ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

པེ་ཅིང་སློབ་ཆེན་ལ་རྒྱུགས་ཐེངས་3སྤྲད་ནས་སྒོར་ཁྲི་200ཐོབ་པའི་་་

སྤེལ་དུས 2022-06-30 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
        ཉེ་ཆར། ཀོང་ཏུང་ཞིང་ཆེན་མའོ་མིང་གྲོང་ཁྱེར་དུ་གནས་པའི་ཧྭ་ཀྲོའུ་གྲོང་ཁྱེར་ཆིང་ཉའོ་ཚོད་ལྟའི་སློབ་གྲྭས་ད་ལོའི་མཐོ་རྒྱུགས་ནང་སློབ་གྲྭ་དེའི་སློབ་མ་ཆོན་ཆེ་གེ་མོས་རྒྱུགས་འབྲས་694ཡི་ཐོག་ནས་མའོ་མིང་གྲོང་ཁྱེར་གྱི་ཨང་དང་པོ་བླངས་ཡོད། 
        དེ་རྗེས་དྲ་གྲོགས་ཤིག་གིས་དེ་གོང་ཆོན་ཆེ་གེ་མོས་པེ་ཅིང་སློབ་ཆེན་དུ་ཐེངས་གསུམ་ལ་རྒྱུགས་འཕྲོད་པ་མ་ཟད། སློབ་གྲྭས་སྤྲད་པའི་བྱ་དགའ་ཁྱོན་སྒོར་ཁྲི་230ཐོབ་ཡོད་བརྗོད་པ་ལ་དོ་ཁུར་ཆེན་པོ་བྱུང་ཡོད། 

        སྨྱན་སྦྱོར་གྱིས་ལེགས་སྒྲིག་བྱས་པར་གཞིགས་ན། ཆོན་ཆེ་གེ་མོ་ནི་2020ལོ་ནས་བཟུང་མཐོ་རྒྱུགས་ལ་ཞུགས་པ་དང་། སློབ་ཁོངས་ཡོད་སའི་སློབ་གྲྭ་སྔ་རྗེས་སུ། ཀོང་ཏུང་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་པེ་ཅིང་སློབ་ཆེན་ཞོར་གཏོགས་ཚོད་ལྟའི་སློབ་གྲྭ(ཕྱིས་སུ་2021ལོར་ཀྲེན་ཅང་གྲོང་ཁྱེར་པོ་ཡ་སློབ་གྲྭ་ཞེས་མིང་བསྒྱུར)དང་། ཀོང་ཏུང་ཞིང་ཆེན་མའོ་མིང་གྲོང་ཁྱེར་ཧྭ་ཀྲོའུ་གྲོང་ཁྱེར་ཆིང་ཉའོ་ཚོད་ལྟའི་སློབ་གྲྭ། ཀྲེན་ཅང་གྲོང་ཁྱེར་པོ་ཡ་སློབ་གྲྭ་བཅས་རེད། སློབ་གྲྭ་མང་པོའི་སྐད་འཕྲིན་སྤྱི་སྟེགས་ཐོག་ཆོན་ཆེ་གེ་མོའི་ཆ་འཕྲིན་མཐོང་ཐུབ། 
        དྲ་རྒྱའི་ཐོག་བཤད་པའི་སྒོར་ཁྲི་230ཡི་བྱ་དགའ་སྤྲད་པ་ལ་དམིགས་ནས། 2022ལོའི་ཟླ་5ཚེས་15ཉིན་ཧྭ་ཀྲོའུ་གྲོང་ཁྱེར་ཆིང་ཉའོ་ཚོད་ལྟའི་སློབ་གྲྭས་ཡོངས་བསྒྲགས་བྱས་པའི་2022ལོའི་སྟོན་དུས་སློབ་བསྡུའི་སྒྲིག་ཡིག་མདོར་བསྡུས་ལས། “མཐོ་རིམ་སློབ་འབྲིང་ཐོན་ནས་ཆིང་ཧྭ་དང་པེ་ཅིང་སློབ་ཆེན་དུ་རྒྱུགས་འཕྲོད་པའི་སློབ་མར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་སྒོར་ཁྲི་བརྒྱ་ཐོབ་རྒྱུ་ཡོད”ཅེས་བཀོད་ཡོད། 


        ཕྱོགས་མང་པོས་ལན་བསློགས་དོན། 
        ཀོང་ཏུང་སློབ་གསོ་ཡིག་རྒྱུགས་ཁང་གི་གསར་འགྱུར་མགྲིན་ཚབ་པས། མིག་སྔའི་བརྟག་དཔྱད་ལ་གཞིགས་ན། དེ་ནི་ཡིག་རྒྱུགས་སྲིད་ཇུས་དང་མཐུན་ཟེར། 
        ཧྭ་ཀྲོའུ་གྲོང་ཁྱེར་སློབ་གསོ་ཅུས་སྒྲིག་བཤེར་ལྟ་ཞིབ་ཁང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་དྲ་ཐོག་ནས་བརྒྱུད་སྤྲོད་བྱེད་པའི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱས་ཡོད་ཅིང་། འབྲེལ་ཡོད་སྡེ་ཁག་གིས་ཀྱང་ལས་དོན་ཚོགས་ཆུང་བཙུགས་ནས་བརྟག་དཔྱད་ལས་དོན་ཛ་དྲག་ངང་སྤེལ་བ་དང་བརྟག་དཔྱད་བྱས་འབྲས་ཞིབ་ཕྲ་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་བརྡ་ཁྱབ་གཏོང་རྒྱུ་ཡིན་པ་བརྗོད། 
        ཀྲེན་ཅང་གྲོང་ཁྱེར་པོ་ཡ་སློབ་གྲྭའི་སློབ་མ་བསྡུ་བའི་འགན་འཁུར་བའི་དགེ་རྒན་ཞིག་གིས་ཆོན་ཆེ་གེ་མོ་སློབ་གྲྭ་དེར་སློབ་སྦྱོང་བྱེད་མྱོང་ཡོད་མོད། འོན་ཀྱང་། ཁོ་ལ་པེ་ཅིང་སློབ་ཆེན་དུ་རྒྱུགས་འཕྲོད་པའི་དབང་གིས་བྱ་དགའ་སྒོར་ཁྲི་བརྒྱ་ལྷག་ཙམ་རག་ཡོད་མེད་ངས་གསལ་པོ་མི་ཤེས་ཟེར། 
        གསར་འགོད་པས་པེ་ཅིང་སློབ་ཆེན་སློབ་བསྡུ་གཞུང་དོན་ཁང་གི་ལྟ་སྐུལ་ཁ་པར་ཐོག་ནས་ལས་དོན་མི་སྣས་ཆོན་ཆེ་གེ་མོ་ཡིས་པེ་ཅིང་སློབ་ཆེན་དུ་ཡིག་རྒྱུགས་ཐེངས་གསུམ་སྤྲད་པ་དེ་མི་སྒེར་གྱི་རང་དབང་ཡིན་པས་ཁོང་ཚོས་ཚོད་འཛིན་བྱེད་ཐབས་མེད་ཅེས་བརྗོད། 
        མིག་སྔར། སྲིད་ཇུས་ཀྱི་ངོས་ནས་མཐོ་རྒྱུགས་བསྐྱར་སྦྱོང་ཐེངས་གྲངས་ལ་ཚོད་འཛིན་བྱས་མེད། ལ་ལས“བསྐྱར་སྦྱོང་སྒྲིག་གཞིས་རང་ངོས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད། སྐར་གྲངས་མཐོ་བའི་རྒྱུགས་སྤྲོད་སློབ་མ་བསྡུ་བཞིན་ཡོད། དེ་ནི་རྒྱུགས་སྤྲོད་སློབ་མའི་གནད་དོན་མིན་པ་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བཤད་པ་རེད། གཞན་ཡང་། རིགས་གཅིག་མཁས་ཅན་གྱིས“མི་སྒེར་གྱི་འཚར་ལོངས་དང་དུས་ཚོད་ཀྱི་མ་གནས་ནས་བལྟས་ན། བྱ་སྤྱོད་དེ་རིགས་ལ་ཐོབ་པ་ལས་ཤོར་བ་མང་”བས་དར་སྤེལ་བྱེད་མི་འོས་བརྗོད། 
རྩོམ་སྒྲིག་པ། སྣང་རྡོར།