དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

སློབ་གྲྭ་དང་ལས་ཚོགས་གྲོལ་ཚད་བར་གྱི་འགལ་རྐྱེན།

སྤེལ་དུས 2021-03-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
       ཉེ་སྔོན་སློབ་གསོ་པུས་བསྟན་དོན། འོས་འགན་སློབ་གསོ་སློབ་གྲྭའི་སློབ་ཕྱིའི་ཞབས་ཞུ་ཡོངས་ལ་ཁེབས་པར་སྐུལ་འདེད་དོན་འཁྱོལ་གཏོང་པ་དང་། དུས་ཚོད་བཀོད་སྒྲིག་ས་གནས་དེ་གའི་རྒྱུན་ལྡན་གྱི་ལས་ཚོགས་གྲོལ་ཚད་དང་འབྲེལ་མཐུད་དམ་པོ་བྱས་ཏེ་ངེས་པ་དོན་གྱིས་ཁྱིམ་བདག་གིས་བྱིས་པ་ལེན་པའི་དཀའ་ཁག་ཐག་གཅོད་བྱེད་དགོས། 
       “ཆུ་ཚོད་གསུམ་དང་ཕྱེད་ཀའི་དཀའ་ཁག”དེ་སྔ་མོ་ནས་ཡོད་པ་ཞིག་ཡིན་ལ་དེ་ནི་ཁྱིམ་ཚང་མང་པོའི་དཀའ་ཁག་ཆེ་ཤོས་ཤིག་ཏུ་གྱུར་ཡོད། ས་གནས་ལ་ལའི་ཐོག་མའི་དམིགས་ཡུལ་ནི་འགན་ཁུར་ཇེ་ཡང་གཏོང་ཆེད་ཡིན་ནའང་། སློབ་མ་སློབ་གྲྭར་གཅིག་བསྡུས་སློབ་སྦྱོང་བྱེད་པའི་དུས་ཚོད་ཚོད་འཛིན་དམ་པོ་བྱས་ཏེ། སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་བཅས་ཀྱི་སློབ་མའི་ཉིན་རེའི་སློབ་ཁྲིད་དུས་ཡུན་ནི་རེ་རེ་བཞིན་ཆུ་ཚོད་དྲུག་དང་བདུན། བརྒྱད་བཅས་ལས་བརྒལ་མི་རུང་ཞིང་། སྔོན་ཆད་དུས་ཚོད་ལྔ་དང་ཕྱེད་ཀའི་སྟེང་སློབ་གྲྭ་གྲོལ་བ་དེ་ད་ལྟའི་དུས་ཚོད་གསུམ་དང་ཕྱེད་ཀར་བསྒྱུར་ནས་ལས་བྱ་འབྲི་བ་སོགས་ཀྱི་འགན་ཁུར་ཁྱིམ་བདག་དང་སྤྱི་ཚོགས་ལ་སྤྲད།
       ཁྱིམ་བདག་མང་པོར་ཕྱོགས་གཅིག་ནས་དུས་ཚོད་ཀྱི་ཚད་བཀག་ཆེ་བའི་བྱ་བས་ཚོད་འཛིན་ཐེབས་པ་དང་ཕྱོགས་གཞན་ཞིག་ནས་ཕྱི་དྲོར་བྱིས་པ་ལེན་དགོས་པས་དེ་གཉིས་བར་ལ་འགལ་ཟླ་བྱུང་འདུག གལ་ཏེ་བྱིས་པ་ཚབ་གཉེར་འཛིན་གྲྭའམ་གསབ་སྦྱོང་འཛིན་གྲྭར་བསྐྱལ་ཚེ་གླ་རིན་འབོར་ཆེན་དང་དུས་ཚོད་མང་པོ་འཕྲོ་བརླག་ཏུ་འགྲོ་བ་མ་ཟད་སྒྲིག་འགལ་གསབ་སྦྱོང་གི་ཁོངས་སུའང་ཚུད་ངེས།
       ཞིབ་འཇུག་འབྲས་བུ་ལས་མངོན་པ་ལྟར་ན། ཆུ་ཚོད་གསུམ་དང་ཕྱེད་ཀའི་དཀའ་ཁག་བྱུང་རྗེས་སློབ་མ་མང་ཆེ་བའི་ཁྱིམ་སྦྱོང་ལས་བྱ་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་པ་དང་མཛུབ་སྟོན་སྣེ་ཁྲིད་འཛིན་གྲྭའང་སྔོན་ཆད་ལས་ཇེ་མང་དུ་སོང་ཡོད་པས། ཁྱིམ་ཚང་བར་གྱི་འགྲན་རྩོད་དེ་གཟའ་མཇུག་གི་གུང་གསེང་ནས་སློབ་གྲྭ་གྲོལ་རྗེས་བར་རྒྱ་བསྐྱེད་པ་དང་སློབ་གྲྭའི་ནང་ཁུལ་ནས་ཕྱི་ཡུལ་བར་རྒྱ་བསྐྱེད་པས་ཁྱིམ་བདག་དང་བྱིས་པ་གཉིས་ཀའི་གནོན་ཤུགས་དུས་མཉམ་དུ་ཇེ་ལྗིད་ལ་སོང་ཡོད།

       དགེ་རྒན་ཁ་ཤས་ཀྱིས་སྒྲིག་འགལ་ངང་གསབ་སྦྱོང་འཛིན་གྲྭར་ཞུགས་ནས་ཞོར་ལས་གཉེར་པ་དང་སློབ་ཁྲིད་སྐབས་སུ་དམིགས་ཡུལ་ཡོད་པའི་སྒོ་ནས་དོན་ཚན་རེ་འགའ་མ་ཁྲིད་པར་ཆེད་དུ་གསབ་སྦྱོང་སྐབས་སུ་གླ་ཕོག་ལེན་པར་དམིགས། སློབ་མ་སློབ་གྲྭ་རུ་ཡོད་པའི་དུས་ཡུན་ཇེ་ཐུང་དུ་བཏང་པས་གསབ་སྦྱོང་འཛིན་གྲྭར་མི་ཞུགས་དབང་མེད་དུ་གྱུར་པ་དེས་འོས་འགན་སློབ་གསོ་དྲང་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་བར་ཆད་ཆེན་པོ་ཐེབས། ས་གནས་ལ་ལས་དུས་འགྱུར་ལྡོག་རང་བཞིན་གྱི་སློབ་གྲྭ་གྲོལ་ཚད་ལག་བསྟར་བྱས་ཤིང་སློབ་ཁྲིད་རྗེས་ནས་གསབ་སྦྱོང་ཞབས་ཞུ་མཁོ་འདོན་བྱས་ཀྱང་ཕན་ནུས་ཤིན་ཏུ་ཆུང་བས་ཁྱིམ་བདག་ཚོས་སྔར་བཞིན་བྱིས་པ་ གསབ་སྦྱོང་འཛིན་གྲྭར་བསྐྱལ།
       ཆུ་ཚོད་གསུམ་དང་ཕྱེད་ཀའི་དཀའ་ཁག་ཐག་གཅོད་བྱ་དགོས་ཚེ། ཐོག་མར་སུའི་ཆེད་དུ་ཡིན་པའི་གནད་དོན་ལ་བསམ་གཞིགས་གཏོང་དགོས། སློབ་གསོ་པུའུ་དང་སློབ་གྲྭ དགེ་རྒན་བཅས་ཀྱི་བསམ་བློ་གཅིག་མཐུན་ཡོང་དགོས། སློབ་གྲྭ་ག་གེ་མོས་སློབ་གྲྭ་གྲོལ་ཚད་ཇེ་འགོར་དུ་བཏང་ཚེ་དགེ་རྒན་གྱི་ལས་འགན་དང་བྱིས་པའི་འགན་འཁྲི་ཇེ་ལྗིད་དུ་བཏང་འགྲོ་བར་བསམ། འོན་ཀྱང་སློབ་མ་དང་སྤྱི་ཚོགས་ལ་མཚོན་ན་ཁྱིམ་བདག་རྣམས་ཀྱི་སེམས་ཁུར་སེལ་ཡོད་པ་རེད། 
       སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཁ་ཤས་ཀྱིས་སྒྲིག་འགལ་ངང་སློབ་གྲྭ་ཕྱིའི་གསབ་སྦྱོང་འཛིན་གྲྭར་ཞུགས་ནས་ཞོར་ལས་གཉེར་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་སློབ་གྲྭ་ནས་སློབ་ཁྲིད་སྡོད་ཡུན་ཤིན་ཏུ་ཐུང་པས་རེད། མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་བསམ་གཞིགས་གཏོང་བྱ་ནི་སློབ་ཕྱིའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་མིན་དེ་མ་ཡིན་པར། ཅི་ལྟར་མཁོ་འདོན་བྱ་རྒྱུ་དང་མཁོ་འདོན་ཅི་ཞིག་བྱ་རྒྱུ། ཞབས་ཞུའི་སྤུས་ཚད་ཅི་ལྟར་ཁག་ཐེག་བྱེད་དགོས་ཚུལ་སྐོར་རེད།
       དེ་ནས་འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་ལས་རིགས་སོ་སོ་ཁག་གིས་ཀྱང་“ཆུ་ཚོད་གསུམ་དང་ཕྱེད་ཀའི་དཀའ་ཁག”ཐག་གཅོད་ཐད་རོགས་འདེགས་བྱེད་དགོས། སློབ་གྲྭས་སློབ་གྲྭ་གྲོལ་ཚད་ཇེ་འགོར་དུ་གཏོང་དགོས་པ་དང་འབྲེལ་ཡོད་ཞབས་ཞུ་སྒྲུབ་མཁན་གྱི་དགེ་རྒན་ལ་ལས་སྒོ་དཔྱད་ཞིབ་སྟེང་ནས་མངོན་དགོས།
       དེ་ལས་གཞན་ད་དུང་། སློབ་གྲྭ་གྲོལ་བའི་དུས་ཚོད་གོང་རིམ་ནས་གཅིག་གྱུར་ངང་གཏན་འབེབས་བྱས་ཏེ་ཁྱིམ་བདག་ལ་ལན་གསལ་བོ་སྟེར་པ་དང་སློབ་ཕྱིའི་ཞབས་ཞུ་དང་ལས་ཚོགས་གྲོལ་བའི་དུས་ཚོད་བར་འབྲེལ་མཐུད་ཡོང་རྒྱུ་མངོན་འགྱུར་བྱེད་དགོས། མིག་སྔའི་གནས་ཚུལ་ལྟར་ན། སློབ་མ་དང་ཁྱིམ་བདག་གཉིས་ཀའི་འགན་ཁུར་ཇེ་ཡང་གཏོང་བའི་དམིགས་ཡུལ་མངོན་འགྱུར་འབྱུང་དགོས་ཚེ། སློབ་གསོ་སྡེ་ཁག་དང་སློབ་གྲྭ་གཉིས་ཀྱིས་འགན་འཁྲི་དང་ལེན་བྱེད་དགོས་པ་དང་མཐའ་ན་རང་འགུལ་ངང་འགན་ཁུར་ཇེ་ཡང་དུ་གཏོང་དགོས།
       སློབ་མས་སློབ་གྲྭ་ནས་ལས་བྱ་འབྲི་བ་སོགས་སྦྱོང་ཚན་མི་ཉུང་བ་ཞིག་སྒྲུབ་ཚར་བའི་ཁར། ད་དུང་སློབ་མའི་ལུས་སེམས་བདེ་ཐང་ལ་ཕན་པའི་ལུས་རྩལ་དང་སྒྱུ་རྩལ་སོགས་སློབ་ཕྱིའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཁྱིམ་བདག་དང་སློབ་མས་སློབ་གྲྭ་ཕྱིའི་གསབ་སྦྱོང་འཛིན་གྲྭར་བརྟེན་མི་དགོས་པར་བྱེད་དགོས།
རྩོམ་སྒྲིག་པ། སྣང་རྡོར།