ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

ཁྱེད་ཀྱིས་འོ་མ་འཐུང་ཤེས་སམ། འཐུང་སྟངས་ནོར་ཚེ་འཚོ་བཅུད.....

སྤེལ་དུས 2022-01-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

       འོ་མའི་ནང་དུ་སྤྲི་དཀར་རྫས་དང་། ཀའེ། ལིན། མའེ་སོགས་འཚོ་བཅུད་ཕུན་སུམ་ཚོགས་པོ་ཡོད་པས་མི་མང་པོ་ཞིག་ལ་མཚོན་ན་འོ་མ་ནི་ཞོགས་ཟས་ཀྱི་གཙོ་བོ་ཡིན་པ་མ་ཟད་དུས་རྒྱུན་ཡང་འོ་མ་མང་པོ་འཐུང་གི་ཡོད། འོ་མ་ནི་སྤྲི་དཀར་གྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པས་དེ་བཏུང་ན་འཚོ་བཅུད་ཀའེ་གསབ་པར་ཧ་ཅང་ཕན་པོ་ཡོད། ཡིན་ན་ཡང་། འོ་མ་འཐུང་སྟངས་མ་འགྲིག་ན་འཚོ་བཅུད་བསྡུ་ལེན་ཡག་པོ་བྱེད་མི་ཐུབ་པས། འོ་མ་འཐུང་སྟངས་ལ་དོ་སྣང་བྱེད་རྒྱུ་གལ་ཆེ།
       འོ་མའི་འཚོ་བཅུད་ཟད་གྲོན་འགྲོ་བ་མ་ཟད་ཀའེ་རྒྱུ་བསྡུ་ལེན་ལའང་ཤུགས་རྐྱེན་ཐེབས་པ་བྱེད་ཐབས་འདི་རིགས་ལ་གཟབ་དགོས། 
      1.དྲོད་ཚད་མཐོན་པོའི་འོག་དུས་ཡུན་རིང་པོར་སྐོལ་བ། 
       འོ་མ་དུས་ཡུན་རིང་པོར་བསྐོལ་ན་འོ་མའི་ནང་གི་འཚོ་རྒྱུ་Cདང་། འཚོ་རྒྱུ་B1དང་། B2སོགས་ཟད་གྲོན་འགྲོ་བར་མ་ཟད། ལིན་སྐྱུར་ཀའེ་སྙིགས་བསིང་ཐེབས་ནས་ཀའེ་བསྡུ་ལེན་བྱེད་ཚད་ཇེ་དམའ་རུ་འགྲོ་བ་ཡིན། 
      2.འོ་མ་དང་ཁྲོག་ལེ་མཉམ་དུ་སྟེན་པ། 
       འོ་མའི་ནང་གི་ཀའེ་དང་ཁྲོག་ལེའི་ནང་གི་རྩྭ་སྐྱུར་གཉིས་རྫས་འགྱུར་འགྱུར་འབྱུང་བྱས་ཏེ། ཆུས་ཞུ་དཀའ་བའི་རྩྭ་སྐྱུར་ཀའེ་གྲུབ་པས་ཀའེ་བསྡུ་ལེན་ཚད་ཇེ་དམའ་རུ་འགྲོ་བ་ཡིན། 
      3. འབྲུ་རྩིང་ཟ་མང་ན་འོ་མའི་ཀའེ་རྒྱུའི་བསྡུ་ལེན་ལ་ཤུགས་རྐྱེན་ཐེབས་པ་ཡིན།
       འབྲུ་རྩིང་ལས་སྣོན་ངེས་ཅན་བྱས་པའི་འབྲུ་རིགས་ཀྱི་ནང་དུ་Bརིགས་འཚོ་རྒྱུ་དང་། བཟའ་བཏུང་ཚི་སྣ་མོད་པོ་འདུས་པས་མང་ཙམ་བསྟེན་ན་མི་ལུས་བདེ་ཐང་ལ་ཕན་པ་ཡོད། ཡིན་ན་ཡང་། ཀའེ་ཁ་གསབ་བྱེད་འདོད་མཁན་ལ་མཚོན་ན་འབྲུ་རྩིང་ཟ་མང་ན་འོ་མའི་ཁྲོད་ཀྱི་ཀའེ་མ་ཟད་ལྕགས་དང་ཏི་ཚ་སོགས་བསྡུ་ལེན་བྱེད་པར་ཡང་ཤུགས་རྐྱེན་ཐེབས་སྲིད་དེ། འབྲུ་རྩིང་ཁྲོད་ཀྱི་བཟའ་བཅའ་ཚི་སྣ་དང་ལིན་སྐྱུར་ཤ་ཕྲུན་གཉིས་ཀས་འོ་མའི་ཀའེ་རྒྱུ་སྡུད་ལེན་ལ་ཤུགས་རྐྱེན་ཐེབས་པ་ཡིན། 

      4. འོ་མའི་འཁྱགས་བཟོ་བྱེད་པ། 
       འོ་མ་འཁྱགས་བཟོ་བྱས་ན། དེའི་ནང་གི་ཚིལ་དང་སྤྲི་དཀར་རྫས་གཉིས་སོ་སོར་འབྱེད་ཅིང་ཞོ་རྒྱུ་ཕྱེ་མའི་དབྱིབས་སུ་འགྱུར་བ་ཡིན་པས། འོ་མའི་ནང་གི་ཀའེ་རྫས་བསྡུ་ལེན་བྱེད་པར་ཤུགས་རྐྱེན་ཐེབས་པ་ཡིན།
       དེ་ན། འོ་མ་ཇི་ལྟར་འཐུང་དགོས་པ་ཡིན་ནམ་ཞེ་ན། 
       དར་མ་དང་བྱིས་པར་མཚོན་ན་སྤྲི་ལྡན་འོ་མ་འཐུང་འོས་པ་ཡིན་ཏེ། སྤྲི་ལྡན་འོ་མའི་ནང་གི་འཚོ་བཅུད་དངོས་རྫས་མང་ཆེ་བ་ཤོར་མེད་པས། ཀའེ་དང་ལིན་བསྡུར་ཚད་འོས་འཚམ་ཡིན་ཞིང་ཀའེ་རྫས་སྡུད་ལེན་བྱེད་ཚད་མཐོ་བ་དང་། འཚོ་རྒྱུ་Aདང་། འཚོ་རྒྱུ་D འཚོ་རྒྱུ་E འཚོ་རྒྱུ་Kསོགས་ཚིལ་ཞུ་རང་བཞིན་གྱི་འཚོ་རྒྱུ་ཕུན་སུམ་ཚོགས་པོ་འདུས་ཡོད། 
       ཕྲུ་གུ་དམར་འབྱར་ལ་མཚོན་ན་ལོ་གཉིས་ཀྱི་ནང་ཚུན་དུ་ཨ་མའི་ནུ་ཞོ་གཙོ་བོར་སྟེན་དགོས། ཨ་མའི་ནུ་ཞོ་འདང་ཚད་མེད་ན་བྱིས་པའི་ལོ་ཚོད་དང་བསྟུན་ནས་བཟོས་པའི་འོ་ཕྱེ་སྟེར་དགོས་པ་ལས་འོ་མ་གསར་པ་སྟེར་མི་རུང་། ལོ་གཉིས་ཀྱི་རྗེས་སུ་འོ་མ་གསར་པ་ཚད་ངེས་ཅན་རེ་སྟེར་ཆོག་པ་དང་། ཆ་རྐྱེན་ཡོད་ན་མུ་མཐུད་དུ་ལོ་ཚོད་དང་མཐུན་པའི་འོ་ཕྱེའི་རིགས་སྟེར་ཆོག་པ་ཡིན། 
       དར་མ་དང་རྒན་པ་ལ་མཚོན་ན། ཕོ་རྒྱུའི་བྱེད་ནུས་ཞན་དུ་འགྱུར་ཞིང་ཀའེ་རྫས་ཤོར་སླ་བས། རུས་པ་སོབ་པོར་འགྱུར་སླ་བ་དང་། འཚོ་རྒྱུ་Aམི་འདང་བར་འགྱུར་སླ། དེར་བརྟེན། འཚོ་རྒྱུ་ADཡི་འོ་མའི་རིགས་འཐུང་བའི་གྲོས་འགོ་བཏོན་པ་ཡིན། 
       ཚོ་ཆེ་བ་དང་ཁྲག་ཞག་མཐོ་བའི་མི་ཚོགས་ལ་མཚོན་ན། ཚིལ་མང་པོ་བསྟེན་མི་རུང་ལ། ལྷག་པར་དུ་ཚད་ལོངས་ཚིལ་སྐྱུར་བསྟེན་མི་རུང་བས། ཚིལ་མེད་འོ་མ་དང་ཚིལ་ཉུང་འོ་མ་བསྟེན་འོས་པ་ཡིན། 

       འོ་མ་རྒྱུན་འཐུང་བྱེད་མཁན་ལ་མཚོན་ན། “པ་ཧྲི་ནད་འབུ་སེལ་བའི་འོ་མ་”འཐུང་འོས་པ་ཡིན། པ་ཧྲི་འོ་མ་དྲོད་ཚད་དམའ་བའི་འབུ་སེལ་བྱེད་ཐབས་སྤྱད་དེ་འོ་མའི་འཚོ་བཅུད་མང་ཆེ་བ་སོར་འཇོག་བྱས་ཡོད་མོད། འོན་ཀྱང་སྤུས་ཉར་དུས་ཡུན་ཅུང་ཐུང་བས་དྲོད་ཚད་དམའ་མོའི་ངང་ཉར་ཚགས་བྱེད་དགོས། འོ་མ་རྒྱུན་འཐུང་བྱེད་མཁན་ཚོས་དུས་རྒྱུན་འོ་མ་གསར་པ་ཉོས་ནས་འཐུང་དགོས་པ་ཡིན། 
       དུས་ངེས་མེད་ཀྱིས་འོ་མ་མཐུང་མཁན་ལ་མཚོན་ན། “ཚད་བརྒལ་མཐོ་དྲོད་ཀྱི་སྲིན་སེལ་འོ་མ་”འཐུང་་འོས་པ་ཡིན། དྲོད་ཚད་མཐོན་པོས་འབུ་སེལ་བྱས་ན་འཚོ་རྒྱུ་ཤོར་ཚད་པ་ཧྲི་འོ་མ་ལས་མང་བ་ཡིན། འོན་ཀྱང་སྤུས་སྲུང་དུས་ཡུན་རིང་བས་རྒྱུན་ལྡན་དྲོད་ཚད་འོག་སོར་འཇོག་བྱས་ཆོག་པ་ཡིན། འོན་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ལ། འོ་མ་འདི་རིགས་ཁ་ཕྱེ་རྗེས་འཁྱགས་སྒམ་ནང་འཇོག་དགོས་པ་མ་ཟད་དུས་ཡུན་ཐུང་ངུར་བཏུང་ཚར་བ་བྱེད་དགོས་པ་ཡིན།
རྩོམ་སྒྲིག་པ། སྣང་རྡོར།