དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

གོམས་གཤིས་ངན་པ་འདི་དག་འདོར་ཐུབ་ན་ལུས་པོ་དེ་བས་བདེ་རུ་འགྲོ་སྲིད།

སྤེལ་དུས 2020-12-30 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

       1.ཆུ་འདང་ངེས་མི་འཐུང་བ།
       གཟུགས་པོའི་ཆ་ཤས་ཀྱི་ཆུ་ཕྲན་བུ་ལས་ཤོར་མེད་ནའང་ནུས་རྒྱུ་དོ་སྙོམས་ལ་ཤུགས་རྐྱེན་ཐེབས་སྲིད། གཟུགས་པོར་ཆུ་མ་འདང་ན་ཁྲག་གར་དུ་འགྲོ་བ་མ་ཟད། སྙིང་ཁམས་ཁྲག་རྩའི་མ་ལག་ནས་དབང་པོར་གསོ་རླུང་དང་འཚོ་བཅུད་སྐྱེལ་བའི་ནུས་པ་ཆུང་དུ་འགྲོ་ཡི་ཡོད།
       གྲོས་འགོ ལས་ཀ་བྱེད་རིང་གློག་ཀླད་ཡུན་རིང་སྤྱོད་དགོས་ན། ཆུ་མང་ཙམ་འཐུང་དགོས། གཟུགས་པོའི་ལྗིད་ཚད་÷2×28.5བྱས་ན་ཁྱེད་ཀྱིས་ཉིན་གཅིག་རིང་ཆུ་ཧའོ་ཧྲེང་ག་ཚོད་འཐུང་དགོས་མིན་ཤེས་སྲིད།

       2.གཟུགས་པོར་ལྕགས་རྒྱུ་མི་འདང་བ།
       གཟུགས་པོར་ལྕགས་རྒྱུ(铁)མ་འདང་ན། གསོ་རླུང་ཤ་གནད་དང་ཕྲ་ཕུང་ལ་འགྲོ་བར་སྐྱོན་རྒྱག་སྲིད་ལ། རིག་པ་མི་གསལ་བ་དང་། ཁོང་ཁྲོ་ལང་བདེ་བ། ལུས་ཟུངས་ཉམས་པ། བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་པ་བཅས་ཡོང་སྲིད།
       གྲོས་འགོ  ཚིལ་ཉུང་བའི་ཤ་དང་། སྲན་མ། སྒོ་ང་། སྔོ་ཚལ། ཤུན་པ་སྲ་བའི་ཤིང་ཏོག་སོགས་ཟ་དགོས་པ་མ་ཟད། འཚོ་བཅུད་Cལྡན་པའི་ཟས་རིགས་དང་མཉམ་དུ་བཟས་ནས་འཇུ་བདེ་རུ་གཏོང་དགོས།
       གཞན་ཡང་། མའེ་རྒྱུ(镁)མ་འདང་ནའང་དཀའ་ལས་ཁ་བདེ་པོ་ཡོད། ཡིན་ནའང་ཤིང་ཏོག་ངང་ལག་དང་ཞོག་ཁོག་བཟས་ནས་མའེ་རྒྱུ་གསབ་ཚེ། སྤྲི་དཀར་དང་། ཞག་ཚིལ། མངར་ཆ་བཅས་ལུས་ཟུངས་སུ་འགྱུར་བར་རམ་འདེགས་བྱེད་ཀྱི་ཡོད།

       3.ཟས་རིགས་ཆབ་ཆེབ་ལ་དད་པ།
       མི་མང་ཆེ་བ་ཁྱིམ་དུ་ལོག་རྗེས། ལྟད་མོ་ལྟ་གིན་ཟས་རིགས་ཆབ་ཆེབ་ཟ་རྒྱུར་དགའ་པོ་ཡོད། དེ་འདྲ་བྱས་ནས་ཡུན་རིང་སོང་ཚེ། ཁྲག་རྒྱུན་གྱི་མངར་ཆ་འཕར་ཆག་མགྱོགས་སུ་སོང་ནས། རང་ཉིད་དཀའ་ལས་ཁ་སླ་པོ་ཡོང་ངེས།
       གྲོས་འགོ  ཐཱན་ཆུའི་འདྲེས་སྦྱོར་དངོས་རྫས་ཀྱི་འཚོ་བཅུད་མང་བའི་ཟས་རིགས་དཔེར་ན། སྙེ་མ་ཅན་གྱི་ལོ་ཏོག་དང་། གྲོ་ཕྱེ། སྔོ་ཚལ་སོགས་ཀྱིས་ཁྲག་གི་མངར་ཆའི་རིགས་སྙོམས་པར་རམ་འདེགས་ཐུབ་པས། ཞག་ཚིལ་མང་བའི་ཟས་རིགས་ཉུང་ཙམ་ཟ་དགོས་པ་དང་ཡག་ཤོས་བྱུང་ན་ཚིལ་10%ཡི་ནང་ཚུན་དུ་ཚོད་འཛིན་བྱེད་དགོས།
       4.ཞོགས་ཟས་ཡག་པོ་མི་ཟ་བ།
       ཞོགས་ཟས་ཡག་པོ་བཟས་ན་གཞི་ནས་རྙིང་དོར་གསར་ལེན་ལ་སྐུལ་འདེད་དང་། ཉིན་གང་པོ་གྲུང་ཤ་དོད་པོ་ཡོང་སྲིད། གལ་སྲིད་ཞོགས་ཟས་མ་བཟས་ན་ཉིན་གང་ཉོབ་མདངས་སྐྱེ་བ་མ་ཟད། རིག་པའང་གསལ་པོ་ཡོང་མི་སྲིད།
       གྲོས་འགོ  སྙེ་མ་ཅན་གྱི་འབྲུ་རིགས་དང་། སྤྲི་དཀར། ཤིང་འབྲས། ཞག་ཚིལ་ཚད་རན་པོ་ལྡན་པའི་ཞོགས་ཟས་མང་ཙམ་ཟ་དགོས།
       5.དཀའ་ལས་ཁག་བས་ལུས་སྦྱོང་མི་བྱེད་པ།
       བྱེད་སྟངས་འདི་ནི་ཕྱིན་ཅི་ལོག་པ་ཞིག་རེད། ཞིབ་འཇུག་བྱས་པ་ལས་མངོན་དོན། ཡུན་རིང་སྡོད་རྒྱུར་གོམས་པའི་མི་དག་གཟའ་འཁོར་རེར་ལུས་སྦྱོང་ཐེངས་3དང་ཐེངས་རེར་སྐར་མ་20བྱས་ཚེ། གཟའ་འཁོར་6གི་རྗེས་སུ་མི་དེ་རིགས་དཀའ་ལས་ཁག་བདེ་པོ་མེད་པ་དང་ལུས་པོ་དེ་སྔོན་ལས་བདེ་བ་ཡོང་གི་ཡོད། རྒྱུན་གཏན་ནས་ལུས་སྦྱོང་བྱས་ཚེ་ལུས་པོའི་སྟོབས་ཤུགས་དང་ཐེག་ཤུགས་ཆེ་རུ་འགྲོ་བས། སྙིང་ཁམས་ཁྲག་རྩའི་མ་ལག་གིས་གསོ་རླུང་དང་འཚོ་བཅུད་ལྡན་པའི་དངོས་རིགས་ལུས་པོའི་ཆ་ཤས་གང་སར་སྐྱེལ་བར་རམ་འདེགས་བྱེད་ཐུབ།
       གྲོས་འགོ  ལུས་སྦྱོང་བྱས་ན་ངལ་དུབ་སེལ་གྱི་ཡོད། དཔེར་ན། ཞབས་བྲོ་རྒྱག་པ། འཆམ་འཆམ་ལ་འགྲོ་བ། རི་འཛེག་པ་སོགས་ལུས་སྦྱོང་འདི་རིགས་ལུས་པོར་ཕན་ཐོགས་ཆེན་པོ་ཡོད། གལ་ཏེ་ཉིན་གཅིག་གི་ལས་ཀས་རྐྱེན་པས་དཀའ་ལས་ཁག་དྲགས་ཏེ་རྩ་བ་ནས་འགུལ་སྐྱོད་བྱེད་མི་འདོད་ན། རྐང་པའི་འོག་ཏུ་སྔས་མགོ་ཅུང་མཐོ་ཙམ་བརྒྱབ་ནས་གན་རྐྱལ་དུ་ཉལ་ན་མགོ་བོར་ཁྲག་འཁོར་རྒྱུག་ཡག་པོ་ཐུབ་ནས་རིག་པ་དྭངས་སུ་འགྲོ་ཡི་ཡོད།

རྩོམ་སྒྲིག་པ། སྣང་རྡོར།