དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

གློག་རྡུལ་ཐ་མག་སོཊ་རྡོ་ཐའི་ཐོན་རྫས་གསར་པར་ལྟ་སྐུལ་དོ་དམ་བྱ་རྒྱུ།

སྤེལ་དུས 2021-03-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ་ལྟར་ན། སྔར་ལས་ལྷག་པར་གློག་རྡུལ་ཐ་མག་སོགས་རྡོ་ཐའི་ཐོན་རྫས་རིགས་གསར་པའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆེད། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུད་ཀྱིས་《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྡོ་ཐ་ཆེད་འཚོང་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག>ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)》ལ་ཞིབ་འཇུག་དང་འཆར་ཟིན་བཀོད་པ་དང་། སྤྱི་ཚེས་22ཉིན་སྤྱི་ཚོགས་ཡོངས་ལ་ཡོངས་བསྒྲགས་ཀྱིས་བསམ་འཆར་བསྡུ་ལེན་བྱས་ཡོད་པ་རེད།

           བསམ་འཆར་བསྡུ་ལེན་མ་ཟིན་ནང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྡོ་ཐ་ཆེད་འཚོང་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》གི་ཟུར་དོན་ཁྲོད་དུ་“གློག་རྡུལ་ཐ་མག་སོགས་རྡོ་ཐའི་ཐོན་རྫས་རིགས་གསར་པར་སྲོལ་ཡིག་འདིའི་ཐ་མག་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལ་དཔེ་བལྟས་ནས་ལག་བསྟར་བྱེད་པ”ཞེས་པ་བསྣན་ཡོད་པ་བསྟན་ཡོད།
           སྡེ་ཁག་གཉིས་ཀྱིས་བསམ་འཆར་བསྡུ་ལེན་མ་ཟིན་གྱི་གསལ་བཤད་ཁྲོད་དུ། ཉེ་བའི་ལོ་ཤས་ནང་གློག་རྡུལ་ཐ་མག་སོགས་རྡོ་ཐའི་ཐོན་རྫས་རིགས་གསར་པའི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་སུ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་རབ་དང་རིམ་པ་ཐོན་ཡོད་པས། ལག་བསྟར་སྲོལ་ཡིག་ལ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བའི་དགོས་གལ་ཆེ་བ་དང་། དུས་འགོར་བརྟག་དཔྱད་ཞིབ་འཇུག་དང་དཔྱད་དཔོག རིགས་སྒྲུབ་སོགས་གང་ལེགས་བྱས་པའི་རྨང་གཞིའི་ཐོག གློག་རྡུལ་ཐ་མག་ཐོན་རྫས་ཀྱི་ཁྱད་ཆོད་དང་ཁྲོམ་རའི་འཕེལ་རྒྱས་གནས་ཚུལ་དང་ཟུང་འབྲེལ་བྱས་ཤིང་། རྒྱལ་སྤྱིའི་ལྟ་སྐུལ་དོ་དམ་ཉམས་མྱོང་བསྡུ་ལེན་བྱས་ཏེ། ཞིབ་འཇུག་བརྒྱུད་བསམ་འཆར་བསྡུ་ལེན་མ་ཟིན་འདི་གྲུབ་པ་རེད་ཅེས་བསྟན་ཡོད།


           གསལ་བཤད་ལྟར་ན། ཐེངས་འདིའི་ལག་བསྟར་སྲོལ་ཡིག་གི་བཟོ་བཅོས་ལ་གཙོ་བོ་ཕྱོགས་གསུམ་ནས་བསམ་གཞིགས་བྱས་ཡོད་དེ།
           གཅིག་ནི་གློག་རྡུལ་ཐ་མག་གི་ལྟ་སྐུལ་དོ་དམ་ཁྲིམས་ལུགས་ཅན་ལ་སྐུལ་འདེད་བཏང་ནས། གློག་རྡུལ་ཐ་མག་སོགས་རྡོ་ཐའི་ཐོན་རྫས་རིགས་གསར་པར་ལྟ་སྐུལ་དོ་དམ་བྱེད་པའི་ཁྲིམས་ལུགས་ཀྱི་གཞི་འཛིན་ས་གཏན་འཁེལ་བྱེད་པ་མ་ཟད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ན་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་འབྲེལ་མཐུད་ལེགས་པོ་བྱེད་པ། 
           གཉིས་ནི་གློག་རྡུལ་ཐ་མག་སོགས་རྡོ་ཐའི་ཐོན་རྫས་རིགས་གསར་པ་དང་སྲོལ་རྒྱུན་ཐ་མག་གི་གྲུབ་ཆ་གཙོ་བོ་དང་ཐོན་རྫས་བྱེད་ནུས། འཛད་སྤྱོད་བྱེད་སྟངས་སོགས་ཀྱི་ཐད་ལ་ངོ་བོ་གཅིག་མཚུངས་རང་བཞིན་ལྡན་པར་གཞིགས་ནས། གློག་རྡུལ་ཐ་མག་སོགས་རྡོ་ཐའི་ཐོན་རྫས་རིགས་གསར་པར་ལག་བསྟར་སྲོལ་ཡིག་ལས་ཐ་མག་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལ་དཔེ་བལྟས་ནས་ལག་བསྟར་བྱ་རྒྱུ་དང་། དེ་ཡང་རྒྱལ་སྤྱིའི་སྟེང་གི་རྒྱལ་ཁབ་དང་ས་ཁུལ་གཙོ་བོས་གློག་རྡུལ་ཐ་མག་སོགས་རྡོ་ཐའི་ཐོན་རྫས་རིགས་གསར་པའི་ལྟ་སྐུལ་དོ་དམ་བྱེད་ཐབས་དང་མཐུན་གྱི་ཡོད། 
           གསུམ་ནི་གློག་རྡུལ་ཐ་མག་སོགས་རྡོ་ཐའི་ཐོན་རྫས་རིགས་གསར་པར་ལག་བསྟར་སྲོལ་ཡིག་ལས་ཐ་མག་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལ་དཔེ་བལྟས་ནས་ལག་བསྟར་བྱ་རྒྱུ་དང་། གློག་རྡུལ་ཐ་མག་གི་ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་ཤུགས་ཆེན་བཏང་ནས། ནུས་ལྡན་གྱིས་གློག་རྡུལ་ཐ་མག་ཐོན་སྐྱེད་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། གློག་རྡུལ་ཐ་མག་གི་ཐོན་རྫས་ལ་ལྷག་བསྡད་པའི་སྤུས་ཚད་ཀྱི་བདེ་འཇགས་ཉེན་ཁ་དང་བརྡ་ཁྱབ་རྫུན་མ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ནུས་ལྡན་བྱེད་པ་བཅས་སོ། །
རྩོམ་སྒྲིག་པ། སྣང་རྡོར།