དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

འོད་སྔོན་འགོག་པའི་མིག་ཤེལ་ཀྱིས་དངོས་ནས་མིག་ལ་སྲུང་སྐྱོང་ཐུབ་བམ།

སྤེལ་དུས 2021-03-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

         གློག་རྡུལ་ཐོན་རྫས་ཀྱིས་བསྐྱེད་པའི་མིག་ལ་ངལ་དུབ་འབྱུང་བ་དང་རྒྱང་སྒྲིབ་བྱུང་བ་སོགས་ཀྱི་གནད་དོན་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བ་དང་བསྟུན་ནས། འོད་སྔོན་འགོག་པའི་མིག་ཤེལ་བྲིན་འགོ་ཚུགས། མིག་ཤེལ་འདི་དག་གིས་གློག་རྡུལ་ཐོན་རྫས་ཀྱིས་བཟོས་པའི་གནོད་ལྡན་འོད་སྔོན་འགོག་ཐུབ་པ་དང་། མིག་གི་ངལ་དུབ་སེལ་བར་བྱེད་ཐུབ་ལ། ཐ་ན“རྒྱང་འགྲིབ་སྔོན་འགོག་”ཀྱང་བྱེད་ཐུབ་པས། དེ་ལ“མིག་མདངས་སྲུང་ཆས”ཞེས་ཀྱང་འབོད་ཀྱི་ཡོད། ཡིན་ནའང་དོན་དངོས་དེ་འདྲ་ཞིག་ཡིན་ནམ།

         མིག་ཤེལ་ཁག72ནང་ནས་ཁག19ཚད་ལོན་མེད་པ།  
         འོད་སྔོན་འགོག་པའི་གཤིས་ནུས་ཚད་མི་ལོན་པ།
         ཧྲང་ཧའེ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཉེ་ཆར་གློག་རྡུལ་ཚོང་དོན་སྟེགས་བུའི་ཐོག་བྲིན་པའི་འོད་སྔོན་འགོག་པའི་མིག་ཤེལ་ལ་ཆེད་དོན་ལྟ་སྐུལ་ཟུར་བཤེར་བྱས་པ་སྟེ། གློག་རྡུལ་ཚོང་དོན་སྟེགས་བུ5ཡི་འོད་སྔོན་འགོག་པའི་མིག་ཤེལ་ཐོན་རྫས་ཁག72ལ་ཞིབ་བཤེར་བྱས་ཤིང་།  རིན་གོང་སྒོར29.9ནས་སྒོར1130བར་ཡིན། ཞིབ་བཤེར་བྱས་པའི་འབྲས་བུ་ལ་འོད་སྔོན་འགོག་པའི་མིག་ཤེལ་ཁག72ནང་ནས་ཁག19ཚད་མི་ལོན་པ་དང་། ཚད་མི་ལོན་ཚད་ནི26.4%ཟིན་ཡོད། 

         འོད་སྔོན་འགོག་པའི་གཤིས་ནུས་ཚད་མི་ལོན་པ།
         རྒྱལ་ཁབ་མིག་ཤེལ་ཤེལ་ལེབ་གུ་གུ་ཤའི་ཐོན་རྫས་སྤུས་ཚད་ཞིབ་བཤེར་ལྟེ་གནས་ཀྱིས་ད་ཐེངས་ཀྱི་ཟུར་བཤེར་ལས་འགན་གྱི་འགན་འཁུར་ཞིང་། ཞིབ་བཤེར་ལག་རྩལ་པ་ཆེན་མོ་ཀྲང་ཞུས་ཅིན་གྱིས་བརྗོད་དོན། འོད་སྔོན་འགོག་པའི་གཤིས་ནུས་ཐོག་མར་ཞིབ་དཔྱད་ཚད་ལེན་བྱེད་སྐབས་ནཱ་སྨི380ནས500བར་གྱི་རླབས་ཚན་གྱི་འོད་སྔོན་བརྒྱུད་འཕྲོའི་བསྡུར་ཚད་ལ་ཞིབ་དཔྱད་བྱས་པ་ཡིན་ལ། ད་ཐེངས་ཀྱི་ཞིབ་དཔྱད་ཚད་ལེན་གྱི་དངོས་དཔེ་ལས་པའོ་ཅེ་རྟགས་ཅན(宝捷牌)དང་། ཁང་ཡིའུ་རྟགས་ཅན།(康友牌) ཧྥེ་གཡོད་རྟགས་ཅན་(斐乐牌)བཅས་ཀྱི་ཐོན་རྫས་ཁག་གསུམ་ཚད་ལོན་མེད་པ་ཤེས་རྟོགས་བྱུང་། དེ་ལས་ཐོན་རྫས་འདི་འོད་སྔོན་འགོག་པའི་མིག་ཤེལ་གྱི་ཐོན་རྫས་སུ་མི་གཏོགས་ཤིང་འགོག་སྲུང་གི་ནུས་པ་ཐོན་མི་ཐུབ་པ་མཚོན་པ་རེད་ཅེས་བཤད།  

         ཚོང་པས་བཀོད་པའི་འོད་སྔོན་འགོག་པའི་ཚད་གྲངས་དང་དོན་དངོས་ཚད་ལེན་བྱས་པའི་ཚད་གྲངས་གཉིས་མི་མཐུན་པ།  
     གསར་འགོད་པས་དོ་སྣང་བྱུང་བར། དྲ་ཐོག་ཚོང་དོན་སྟེགས་བུའི་ཐོག་བྲིན་ཚོང་བྱས་པའི་འོད་སྔོན་འགོག་པའི་མིག་ཤེལ་ནང་མང་པོ་ཞིག་ལ་འོད་སྔོན་འགོག་པའི་ཚད་གྲངས་ཞིབ་ཕྲ་བཀོད་ཡོད་པ་དང་། ཞིབ་དཔྱད་མི་སྣས་ཟུར་བཤེར་བྱེད་སྐབས་ཁྱོན་འོད་སྔོན་འགོག་པའི་མིག་ཤེལ་ཁག9ཡོད་པ་དང་། ཚོང་པས་བཀོད་པའི་འོད་སྔོན་བརྒྱུད་འཕྲོ་བསྡུར་ཚད་ནི་དོན་དངོས་དང་མི་མཐུན་པས། ཚད་མི་ལོན་པའི་ཐོན་རྫས་སུ་ཐག་གཅོད་བྱས་པ་རེད། 

         མང་ཆེ་བར་ཚོང་རྟགས་སྦྱར་ནས་ལས་སྣོན་བྱེད་པ། 
         ལྟ་ཞིབ་ཚད་ལེན་གྱི་ལག་རྩལ་པ་ཆེན་མོས་ངོ་སྤྲོད་བྱས་པར། གློག་རྡུལ་ཚོང་དོན་སྟེགས་བུའི་ཐོག་གི་འོད་སྔོན་མིག་ཤེལ་མང་ཆེ་བ་ནི་ཚོང་རྟགས་སྦྱར་ཏེ་ལས་སྣོན་བྱེད་པ་དེ་ཐོན་སྐྱེད་བྱེད་སྟངས་གཙོ་བོར་འཛིན་བཞིན་ཡོད། ད་ཐེངས་ཀྱི་ཟུར་བཤེར་བྱས་པའི་ཐོན་རྫས་ཁག72ཚང་མར་འོད་སྔོན་འགོག་པའི་ནུས་པ་ཡོད་ཅེས་བརྗོད་མོད། འོན་ཀྱང་ཐོན་རྫས་ཁག33གྱི་ཐོག་བཀོད་པའི་ལག་བསྟར་ཚད་གཞི་དེ་འོད་སྔོན་འགོག་པ་དང་འབྲེལ་བ་ཅི་ཡང་མེད། ལ་ལའི་ལག་བསྟར་ཚད་གཞི་ནི་མིག་ཤེལ་མཐའ་སྐོར་གྱི་ཚད་གཞི་ཡིན་པ་དང་། ལ་ལའི་ལག་བསྟར་ཚད་གཞི་ནི་ཉི་འོད་འགོག་པའི་མིག་ཤེལ་གྱི་ཚད་གཞི་རེད། ད་དུང་སྐོར་ཁག་གཉིས་ལ་ཐ་ན་ལག་བསྟར་ཚད་གཞི་ཡང་བཀོད་མེད་ཅེས་བཤད།

         ཕྱིར་འཚོང་ཁེ་ལས་ཀྱིས་ཕྱོགས་རེ་བའི་སྒོ་ནས་ཐོན་རྫས་ཀྱི་རིན་གོང་མར་གཅོག་པ། 
         སྤུས་ཀ་ཞན་པའི་རྒྱུ་ཆ་བེད་སྤྱོད་བྱེད་པ།
         ཤེས་རྟོགས་བྱུང་བར་གཞིགས་ན། འོད་སྔོན་བར་ཆོད་འགོག་སྨན་དང་འོད་སྔོན་སྐྱི་རིམ་ནི་འོད་སྔོན་འགོག་པའི་གཤིས་ནུས་ཐག་གཅོད་པའི་འགག་རྩའི་རྒྱུ་ཆ་རེད། ཁེ་ལས་ཁ་ཤས་ཀྱིས་མ་གནས་གྲོན་ཆུང་བྱ་ཆེད་ཕྱོགས་རེ་བའི་སྒོ་ནས་ཐོན་རྫས་ཀྱི་ཕྱིར་གཏོང་རིན་གོང་མར་བཅག་སྟེ་སྤུས་ཀ་ཞན་པའི་རྒྱུ་ཆ་བེད་སྤྱོད་བྱེད་བཞིན་ཡོད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཚད་མི་ལོན་པའི་འོད་སྔོན་འགོག་པའི་མིག་ཤེལ་ནང་མང་ཆེ་བ་ནི་ཚད་གཞི་དམའ་བའི་ཐོན་རྫས་ཡིན་པ་དང་། ཁག12ཀྱི་རིན་གོང་སྒོར200མན་ཡིན་པ་རེད།     
         ཆེད་མཁས་པས་བརྗོད་དོན། ཚད་མི་ལོན་པའི་འོད་སྔོན་འགོག་པའི་མིག་ཤེལ་གྱིས་འགོག་སྲུང་གི་ནུས་པ་ཐོན་མི་ཐུབ་པ་མ་ཟད། ཐོན་རྫས་ཁ་ཤས་ཀྱི་ཤེལ་ལེབ་ལས་མདོག་འགྱུར་བ་དང་གསལ་ཚད་མར་ཆག་པ་སོགས་ཀྱི་གནད་དོན་ཐོན་བཞིན་ཡོད། དུས་ཡུན་རིང་བོར་གྱོན་ན་མིག་ལ་ངལ་དུབ་འབྱུང་བ་དང་ན་ཟུག་ལངས་པ་སོགས་མི་བདེ་བའི་སྣང་ཚུལ་འབྱུང་སྲིད་ཅེས་བཤད།

         འོད་སྔོན་ཚང་མ་མེད་པར་བཟོ་དགོས་པ་ཡིན་ནམ། 
         རླབས་ཚན་ཆ་ཤས་ཀྱི་འོད་སྔོན་ནི་མིའི་ལུས་ཁམས་ལ་ངེས་པར་དུ་མཁོ་བའི་འོད་རེད།  
         ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་བརྟག་དཔྱད་བྱས་པ་ལྟར་ན། ཚོང་པ་མི་ཉུང་བ་ཞིག་གིས་ཚོང་བྲིན་པོ་ཡོང་ཆེད་འོད་སྔོན་འགོག་པའི་མིག་ཤེལ་འཚོང་སྐབས་འཚོ་བའི་ཁྲོད་དང་ལྷག་པར་དུ་གློག་རྡུལ་ཐོན་རྫས་ཀྱི་འོད་སྔོན་གྱི་གནོད་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་རེད། དེའི་ཐད་ཉེ་ཆར་ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་དྲན་སྐུལ་བྱས་པར། འོད་སྔོན་འཕྲོ་བ་དེ་དུས་ཚོད་དང་ཤུགས་ཚད་འདང་ངེས་ཤིག་ཏུ་སླེབས་ཚེ་ད་གཟོད་མཐོང་བྱེད་དྲ་སྐྱི་ལ་གནོད་འཚེ་ཕོག་སྲིད་པ་རེད་ཅེས་བསྟན། 
         ཤེས་རྟོགས་བྱུང་བར་གཞིགས་ན། འོད་སྔོན་རླབས་ཐག་དེ་ནཱ་སྨི380ནས500བར་ཡིན་ན། རང་བྱུང་ཁམས་ཀྱི་ཉི་འོད་ལས་གཞན། ལག་ཐོགས་ཁ་པར་དང་གློག་ཀླད་སོགས་གློག་རྡུལ་ཐོན་རྫས་ཀྱི་བརྙན་ཤེལ་དང་དེ་བཞིན་ནུས་གྲོན་གློག་སྒྲོན་དང་། LEDགློག་སྒྲོན་སོགས་མིས་བཟོས་འོད་ཁུངས་ཚང་མའི་ནང་འོད་སྔོན་ཡོད་པ་རེད།

         ཆེད་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། མཐོང་བྱེད་ཕྲ་ཕུང་གིས་དྲག་ཚད་མཐོ་བའི་རླབས་ཐུང་འོད་སྔོན་འཕྲོ་བ་དང་ལེན་བྱེད་སྐབས། བཟོད་ནུས་པའི་ཚད་དམའ་བས་གནོད་འཚེ་ཕོག་སླ་བ་རེད། འོན་ཀྱང་འོད་སྔོན་ཚང་མར་གནོད་པ་ཡོད་པ་ཞིག་ཀྱང་མ་ཡིན་ཏེ། རླབས་ཚན་ཁ་ཤས་ཀྱི་འོད་སྔོན་ནི་མིའི་ལུས་ཁམས་ལ་ངེས་པར་དུ་མཁོ་བའི་འོད་ཡིན་པས། མིའི་ལུས་ཁམས་ཀྱི་སྐྱེ་དངོས་ཆུ་ཚོད་དང་སེམས་ཁམས་སྙོམ་སྒྲིག་བྱེད་པ་སོགས་ཀྱི་ནུས་པ་ཐོན་བཞིན་ཡོད། དཔེར་ན། ནཱ་སྨི445ཡན་གྱི་འོད་སྔོན་དང་། ལྷག་པར་དུ་ནཱ་སྨི460ནས490བར་གྱི་རླབས་ཚན་གྱི་འོད་སྔོན་གྱིས་ནག་འབུད་རྒྱུའི་ཟགས་ཐོན་ཚོད་འཛིན་ལེགས་པོ་བྱེད་ཐུབ། གལ་ཏེ་དེ་དག་སྒྲིབ་ཚེ། མིའི་ལུས་ཁམས་ཀྱི་ཁྲག་ཤེད་དང་སྙིང་ཕྱོད་སོགས་རྒྱུན་ལྡན་གྱི་སྐྱེ་ལུགས་ལ་ཤུགས་རྐྱེན་ཐེབས་སྲིད། 


         ངོ་སྤྲོད་བྱས་པར་གཞིགས་ན། གློག་རྡུལ་ཐོན་རྫས་དང་མིས་བཟོས་འོད་ཁུངས་ཁྲོད་ཀྱི་འོད་སྔོན་གྱིས་མིའི་མིག་ལ་གནོད་འཚེ་ཡོད་མེད་ནི་དེར་འཕྲད་པའི་རླབས་ཚན་དང་། དྲག་ཚད། དུས་ཚོད་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་རག་ལས་ཡོད། གལ་ཏེ་ཉིན་རེར་འཆར་ངོས་ལ་བལྟ་བའི་དུས་ཚོད་ཅུང་ཐུང་ན་དམིགས་བསལ་གྱི་འགོག་སྲུང་མི་དགོས་ཤིང་། དུས་རྒྱུན་དུ་དུས་ཡུན་རིང་པོར་གློག་རྡུལ་འཆར་ངོས་ལ་བལྟ་དགོས་ན་འོད་སྔོན་འགོག་པའི་མིག་ཤེལ་ཞིག་གདམས་ནས་གྱོན་ཆོག
རྩོམ་སྒྲིག་པ། སྣང་རྡོར།