན་འཁྱོངས།
        དཔེ་ཀློག་དང་། ལུས་སྦྱོང་། ཞོགས་སྔ་ལངས་སོགས་ཀྱི་གོམས་གཤིས་བཟང་པོ་འཇགས་པར་བྱེད་འདོད་པ་དང་། ཡང་ན་སློབ་སྦྱོང་ལ་བརྟེན་ནས་འབྲས་བུ་བཟང་པོ་ཞིག་ཐོབ་འདོད་ན་ངེས་པར་དུ་དཀའ་སྡུག་བཟོད་བསྲན་ཐུབ་པ་དང་། སེམས་རྣལ་དུ་འབེབ་ཐུབ་པ། མིག་མདུན་གྱི་བྱ་བར་བློ་རྩེ་གཅིག་ཏུ་གཞོལ་ཐུབ་པ་བཅས་དགོས།
        ཡིག་གཟུགས་སྦྱོང་བ་ལ་མཚོན་ན། ཉེ་བའི་དུས་འདིར་དགེ་རྒན་དང་ཁྱིམ་བདག་མང་པོ་ཞིག་གིས་བྱིས་པ་ཚོར་ཁྱིམ་དུ་སྡོད་སྐབས་ཡིག་གཟུགས་སྦྱོང་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་ཡིག་གཟུགས་སྦྱོང་བའི་ཕན་འབྲས་དེ་ཉིན་འགའི་ནང་ཐོན་པ་ཞིག་མིན་པས་ཕྲུ་གུ་དང་ཁྱིམ་བདག་ཁག་གཅིག་ཡིད་ཐང་ཆད་ཀྱི་ཡོད། དོན་དངོས་ཐོག ཡིག་གཟུགས་སྦྱོང་བའི་བརྒྱུད་རིམ་ནང་ཕྲུ་གུ་ཚོའི་ངང་རྒྱུད་དང་སྙིང་རུས་ལ་སྦྱོང་བརྡར་ཐེབས་ཀྱི་ཡོད་པས། ཡིག་གཟུགས་འབྲི་སྦྱོང་བྱ་རྒྱུ་ནི་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད།
        རྨང་གཞི་ཇི་ཙམ་ཞན་ཡང་དེར་སྐྲག་དགོས་དོན་རེད། སྐྲག་དགོས་པ་ནི་རྒྱུན་འཁྱོངས་མི་ཐུབ་པ་དང་སྡུག་རུས་མི་ཐེག་པ་དེ་རེད། སློབ་སྦྱོང་ལ་མགྱོགས་ལམ་ཡེ་ནས་མེད། རྒྱུན་འཁྱོངས་ཁོ་ནར་བརྟེན་ན། ད་གཟོད་བྱིས་པར་སྦྱངས་འབྲས་ཡག་པོ་ཞིག་ཐོབ་ཐུབ།
        ལྔ་པ། རང་གཅུན།
        ཉེ་ཆར་ས་གནས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་དྲ་ཐོག་ནས་སློབ་ཚན་འཚོགས་ཡོད། ཡིན་ནའང་ཁྱིམ་བདག་མི་ཉུང་བ་ཞིག་གིས་ཕྲུ་གུས་བརྙན་ཤེལ་སྤྱད་ནས་སློབ་སྦྱོང་བྱེད་མི་ཐུབ་པ་དང་། ཕྲུ་གུ་རྣམས་ཁ་གཡེང་མིག་གཡེང་བྱས་ནས་སྡོད་པས་སློབ་སྦྱོང་གི་ཕན་འབྲས་ཡག་པོ་ཐོན་གྱི་མི་འདུག་ཅེས་བརྗོད་ཀྱི་ཡོད། ཡིན་ནའང་དེའི་རྒྱུ་རྐྱེན་གཙོ་བོ་དེ་ཕྲུ་གུ་དེ་དག་གི་རང་གཅུན་ནུས་པ་ཞན་པའི་རྐྱེན་གྱིས་རེད།
        རང་གཅུན་ཐུབ་པའི་བྱིས་པ་ཞིག་གི་ངོས་ནས་བརྗོད་ན། རང་ཉིད་ཀྱིས་ཅི་ཞིག་བསྒྲུབ་དགོས་པ་དང་ཅི་ཞིག་བསྒྲུབ་མི་རུང་བ་ལ་གསལ་པོ་ཤེས་པ་དང་། སློབ་སྦྱོང་གི་དུས་ཚོད་ཆུད་ཟོས་སུ་གཏོང་མི་རུང་ཤེས་ཀྱི་ཡོད་ལ། ཁོ་ཚོའི་མ་འོངས་པའི་བགྲོད་ལམ་ཡང་དེའི་རྐྱེན་གྱིས་ཇེ་གསལ་དུ་གྱུར་ཏེ། འོད་སྟོང་ལྡན་པའི་མདུན་ལམ་ཞིག་དབང་བར་འགྱུར་ཐུབ།

        དྲུག་པ། ཐབས་ལམ།
        འཛིན་གྲྭའི་ནང་དུ་སློབ་མ་ཁག་གཅིག་ཉིན་ལྟར་སློབ་སྦྱོང་དུས་ཡུན་ཧ་ཅང་རིང་པོ་བྱེད་པ་དང་། སློབ་ཚན་འཚོགས་སྐབས་ཀྱང་དཀའ་སྤྱད་སྙིང་རུས་ཀྱིས་སློབ་སྦྱོང་བྱེད་བཞིན་ཡོད། འོན་ཀྱང་སྦྱངས་འབྲས་ཡག་པོ་ཞིག་ཐོབ་ཐུབ་ཀྱི་མེད། དེའི་རྒྱུ་མཚན་ནི་བྱིས་པ་འདི་དག་ཚང་མར་སློབ་སྦྱོང་བྱེད་སྟངས་ཐད་ཀྱི་ལྟ་བ་ནོར་འཁྲུལ་ཅན་ཞིག་ཡོད་པས། སློབ་སྦྱོང་གི་ཐད་ལ་དུས་ཚོད་ཇི་ཙམ་མང་བ་བཏང་ན་སྦྱངས་འབྲས་དེ་ཙམ་གྱིས་བཟང་བ་ཐོབ་པར་འདོད། དོན་དངོས་ཐོག་སློབ་མ་དེ་དག་གིས་དུས་ཚོད་མང་ཆེ་བར་སེམས་ཤུགས་གཅིག་སྡུད་བྱས་མེད་ཅིང་། དམིགས་ཡུལ་མེད་པ་དང་ངང་ཐུང་འཚབ་འཚུབ་ཀྱི་སྒོ་ནས་སློབ་སྦྱོང་བྱེད་ཀྱི་ཡོད།     དེ་ནས་གལ་ཆེ་བ་ནི་སློབ་སྦྱོང་གི་དུས་ཚོད་དེ་གཙོ་བོ་མིན་པར་འབད་བརྩོན་གྱི་བྱེད་ཐབས་དེ་གཙོ་བོ་ཡིན།
        བདུན་པ། ནན་ཏན།
        གོང་གསལ་དེ་དག་ཚང་མར་ངེས་པར་དུ་“ནན་ཏན་”ཡོད་དགོས་ཤིང་། དེ་མེད་ན་ཡོད་ཚད་ཆུད་ཟོས་སུ་འགྲོ་སྲིད། ནན་ཏན་ཡོད་པའི་སློབ་མས་ཅི་བསྒྲུབས་ནའང་ཡག་པོ་སྒྲུབ་ཐུབ། དེས་ན་སློབ་ཁྲིད་ལ་ནན་ཏན་གྱིས་ཉན་པ་དང་། ཁྱིམ་དུ་སོང་ནས་ལས་བྱ་ནན་ཏན་གྱིས་འབྲི་བ། ལུས་སྦྱོང་ནན་ཏན་གྱིས་བྱེད་པ།  རོལ་རྩེད་ནན་ཏན་གྱིས་རྩེ་བ་སོགས་བྱས་ན། ཡོད་ཚད་ཀྱིས་ཕྲུ་གུའི་ལུས་སེམས་དང་སློབ་སྦྱོང་ལ་ཕན་ཐོགས་སྲིད།
རྩོམ་སྒྲིག་པ།སྣང་རྡོར།