དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

ཁྱིམ་བདག་ནས་སྦྱོང་ཚན་བཟོ་བཅོས་རྒྱག་ཏུ་འཇུག་རིཊ་གཏན་དུ་འགོག

སྤེལ་དུས 2021-01-07 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
       མཚན་མོའི་ཆུ་ཚོད་བཅུ་པར་ལི་ལགས་ཕྱག་ནང་གི་ལས་མཇུག་སྒྲིལ་རྗེས། ཕྲུ་གུའི་སྦྱོང་ཚན་བཟོ་བཅོས་རྒྱག་འགོ་ཚུགས། ང་དང་སྐུ་ཟླ་དུས་རྒྱུན་དུ་ལས་སྣོན་བྱས་རྗེས་དུས་ཚོད་འཕྱི་པོ་ཆགས་འགྲོ་གི་འདུག ད་དུང་ཁྱིམ་དུ་ལོག་རྗེས་ཕྲུ་གུའི་སྦྱོང་ཚན་བཟོ་བཅོས་རྒྱག་དགོས། སེམས་ཀྱིས་སླེབས་སར་ལུས་པོས་སླེབས་ཐུབ་ཀྱི་མིན་འདུག་ཅེས་ལི་ལགས་ཀྱིས་དབུགས་ཐག་རིང་ངོ་ཞིག་འཐེན་ཞོར་དེ་ལྟར་བརྗོད།
       ང་ནི་ཀོང་ཞི་ཆོན་ཀྲོའུ་རྫོང་གི་སློབ་མའི་ཁྱིམ་བདག་ཞིག་ཡིན། ཕྲུ་གུའི་སྦྱོང་ཚན་སྣ་ཚོགས་ལ་ཁྱིམ་བདག་གིས་མིང་རྟགས་འགོད་དགོས་པ་མ་ཟད་རྗེས་དེད་བཟོ་བཅོས་རྒྱག་ཏུ་འཇུག་དགོས་ཀྱི་འདུག མཚམས་མཚམས་ལ་ཕྲུ་གུས་སློབ་སྦྱོང་བྱེད་པ་ལས་དཀའ་ལས་ཁག་པའི་ཚོར་སྣང་ཡོང་གི་འདུག་ཅེས་པ་འདི་གསར་འགོད་པས་མི་དམངས་དྲ་བའི་༼འགོ་ཁྲིད་ལ་སྐད་འཇོག་སའི་པར་ངོས་༽ལས་མཐོང་། སྐད་ཆ་འཇོག་མཁན་གྱི་ཁྱིམ་བདག་མང་པོས་ལི་ལགས་དང་འདྲ་བའི་བསམ་ཚུལ་གླེང་ཡོད་པ་རེད། ཚང་མས་ཁྱིམ་ཚང་དང་སློབ་གྲྭ་གཉིས་ཀྱིས་མཉམ་སྐྲུན་བྱས་པའི་ཐོག་མའི་བསམ་ཚུལ་བཟང་མོད། འོན་ཀྱང་ལས་བགོས་ཀྱི་དབྱེ་མཚམས་ད་དུང་སྔར་བས་ཁ་གསལ་བཟོ་དགོས་ཞེས་བསྟན་ཡོད།
       དེའི་གོང་སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་སི་ཀྲང་གཞོན་པ་ཡུས་ཝེ་ཡུའེ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ལས་སྒྲུབ་བཀོད་སྒྲིག་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་སྒྲུབ་སྤུས་ཚད་མཐོ་རུ་གཏོང་བ། རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་གསུམ་ཐད་ནས་ལས་སྒྲུབ་དོ་དམ་ལས་དོན་དོན་འཁྱོལ་ཡག་པོ་བྱ་དགོས། འབྲེལ་ཡོད་གཏན་འབེབས་ལས་འགལ་བ་དང་། ལྷག་པར་དུ་ཁྱིམ་བདག་ལ་སྦྱོང་ཚན་འབྲི་རུ་འཇུགཔ་པའམ་ཡང་ན་བཟོ་བཅོས་རྒྱག་དགོས་པའི་བླང་བྱ་འདོན་པ་སོགས་ཀྱི་བྱ་སྤྱོད་ཤེས་འཕྲལ་བཀའ་ཁྱབ་ཞིབ་གསལ་གྱི་བཀག་སྡོམ་དང་ཤེས་རྟོགས་གཅིག་བྱུང་ཚེ་ཐག་གཅོད་ནན་པོ་བྱེད་དགོས་ཞེས་བསྟན་གནང་ཡོད། 
       གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ་2018ལོ་ནས་ད་བར་ཧོ་པེ་དང་། ཧྲན་ཤིས། ནང་སོག ལིའོ་ཉིང་། ཀྲེ་ཅང་། ཧྲན་ཏུང་། ཀོང་ཏུང་། ཀོང་ཤི། ཧའེ་ནན། ཀུའེ་ཀྲོའུ། ཧྲའན་ཤིས་སོགས་ཞིང་ཆེན་བཅུ་ལྷག་ཙམ་གྱིས་སྔ་རྗེས་སུ་འབྲེལ་ཡོད་ཡིག་ཆ་བཏོན་ནས་བཙན་ཤེད་ཀྱིས་ཁྱིམ་བདག་ནས་སློབ་མའི་སྦྱོང་ཚན་བཟོ་བཅོས་རྒྱག་ཏུ་འཇུག་རིགས་མཚམས་འཇོག་བྱེད་དགོས་པའི་བྱ་སྤྱོད་སྤེལ་ཡོད། དཔེར་ན། ལིའོ་ཉིང་གིས་༼ལིའོ་ཉིང་ཞིང་ཆེན་གྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་སྦྱོང་ཚན་དོ་དམ་གྱི“བླང་བྱ་བཅུ”༽ཡི་ནང་དགེ་རྒན་གྱིས་ངེས་པར་དུ་རང་ཉིད་ངོ་མས་སྦྱོང་ཚན་བཟོ་བཅོས་རྒྱག་དགོས་པའི་བླང་བྱ་བཏོན་ནས་ཁྱིམ་བདག་གིས་སློབ་མའི་ཚབ་ཏུ་ངལ་རྩོལ་བྱེད་མི་ཆོག་ཅེས་གསལ་སྟོན་བྱས་ཡོད། དུས་ཐོག་ཏུ་རང་ཉིད་ཀྱིས་སྦྱོང་ཚན་བཟོ་བཅོས་མི་རྒྱག་པའི་དགེ་རྒན་གྱི་གོ་གནས་རིམ་སྤར་དང་། སྔོན་ཐོན་གཟེངས་རྟགས། ཕུལ་བྱུང་དགེ་རྒན་སོགས་ཀྱི་ཐོབ་ཐང་མེད་པ་བཟོ་རྒྱུ་དང་། སློབ་གྲྭའི་སློབ་སྤྱི་སྔོན་ཐོན་མི་སྣའི་དཔྱད་བསྡུར་དང་ཕུལ་བྱུང་དགེ་རྒན་འདེམས་པའི་ཐོབ་ཐང་མེད་པ་བཟོ་དགོས་ཞེས་བསྟན་ཡོད།
       གཞན་ཡང་ས་གནས་མང་པོ་ཞིག་གིས་ད་དུང་ཆེད་དོན་ལྟ་སྐུལ་ཁ་པར་ཁྱབ་བསྒྲགས་བྱས་ཡོད། དཔེར་ན། སློབ་གྲྭས་ཁྱིམ་བདག་ལ་སྦྱོང་ཚན་བཟོ་བཅོས་རྒྱག་ཏུ་འཇུག་པ་སོགས་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་ཚེ། འདི་དག་ལ་ཁ་པར་འདི་དག་བརྒྱབ་ནས་ཞུ་གཏུག་བྱས་ཆོག

རྩོམ་སྒྲིག་པ། སྣང་རྡོར།