དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

སློབ་གྲྭ་གྲོལ་སྔ་དྲགས་པའི་དཀའ་ཁག་དེ་འདི་ལྟར་སེལ་ཆོག

སྤེལ་དུས 2021-03-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

         སློབ་གྲྭ་སྔ་མོ་ནས་གྲོལ་བའི་ཐོག་མའི་དམིགས་ཡུལ་ནི་ཁྱིམ་བདག་ཚོའི་ཁུར་པོ་ཇེ་ཡང་གཏོང་ཆེད་ཡིན། འོན་ཀྱང་སྲིད་ཇུས་དེ་དངོས་སུ་ལག་བསྟར་བྱས་པའི་བརྒྱུད་རིམ་ཁྲོད་དང་པོའི་རེ་འདུན་དང་རྒྱབ་འགལ་ཕྱིན་ནས་ཁྱིམ་བདག་དང་སློབ་མའི་ཁུར་པོ་ལྕི་རུ་བཏང་ཡོད། སློབ་གྲྭ་གྲོལ་བའི་དུས་ཚོད་སྔ་དྲགས་པའི་རྐྱེན་གྱིས་ཁྱིམ་བདག་གིས་འགྲོ་སོང་འཐོལ་པ་བཏང་ནས་ཕྲུ་གུ་ཚོང་ལས་ཚབ་ཉར་ཁང་དུ་སྐྱེལ་དགོས་བྱུང་བ་དང་། དགེ་རྒན་ཁ་ཤས་ཀྱིས་སློབ་ཕྱིར་སྒྲིག་འགལ་ངང་གསབ་སྦྱོང་འཛིན་གྲྭ་གཉེར་ཡོད།
         ཉེ་སྔོན་སློབ་གསོ་པུའི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། འོས་འགན་སློབ་གསོ་སློབ་ཕྱིའི་ཞབས་ཞུ་ཕྱོགས་ཡོངས་ལ་ཁེབས་རྒྱུར་སྐུལ་འདེད་གཏོང་དགོས། ད་ལྟ་རྒྱལ་ཡོངས་སུ་ཞིང་ཆེན་ཉི་ཤུས་སློབ་གྲྭ་ཆུང་འབྲིང་གི་སློབ་ཕྱིའི་ཞབས་ཞུའི་སྲིད་ཇུས་བཏོན་ཡོད། འོན་ཀྱང་ས་ཆ་ཁ་ཤས་ལ་ད་དུང་ཡང་དགོང་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀར་སློབ་གྲྭ་གྲོལ་བའི་དཀའ་ཁག་དེ་སྔར་བཞིན་གནས་ཡོད་པས་སློབ་མ་དང་ཁྱིམ་བདག་གཉིས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས་ན་སློབ་གྲྭ་ཚང་མས་མཉམ་དུ་འབད་བརྩོན་བྱ་དགོས།
         སློབ་ཕྱིའི་ཞབས་ཞུ་ཁྱོན་ཡོངས་ལ་ཁེབས་པ་བྱ་རྒྱུ་དེ་ཁྱིམ་བདག་གིས་ཕྲུ་གུ་བསུ་བའི་དཀའ་ངལ་ཁོ་ན་སེལ་རྒྱུའི་ཆེད་དུ་མ་ཡིན། སློབ་གྲྭ་གྲོལ་བའི་དུས་ཚོད་ནར་འགྱངས་གཏོང་བར། སློབ་མར་བདག་སྐྱོང་དོ་དམ་བྱེད་པའི་ཞབས་ཞུ་བསྒྲུབ་དགོས་པ་མ་ཟད། སློབ་མའི་དགའ་ཕྱོགས་དང་མཐུན་པའི་སློབ་ཚན་ཁྲིད་པ་དང་། སློབ་མའི་སྦྱོང་ཚན་ལ་མཛུབ་ཁྲིད་བྱེད་པ་སོགས་སློབ་ཕྱིའི་ཞབས་ཞུའི་སྤུས་ཚད་ཀྱང་མཐོ་རུ་གཏོང་དགོས། སློབ་གྲྭའི་སློབ་གསོའི་འགན་འཁྲི་ཤུགས་ཆེར་བཏང་ཚེ་ད་གཟོད་སློབ་མ་དང་ཁྱིམ་བདག་གི་ཁུར་པོ་ཇེ་ཡང་དུ་གཏོང་ཐུབ།
         གཞན་ཡང་། སློབ་གྲྭའི་འགན་འཁྲི་ཤུགས་ཆེར་གཏོང་བར་སློབ་གྲྭའི་རྒྱབ་ཕྱོགས་ཞབས་འདེགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་སྨོས་མེད་ཡིན། སློབ་གསོ་སྡེ་ཁག་གིས་ས་གནས་སོ་སོའི་སྲིད་གཞུང་དང་མཉམ་དུ་བྱ་སྤྱོད་སྤེལ་ཏེ། སློབ་ཕྱིའི་ཞབས་ཞུའི་འགྲོ་གྲོན་གནད་དོན་ཐག་གཅོད་ཏག་ཏིག་བྱེད་པ་དང་། དགེ་རྒན་གྱི་སྟོབས་ཤུགས་དང་དགེ་རྒན་གྱི་ཡོང་འབབ་འགན་ལེན་བྱེད་པ། སློབ་གྲྭ་དང་དགེ་རྒན་གྱི་ཧུར་སེམས་སྐུལ་སློང་བཅས་བྱ་དགོས།
རྩོམ་སྒྲིག་པ། སྣང་རྡོར།