དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

རྒན་ལགས་ཁྱེད་སྐུ་ལས་ཁག་སོང་།

སྤེལ་དུས 2020-09-10 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
            དགེ་རྒན་དུས་ཆེན་ནི་དགེ་རྒན་གྱིས་སློབ་གསོའི་བྱ་གཞག་ལ་ཕུལ་བའི་ལེགས་སྐྱེས་ལ་གདེང་འཇོག་བྱེད་པའི་ཉིན་མོ་ཞིག་རེད། 1985ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་ཚོགས་འདུ་ཐེངས་དགུ་པའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དགེ་རྒན་དུས་ཆེན་འཛུགས་རྒྱུའི་སྐོར་གྱི་གྲོས་གཞིར་གྲོས་འཆམ་བྱུང་སྟེ། 1985ལོའི་ཟླ་9ཚེས་10ཉིན་ཀྲུང་གོའི་དགེ་རྒན་དུས་ཆེན་དང་པོར་དངོས་སུ་གཏན་འཁེལ་བྱས་པ་རེད། 

            དེ་རིང་གི་དམིགས་བསལ་གྱི་དུས་ཆེན་ཉི་མོ་འདིར། བཀའ་དྲིན་ཅན་གྱི་དགེ་རྒན་ཁྱེད་རྣམས་ལ་ང་ཚོས་སྙིང་དབུས་ནས་བསྟོད་གླུ་འབུལ་འདོད་ཡོད། 
            བཤེས་གཉེན་བསྟོད་པའི་མཆོད་སྤྲིན།
            གངས་སྨྱོན་ཚུལ་ཁྲིམས།

            བཤེས་གཉེན་ལགས། སྟོང་གསུམ་གྱི་འཇིག་རྟེན་ཁམས་འདིར་ངས་ནམ་ཡང་བསྟོད་ཅིང་བཀུར་འདོད་པ་ནི་སྐུ་ཉིད་ཀྱི་ཐུགས་བརྩེའི་བྱམས་སྐྱོང་དང་། རྒྱ་ཆེ་བའི་ཤེས་ཡོན། ནམ་ཡང་གཞན་ཕན་གྱི་སླད་དུ་བུམ་པ་གང་འབྱོའི་ཚུལ་གྱིས་ཡོན་ཏན་ཕངས་མེད་དུ་སྦྱིན་པའི་མཛད་འཕྲིན་བཅས་ཡིན།
            བཤེས་གཉེན་ལགས། ལོ་རེའི་ཟླ་9པའི་ཚེས་10ཉིན་ནི་ཁྱེད་ལ་དབང་བའི་དུས་ཁྱད་པར་ཅན་ཞིག་རེད། ལོས་ཡིན། གནམ་འོག་འདི་ན་དུས་ཆེན་འདི་འདྲ་ཞིག་ཡོད་དགོས།
            བཤེས་གཉེན་ལགས། དེ་རིང་ལྷོད་ཤིག་གེར་བཞུགས་མཛོད། བྱིས་པའི་ཚོགས་ཀྱི་འུར་སྒྲ་དང་། རྡུལ་གྱིས་ཁེངས་པའི་ནག་པང་། རི་བོའི་གཏོས་ལ་འགྲན་པའི་སྦྱོང་ཚན། རི་རབ་ཀྱིས་མནན་འདྲའི་ཁུར་པོ་དེ་དག་རེ་ཞིག་བསྐྱུར་ནས་ལྷོད་ཤིག་གེར་བཞུགས་རོགས།
            བཤེས་གཉེན་ལགས། ངའི་རྣ་ལམ་དུ་དབྱངས་གསལ་གྱི་འགྱུར་ཁུག་སྙན་པོ་གནང་མཁན་དེ་ཁྱེད་རང་ཡིན། ཀྱག་ཀྱོག་ཡི་གེ་གཞུ་ལྟར་འཁྱོག་ཀྱང་། དོན་རྩ་མདའ་ལས་འདྲོང་བ་གནང་མཁན་ཁྱེད་རང་ཡིན། བླང་དོར་གྱི་བློ་མིག་འབྱེད་མཁན་ཁྱེད་རང་ཡིན། ཤེས་རིག་གི་གཤོག་ཟུང་གནང་མཁན་ཁྱེད་རང་ཡིན། མདོར་ན་ངའི་ཡོད་ཚད་ཁྱེད་ཀྱིས་གནང་བྱུང་།
            བཤེས་གཉེན་ལགས། དེ་རིང་དམིགས་བསལ་གྱི་ཉིན་འདིར། གློ་བུར་དུ་ང་རང་སློབ་ཆུང་འགྲིམས་པའི་ཉིན་དང་པོ་དེ་དྲན་འོང་།
            དེ་དུས་ཁྱེད་ཀྱིས་ལྷད་མེད་པའི་བྱམས་བརྩེ་ཞིག་གིས་ང་ལ་བསུ་བ་གནང་བྱུང་། ནམ་ཡང་བློ་ཡུལ་ལས་བརྗེད་དཀའ་བའི་བཀའ་མོལ་ཞིག་གིས་བསུ་བ་གནང་བྱུང་།
            དུས་དེ་ནས་བཟུང་། ང་རང་ཁྱེད་ཀྱི་བརྩེ་བའི་སྤྱན་གྱིས་གཟིགས་ཡུལ་ཞིག་དང་། གཡང་གཟར་གྱི་འཇིགས་པ་ལས་སྐྱོབ་ཡུལ་ཞིག མ་འོངས་རེ་ལྟོས་བཅོལ་སའི་བྱིས་པ་ཞིག་ཏུ་གྱུར་སོང་།
            དང་པོའི་སྐྱིལ་ཀྲུང་བཅའ་སྟངས་དང་། ཀ་ཁའི་སྒྲ་འདོན་སྟངས། སྨྱུ་གུ་བཟུང་ལུགས། མདོར་ན་ཡོད་ཚད་ཀྱི་གོམ་པ་དང་པོ་དེ་ནས་སྤོ་འགོ་བརྩམས་སོང་།
            དེ་ལྟར་ལོ་ཟླ་རིམ་གྱིས་འཁོར་ཞིང་། སྐས་ཀ་འཛེགས་འདྲའི་གོམ་འགྲོས་ཀྱིས་ངའི་བློ་མུན་རིམ་གྱིས་སེལ་བྱུང་།
            སྐབས་སྐབས་སུ་ངས་གལ་ཏེ་དགེ་བའི་བཤེས་གཉེན་མེད་ན། ངའི་ལས་དབང་གི་ལམ་སྣེ་གང་དུ་བཅོལ་ཡོད། བློ་རྨོངས་ཀྱི་མུན་པ་ཇི་ལྟར་སེལ། ཤེས་རབ་ཀྱི་རལ་གྲི་སུ་ཡིས་གནང་ཞེས་རང་གིས་རང་ལ་དྲི་བ་འདོན་གྱི་ཡོད།
            བཤེས་གཉེན་ལགས། ད་ལྟ་ང་རང་ཡང་ཁྱེད་ཀྱི་ལམ་དུ་ཞུགས་ཏེ་བཤད་ཁྲིད་སྟེགས་བུ་ཞིག་ནས་དཔེ་ཆའི་ཉིང་བཅུད་དག་སློབ་མའི་ཚོགས་ལ་སྦྱིན་བཞིན་ཡོད། ངོ་མ་ཁྱེད་རང་གིས་བརྒྱུད་པའི་ལམ་བུ་འདི་ཇི་འདྲའི་གཟི་བརྗིད་ལྡན་པ་ཞིག་དང་། དཀའ་ཚེགས་ཅན་ཞིག་ཡིན་པ་གསལ་ལེར་རྟོགས་འོང་།
རྩོམ་སྒྲིག་པ། སྣང་རྡོར།