དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

བོད་ཀྱི་བདེ་ཐང་ཨང་རྟཌ་གསར་པ་བཟོས་བཞག བེད་སྤྱོད་སྟངས་འདི་ལྟར་ཏེ།

སྤེལ་དུས 2020-12-25 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
           ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ས་ཁུལ(གྲོང་ཁྱེར)ཁག་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་། རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་ལྷན་ཁང་དང་། གཞུང་དོན་ཁང་། ཐིང་། ཅུས་བཅས་ལ། 
           2020ལོའི་ཟླ་གསུམ་པར་བོད་ཀྱི་བདེ་ཐང་ཨང་རྟགས་སྤྱོད་འགོ་ཚུགས་པ་ནས་བཟུང་། དེ་ལྗོངས་ཕྱིའི་མི་རང་ལྗོངས་སུ་ཡོང་དུས་ཀྱི་དཔང་ཡིག་གལ་ཆེན་ལ་གྱུར་ཡོད། དེ་ཡང་། གནམ་ཐང་དང་། མེ་འཁོར་འབབ་ཚུགས། ལམ་ཟུར་གྱི་ཞིབ་བཤེར་ས་ཚིགས་སོགས་བོད་དུ་ཡོང་སའི་འགག་སྒོས་འགྲུལ་པར་ཞིབ་བཤེར་བྱེད་པའི་ལས་དོན་ལ་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བྱས་ཡོད་པས། འགྲུལ་པར་ཞིབ་བཤེར་བྱེད་པའི་ལས་ཕྱོད་ཆེ་རུ་ཕྱིན་ཡོད། ཡིན་ནའང་ས་གནས་ཁག་གིས་དེ་སྔོན་གྱི་བོད་ཀྱི་བདེ་ཐང་ཨང་རྟགས་སྤྱོད་སྐབས་མི་འདང་བའི་ཆ་ཁག་གཅིག་ཡོད་པ་ཤེས་རྟོགས་བྱུང་ཡོད་སྟབས། རང་སྐྱོང་ལྗོངས་འགོ་ཁྲིད་ཀྱི་མཛུབ་ཁྲིད་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་སྣེ་ཁྲིད་དེ་ཀའོ་ཁྲེ་ཀུང་སིར་གསར་སྤེལ་བྱེད་དུ་བཅུག་སྟེ། བོད་ཀྱི་བདེ་ཐང་ཨང་རྟགས་གསར་པ(བོད་བདེ་བགྲོད)ཚོད་ལྟར་སྤྱད་ཡོད་པས། རེའུ་མིག་རྒྱོང་མཁན་གྱི་ཆ་འཕྲིན་བདེན་མིན་ཞིབ་བཤེར(ངོ་བཤེར)ཐུབ་པ་དང་འབྲེལ། ཉིན་བཅུ་བཞིའི་རིང་གི་འགྲོ་སྐྱོད་སྡོད་གསུམ་གྱི་གནས་ཚུལ་ལ་ཞིབ་བཤེར་དང་། ཉིང་སྐྱུར་བརྟག་དཔྱད་སྙན་ཞུར་ལྟ་བ། ས་ཚིགས་མི་སྣས་ཚ་བ་བལྟས་པའི་འབྲས་བུར་ལྟ་བ་སོགས་བྱེད་ཐུབ་ཀྱི་ཡོད། དེར་བརྟེན། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཞིབ་འཇུག་དང་མོས་མཐུན་བྱས་པ་བརྒྱུད། ཟླ་12ཚེས་23ཉིན་ནས་བཟུང་། ལྗོངས་ཡོངས་སུ་བོད་ཀྱི་བདེ་ཐང་ཨང་རྟགས་གསར་པ(བོད་བདེ་བགྲོད)གནམ་གྲུ་ཐང་དང་། མེ་འཁོར་འབབ་ཚུགས། འགག་སྒོ། ལམ་ཟུར་གྱི་ཞིབ་བཤེར་ས་ཚིགས། སྨན་བཅོས་སྒྲིག་གཞི། སློབ་གྲྭ་སོགས་མི་འདུ་འཛོམས་ཆེ་བའི་ཁུལ་དུ་བོད་ཀྱི་བདེ་ཐང་ཨང་རྟགས་གསར་པ(བོད་བདེ་བགྲོད)གློག་རྡུལ་གྱི་དཔང་ཡིག་ཏུ་འཛིན་དགོས། ས་གནས་དང་སྡེ་ཚན་ཁག་གིས་བོད་ཀྱི་བདེ་ཐང་ཨང་རྟགས་གསར་རྙིང་འབྲེལ་མཐུད་དང་ཁྱབ་གདལ་བེད་སྤྱོད་ལས་དོན་ཡག་པོ་སྒྲུབ་ཆེད་ཆེད་མངགས་བརྡ་ཐོ་འདི་བཏང་བ་ཡིན། 

           ཟུར་བཀོད། བོད་ཀྱི་བདེ་ཐང་ཨང་རྟགས་གསར་པ(བོད་བདེ་བགྲོད)སྤྱོད་སྟངས། 

ག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས།
2020ལོའི་ཟླ་12ཚེས་22ཉིན། 
           འབྲེལ་གཏུག་མི་སྣ། ལི་ཡུན་ཚུང་། 
           འབྲེལ་གཏུག་ཁ་པར། 18798916262
           “བདེ་ཐང་ཨང་རྟགས”ཐོ་འགོད་དང་སྤྱོད་སྟངས།


         གཅིག འགྲོ་འོང་བྱེད་མཁན། 
         1.རྩ་གཉིས་ཨང་རྟགས་བཤེར་ནས་སྐད་འཕྲིན་བྱ་རིམ་ཆུང་གྲས་ནང་དུ་འཛུལ་དགོས། སྐད་འཕྲིན་གྱི“བཤེར་ཙམ་གྱིས་དང”(扫一扫)ཞེས་པས“བོད་བདེ་བགྲོད”ཀྱི་སྐད་འཕྲིན་བྱ་རིམ་ཆུང་གྲས་ཀྱི་རྩ་གཉིས་ཨང་རྟགས་བཤེར་དགོས།  


“བོད་བདེ་བགྲོད”(藏易通)ཀྱི་སྐད་འཕྲིན་བྱ་རིམ་ཆུང་གྲས་ཀྱི་རྩ་གཉིས་ཨང་རྟགས།
          2.ཐོ་འགོད་དང་འབེབས་སྟངས། ཐོ་འགོད་ཅེས་པ་མནོན་དགོས། དེ་སྔོན་ཐོ་འགོད་མྱོང་མེད་ན། སྔོན་ལ་དྲན་སྐུལ་གཞིར་བཟུང་མི་སྒེར་གྱི་ཆ་འཕྲིན་རྒྱོང་བ་དང་། དེ་རྗེས་ངོ་རིས་བཤེར་ནས་ཐོ་འགོད་དགོས། ཐོ་བཀོད་རྗེས་བདེ་འཇགས་ཀྱི་གསང་བའི་ཨང་རྟགས་བཀོད་ནས་འཛུལ་དགོས། 

          3.བདེ་ཐང་གི་ཆ་འཕྲིན་སྙན་སེང་། དྲན་སྐུལ་གཞིར་བཟུང་བདེ་ཐང་གི་ཆ་འཕྲིན་རྒྱོང་དགོས།

          4.བདེ་ཐང་ཨང་རྟགས་སྟོན་སྟངས། ཁ་པར་གྱི་བྱ་རིམ་གཤམ་གྱི“ངའི”(我的)ཞེས་པ་མནན་ན། རང་ཉིད་ཀྱི་བདེ་ཐང་ཨང་རྟགས་དོན་ཡོང་གི་ཡོད།

          5.གཞན་གྱི་ཚབ་བྱས་ནས་བདེ་ཐང་ཨང་རྟགས་བཟོ་སྟངས། ཁྱིམ་ཚང་གི་ཁོངས་མི་ཞེས་པ་མནན་རྗེས་གསར་སྣོན་ཞེས་པ་གནོན་དགོས། དེ་ནས་གཞན་གྱི་ཆ་འཕྲིན་རྒྱོང་བ་དང་དེ་རྗེས་ངོ་རིས་བཤེར་ནས་ཐོ་འགོད་དགོས། གོ་རིམ་དེ་དག་ཚར་ན“ངའི”ཞེས་པ་མནན་ན་གཞན་གྱི་བདེ་ཐང་ཨང་རྟགས་དོན་ཡོང་གི་ཡོད། 

        6.ཉིང་སྐྱུར་སྙན་ཞུ་ཐོ་འགོད་དང་སྟོན་སྟངས། “ངའི”ཞེས་པའི་དྲ་ངོས་སུ་འཛུལ་ནས། ཉིང་སྐྱུར་བརྟག་དཔྱད་འདྲི་རྩད(核酸查询)ཞེས་པ་མནན་ན་དེ་དང་འབྲེལ་བའི་བརྟག་དཔྱད་འབྲས་བུ་དོན་པ་དང་། ཡང་ན་རང་ཉིད་ཀྱིས་བརྟག་དཔྱད་ཀྱི་འབྲས་བུ་ཐོ་འགོད་བྱས་ནའང་འགྲིག

         7.འགྲུལ་བཞུད་ཀྱི་ཆ་འཕྲིན་སྟོན་སྟངས། “ངའི”ཞེས་པའི་དྲ་ངོས་སུ་འཛུལ་ནས། འགྲུལ་བཞུད་ཀྱི་ཆ་འཕྲིན་འདྲི་རྩད(行程查询)ཅེས་པ་མནོན་དགོས་པ་དང་། ཁ་པར་གྱི་འཕྲིན་ཐུང་ནས་ར་སྤྲོད་ཨང་ཀི་བླངས་རྗེས་འཕྲལ་མར་འགྲུལ་བཞུད་ཀྱི་ཆ་འཕྲིན་འཚོལ་ཐུབ། 

        གཉིས། སྤྱི་པའི་འདུ་ར།
        1.འགྲོ་འོང་བྱེད་མཁན་གྱིས་གོང་གསལ་གྱི་བླང་བྱ་ལྟར“བདེ་ཐང་ཨང་རྟགས”ཐོ་འགོད་བྱས་ནས་སྟོན་དགོས། 
        2.ལས་དོན་བས་བདེ་ཐང་ཨང་རྟགས་ལ་བལྟས་ནས་ཚ་བ་ལྟ་དགོས། 
        3.ལས་དོན་བས་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་ཕྱེ་ནས་འགྲོ་འོང་བྱེད་མཁན་གྱི“བདེ་ཐང་ཨང་རྟགས”བཤེར་ཏེ་བལྟས་མ་ཐག་པའི་ཚ་བའི་གྲངས་གཞི་ཐོ་རུ་འགོད་དགོས།

        གསུམ། སྨན་ཉོས་པའི་ཆ་འཕྲིན་ཐོ་འགོད། 
        1.སྨན་ཉོ་མཁན་གྱིས་གོང་གསལ་གྱི་བླང་བྱ་ལྟར“བདེ་ཐང་ཨང་རྟགས”ཐོ་འགོད་དང་སྟོན་དགོས། 
        2.ལས་དོན་བས་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་ཕྱེ་ནས་སྨན་ཉོ་མཁན་གྱི“བདེ་ཐང་ཨང་རྟགས”བཤེར་ནས་སྨན་ཉོས་པའི་ཆ་འཕྲིན་ཐོ་རུ་འགོད་དགོས།
རྩོམ་སྒྲིག་པ། སྣང་རྡོར།