དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

རིམས་ནད་ལ་ཁ་གཡར་བའི་ཁ་བསླུས་ལ་དོགས་ཟོན་གྱིས།

སྤེལ་དུས 2021-01-15 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
         ལོ་མགོ་ལོ་མཇུག་ལ་རྒྱལ་ནང་གི་ས་ཆ་ཁག་གཅིག་ཏུ་རིམས་ནད་མཆེད་པའི་སྣང་ཚུལ་ཐོན་ཡོད། ས་གནས་ཁག་གིས་ནུས་ཤུགས་ཡོད་རྒུས་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་ལས་དོན་ཡག་པོ་སྤེལ་བའི་འགག་རྩའི་དུས་དེར། རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་ཁྲིམས་འགལ་བས་རིམས་ནད་ལ་ཁ་གཡར་ནས་ཁ་བསླུས་རྒྱག་པའི་གནས་ཚུལ་ལྷག་རྒྱུར་དོགས་ཟོན་བྱེད་དགོས། 
         གཅིག རིམས་འགོག་དངོས་ཟོག་རྫུན་མ་བཙོངས་ནས་ཁ་བསླུས་རྒྱག་པ།

         རིམས་འགོག་གི་དུས་བབས་ལ་འགྱུར་བ་འགྲོ་བ་དང་བསྟུན་ནས། ཁ་རས་དང་དུག་སེལ་ཆུ་སོགས་རིམས་འགོག་དངོས་ཟོག་གི་དགོས་མཁོ་ཇེ་ཆེར་འགྲོ་བཞིན་ཡོད། མ་གཞི་ས་གནས་ཁག་ལ་དངོས་ཟོག་འདང་ངེས་ཡོད་ཀྱང་། ཁྲིམས་འགལ་བས་སྐད་འཕྲིན་དང་QQཚོགས་པ་སོགས་བརྒྱུད་ནས། བརྡ་ཆ་རྫུན་མ་སྤེལ་ཏེ་དྲ་གྲོགས་ཚོས་ཉོ་བར་བསླུ་བྲིད་བྱེད་ཀྱི་ཡོད། ཉོ་མཁན་གྱིས་དྲ་ཐོག་ནས་དངུལ་བསྐུར་རྗེས་ཁྲིམས་འགལ་བས་མྱུར་སྐྱེལ་བསྐུར་མའི་ཨང་ཐོ་རྫུན་མ་བསྐུར་གྱི་ཡོད། དེ་རྗེས་ཉོ་མཁན་ལ་དངོས་ཟོག་འབྱོར་གྱི་མེད་པ་དང་། “འཚོང་མཁན”དང་འབྲེལ་གཏུགས་བྱེད་སྐབས་རང་ཉིད་མིང་ཐོ་ནག་པོའི་ནང་བཅུག་ཟིན་ཡོད།
         དྲ་རྒྱའི་ཉེན་རྟོག་པས་དྲན་སྐུལ་བྱས་དོན། གལ་ཏེ་རིམས་འགོག་དངོས་ཟོག་མཁོ་ཚེ་ཚད་ལྡན་གྱི་ཟོག་ཉོའི་སྟེགས་བུ་ནས་ཉོ་བ་ལས་ལྐོག་ཏུ་ཉོ་འཚོང་བྱེད་མི་རུང་།
         གཉིས། སྨན་རྫུན་མ་བཙོངས་ནས་ཁ་བསླུས་རྒྱག་པ།

         མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ལ་དམིགས་བསལ་གྱི་ནུས་པ་ལྡན་པའི་སྨན་གཏན་ནས་མེད། འོན་ཀྱང་ཁྲིམས་འགལ་བ་ཁག་གཅིག་གིས་སྲིད་གཞུང་སྡེ་ཚན་དང་སྨན་རྫས་ཞིབ་འཇུག(སྨན་བཅོས)སྒྲིག་གཞི་སོགས་ཡིན་ཁུལ་བྱས་ནས་ཁ་པར་དང་འཕྲིན་ཐུང་སོགས་བརྒྱུད། དམིགས་བསལ་གྱི་ནུས་པ་ལྡན་པའི་སྨན་ཡོད་པའི་རྫུན་བཤད་དེ། གནོད་འཚེ་ཕོག་མཁན་ལ་ཉོ་རྒྱུའི་བསླུ་བྲིད་བྱས་ནས་ཁ་བསླུས་རྒྱག་གི་ཡོད།
         དྲ་རྒྱའི་ཉེན་རྟོག་པས་དྲན་སྐུལ་བྱས་དོན། ཏོག་གསར་གློ་ཚད་རིམས་ནད་ལ་དམིགས་ནས་བཟོས་པའི་སྨན་ཚང་མ་དབང་གྲགས་ལྡན་པའི་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པས“དམིགས་བསལ་གྱི་ནུས་པ་ལྡན་པའི་སྨན”གང་བྱུང་དུ་འོས་སྦྱོར་བྱེད་པར་ཡིད་ཆེས་མི་རུང་། 
རྩོམ་སྒྲིག་པ། སྣང་རྡོར།