དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

རྒྱུན་དུ་བྲོ་རྩི(味精)ཟས་ན་ལུས་ཕུང་ལ་གནོད་པ་ཡོད་དམ།

སྤེལ་དུས 2021-01-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        མི་ཤེས་ན་དྲིས་ཆོག རྒྱུན་དུ་བྲོ་རྩི(味精)ཟས་ན་ལུས་ཕུང་ལ་གནོད་པ་ཡོད་དམ།
        མེད།
        བྲོ་རྩི་ནི་ཧ་ཅང་བདེ་འཇགས་ཡིན།
        བྲོ་རྩི་ཡི་གྲུབ་ཆ་གཙོ་བོ་ནི་ཀུད་ཨེམ་སྐྱུར་གྱི་ནཱ་ཚྭ(钠盐)ཡིན་ལ། ཀུད་ཨེམ་སྐྱུར(谷氨酸)ནི་སྤྲི་དཀར་རྫས་ཀྱི་གཞི་རྩའི་གྲུབ་ཆ་ཞིག་ཡིན། 
        མི་དར་མ་ཞིག་གིས་ཉིན་རེར་སྤྲི་དཀར་རྫས་ཁེ་བཅུ་ཕྲག་ཟ་དགོས་ལ། དེའི་ནང་དུ་ཁེ10ཡན་གྱི་ཀུད་ཨེམ་སྐྱུར(谷氨酸)འདུས་ཡོད། བྲོ་རྫས་ཀྱི་ཚབ་ལྟར་ཉིན་རེར་བྲོ་རྩི་ནང་བཅུག་པའི་ཀུད་ཨེམ་སྐྱུར་རྒྱུན་པར་ཁེ1ལས་བརྒལ་མི་སྲིད་པས། དེ་དང་བསྡུར་ན། དངོས་གནས་གླེང་རིན་མེད་པ་ཞིག་རེད། 
        དེ་ལས་གཞན། བྲོ་རྩི་ཡང་རྫས་འགྱུར་བཟོ་ལས་ཀྱི་གྲུབ་རྫས་མ་ཡིན་ལ། དོན་དངོས་སུ་དེ་ནི་བསྙལ་བའི་ཐོན་རྫས་ཡིན་ཏེ། དེ་ནི་སྐྱེ་དངོས་ཕྲ་རབ་ཀྱིས་བསྙལ་བའི་འབྲུ་རིགས་དང་། བསིང་ཕྱེ་སོགས་རྒྱུ་ཆ་ཡིས་བཟོས་པ་ཡིན་པས། བཟོ་རྩལ་ནི་ཆང་བསྙལ་བ་དང་ཡང་ན་བྲོ་སྐྱུར་བཟོ་བ་དང་འདྲ། 

        ཚན་རིག་པ་རྣམས་ཀྱིས་སྔ་མོ་ནས་བྲོ་རྩི་ཡི་བདེ་འཇགས་རང་བཞིན་ལ་ཞིབ་འཇུག་བྱས་མྱོང་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྱང་དེ“ཆེས་བདེ་འཇགས”ཀྱི་གྲས་སུ་རྩིས་ཡོད། 
        བྲོ་རྩི་ཚ་པོ་བཟོས་རུང་སྐྲན་ནད་འབྱུང་མི་སྲིད། 
        ལ་ལས་བཤད་རྒྱུན་ལ་བྲོ་རྩི་ཚ་པོ་བཟོས་ནས་ཏུའུ120ཡན་ལ་སླེབས་ན། སྐྲན་ནད་འབྱུང་བའི་རང་བཞིན་ཅན་གྱི་ཅའོ་ཀུད་ཨེམ་སྐྱུར་ནཱ་འབྱུང་སྲིད་ཟེར། 
        འོན་ཀྱང་ཅའོ་ཀུད་ཨེམ་སྐྱུར་ནཱ་ཡིས་སྐྲན་ནད་སློང་མི་སྲིད་ཅིང་། མིའི་ལུས་ཕུང་ལ་མཚོན་ནའང་བདེ་འཇགས་ཡིན་ལ། བྲོ་རྩི་ཡི་བཅུད་ཤོར་དུ་བཅུག་པ་ཙམ་རེད། འདི་ཡང་ཟ་མ་ཁོག་མའི་ནང་ནས་མ་བཏོན་སྔོན་ལ་ད་གཟོད་བྲོ་རྩི་འདེབས་པའི་རྒྱུ་མཚན་གཙོ་བོ་དེ་རེད། 
        བཅུད་ཁ་སྣོན་བྱེད་པར་བཀོལ་བའི་བྲོ་རྫས་ཤིག་གི་ངོས་ནས་བརྗོད་ན་བྲོ་བཅུད་ཡལ་ན་དེ་ནི་ཀ་ལི་ཟ་མའི་ནང་ཀ་ལི་མེད་པ་དང་མཚུངས་པར་དགོས་མཁོ་མེད་པར་གྱུར་བ་རེད།

        བྲོ་རྩི་ཚད་རན་པོ་ཟ་དགོས། 
        བྲོ་རྩི་ནི་དངོས་གནས་བདེ་འཇགས་ཡིན་ལ་སྤྱོད་སྒོ་ཆེ་བའི་བཅུད་ལྡན་བྲོ་རྫས་ཤིག་རེད། 
        ཚོར་བའི་ཚན་རིག་ལས་བྲོ་བཅུད་དང་ཚྭ་གཉིས་ཀྱི་ཚོར་ཤུགས་ལ“ཕན་འབྲས་མཉམ་སྐྱེད”ཀྱི་ནུས་པ་ཐོན་ཐུབ་པར་བཤད། དཔེར་ན་ཚྭ་ཁེ1སྟེང་བྲོ་རྩི1བསྣན་ན་དེ་ནི་ཚྭ་ཁེ2སྣོན་པ་ལས་ཀྱང་ཚྭ་ཁ་པོ་ཡིན་ངེས། དེ་བས་འོས་འཚམ་གྱི་བྲོ་རྩི་དང་ཚྭ་སྤྱད་དེ་ཟས་རིགས་ནང་གི་ཚྭ་འོས་འཚམ་ཡིན་ན། དེའི་ནང་གི་ནཱ་ཡི་བསྡུར་ཚད་ཇེ་ཉུང་དུ་གཏོང་ཐུབ། 
        འོན་ཀྱང་ཚོད་མི་འཛིན་པར་མང་པོ་ཟ་མི་འོས།
        ང་ཚོ་ཚང་མས་ཤེས་གསལ་ལྟར། ནཱ་མང་དྲགས་ན་ཁྲག་ཤེད་ཇེ་མཐོར་འགྲོ་ངེས་ཡིན། བྲོ་རྩི་དང་ཚྭ་གཉིས་ཀར་ནཱ་མང་ཙམ་འདུས་ཡོད་པས་འོས་འཚམ་ཟས་ན་བཟང་།
རྩོམ་སྒྲིག་ང། སྣང་རྡོར།