དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

ལས་ཚོགས་ལ་འགྲོ་མཁན་རྣམས་ཉིན་གུང་གཉིད་པའི་ཕན་ཡོན་བཞི།

སྤེལ་དུས 2020-08-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
ད་ལྟ།
ལས་ཁུངས་མང་ཆེ་བས་ལས་ཀའི་དུས་ཡུན་
ཆུ་ཚོད་བརྒྱད་ལ་གཏན་འཁེལ་བྱས་ཡོད་མོད།
ལས་སྣོན་བྱེད་པའི་སྣང་ཚུལ་ཡོངས་ཁྱབ་ཏུ་གནས། 
མི་མང་པོ་ཞིག་གིས་
རང་གི་ལས་གནས་ཐོག་ནས་
ཉིན་རེར་བསྟུད་མར་ཆུ་ཚོད་བཅུ་ལ་
ལས་ཀ་བྱེད་ཀྱིན་ཡོད་པས།
ངལ་རྩོལ་གྱི་དུས་ཚོད་ཚད་ལས་བརྒལ་འདུག


ཕྱི་དྲོའི་ལས་ཀ་ལ་བར་ཆད་མི་ཐེབས་ཕྱིར།
ཉིན་གུང་ངལ་གསོ་བྱེད་པ་དེ་དོན་དག་གལ་ཆེན་ཞིག་ཏུ་གྱུར་འདུག 
ཡིན་ནའང་ཉིན་གུང་གི་ངལ་གསོ་བྱེད་སྟངས་ལ་དོ་སྣང་བྱེད་དགོས་ཏེ། 
གཤམ་ནས་ང་ཚོས་རྒྱུན་ཤེས་ཁ་ཤས་ལ་རྒྱུས་ལོན་བྱ།


ལས་ཚོགས་ལ་འགྲོ་མཁན་རྣམས་ཉིན་གུང་གཉིད་ན་བཟང་ཆ་གང་དག་ཡོད་དམ།
གཅིག གནོན་ཤུགས་ཇེ་ཡང་དུ་འགྲོ་བ།
ལས་ཀའི་གནོན་ཤུགས་ཆེན་པོ་ཡོད་དུས།
ཉིན་གུང་དུས་ཡུན་ཐུང་ངུར་གཉིད་ཚེ།
གནོན་ཤུགས་ཇེ་ཡང་དུ་འགྲོ།


ལྷིང་འཇགས་དང་བདེ་སྣང་ཆེ་བའི་གནས་ཤིག་བཙལ་ནས།
ཅུང་ཙམ་གཉིད་ཚེ།
སེམས་ཁམས་ཞི་འཇགས་སུ་འགྲོ་བ་དང་།
གནོན་ཤུགས་ཆེན་པོ་ཐེབས་པ་ལས་བྱུང་བའི
ཕྲ་ཕུང་ཉམས་རྒུད་དུ་འགྲོ་བ་ཇེ་ཉུང་དུ་གཏོང་ཐུབ་པ་མ་ཟད།
གཉིད་ལས་སད་རྗེས།
གྲིམ་པོར་གནས་པའི་དབང་རྩ་དག་ཀྱང་ལྷོད་པར་འགྱུར།

གཉིས། ལས་ཕྱོད་ལྡབ་འགྱུར་གྱིས་འཕར་བ།


ད་ལྟའི་མི་རྣམས་ལ་ཉིན་གུང་གཉིད་པའི་གོམས་གཤིས་ཡོད་པ་མ་ཟད། 
གནའ་དེང་གི་མི་སྣ་གྲགས་ཅན་མང་པོ་ཡང་ཉིན་གུང་གཉིད་རྒྱུར་དགའ། 
དཔེར་ན།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཆིའུ་ཅིའར་གྱིས།
རྒྱལ་ཁའི་འབྲས་བུ་ནི།
ཉིན་གུང་གཉིད་པ་ལས་བྱུང་ཞེས་པ་དང་།
ཏ་ཧྥུན་ཆི་ཡི་སྒྱུ་རྩལ་ཐད་ཀྱི་གྲུབ་འབྲས་དག་ཀྱང་།
ཉིན་གུང་གཉིད་རྗེས་སེམས་ཤུགས་སླར་གསོ་བྱས་པ་ལས་བྱུང་བ་རེད།
ཞིབ་འཇུག་བྱས་པ་ལྟར་ན། 
ཐང་ཆད་པའི་མི་རྣམས་ཉིན་གུང་གཉིད་རྗེས། 
ལས་ཕྱོད་སྔར་ལས13%གྱིས་མཐོ་རུ་གྱུར་འདུག 


གསུམ། ཡིད་འཛིན་གྱི་ནུས་པ་ཆེ་རུ་འགྲོ་བ།

ཞིབ་འཇུག་མང་པོ་ཞིག་གིས་
ཉིན་གུང་གཉིད་པ་ལ་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་བྱས་ཤིང་། 
ཞིབ་འཇུག་ལས་ཤེས་གསལ་ལྟར་ན།
ཉིན་གུང་གཉིད་མཁན་དག་ལ་དྲན་པ་གསལ་པོ་ཡོད་འདུག 
ཉིན་གུང་གཉིད་ན་གཅིག་ནས་ངལ་དུབ་སེལ་ཐུབ་པར་མ་ཟད།
གཉིས་ནས་ཡིད་འཛིན་གྱི་ནུས་པ་མཐོ་རུ་བཏང་ནས།
ཀླད་ཤུགས་ཀྱི་ཟད་གྲོན་ལ་ཚོད་འཛིན་བྱེད་ཐུབ།
དེ་བས། ཉིན་གུང་ཅུང་ཙམ་གཉིད་རྗེས། 
བཅུ་ཕྲག་རིག་གནས་ཀུན་ལ་བྱང་བའང་།
དེ་འདྲའི་དཀའ་མོ་ཞིག་མིན་པ་འདྲ། 


བཞི། སྔར་ལས་གསར་གཏོད་ནུས་པ་ལྡན་པ།


ལས་ཀའི་དུས་ཡུན་རིང་དྲགས་ཚེ། 
མི་རྣམས་ཀྱི་ལུས་སེམས་གཉིས་ཀ་ངལ་དུབ་ཀྱིས་མནར་བར་བྱེད། 
འདིའི་སྐབས་སུ་བྱ་བ་ཅི་སྒྲུབ་རུང་རྣམ་རིག་གསལ་པོ་མེད་པ་དང་།
དྲི་བ་གང་ལ་ཐུག་ཀྱང་འཕྲལ་མ་ཉིད་དུ་ལན་སྟེར་ཐབས་བྲལ།
ཡིན་ནའང་།  ཉིན་གུང་ཅུང་ཙམ་གཉིད་ན། 
དབང་རྩའི་མ་ལག་ལ་ངལ་གསོ་བའི་གོ་སྐབས་ཐོབ་པས།
ཀླད་ཆེན་རྒྱུན་ལྡན་ལྟར་འཁོར་བསྐྱོད་བྱེད་ཐུབ།
དུས་ཡུན་ཐུང་ཐུང་གི་ནང་དུ།
ཁྱོད་ཀྱི་གསར་གཏོད་ཀྱི་བློ་གྲོས་རྒྱས་པར་བྱེད་པས།
ལས་ཀའི་ཁྲོད་འོད་སྟོང་ལྡན་པའི་གྲུབ་འབྲས་བསྐྲུན་ཐུབ།

རྩོམ་སྒྲིག་པ།སྣང་རྡོར།