ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

ཏོག་གསར་ཁོག་བསྟེན་སྨན་ཐོག་མ་དེ་འཚོང་འགོ་ཚུཊ་ཡོད་དམ།

སྤེལ་དུས 2022-11-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
        སྤྱི་ཟླ་11པའི་ཚེས་19ཉིན།རང་རྒྱལ་ནས་ཐོན་པའི་ཏོག་གསར་རིམས་ནད་ཀྱི་ཁོག་བསྟེན་སྨན་ཐོག་མ་ཨ་ཙེ་ཧྥུའུ་ཏེན་ཞེས་པ་དེ་དྲ་ཐོག་ཏུ་ཚོང་འགོ་ཚུགས་པའི་གནས་ཚུལ་ཞིག་དྲ་བ་ཡོངས་ཀྱི་གསར་འགྱུར་ཚ་ཤོས་སུ་གྱུར་ཡོད་ཅིང་།  དྲ་དམངས་ཚོས་དེའི་སྐོར་ལ་གླེང་བརྗོད་འཁྲུག་པོ་བྱས་ཡོད།
     ཅུང་མ་འགོར་བར། ཧོ་ནན་ཀྲེན་ཧྲེ་སྐྱེ་དངོས་ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་ལས་འཛིན་གཞོན་པ་ལིའུ་ཡུང་གིས་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པར། ཨ་ཙེ་ཧྥུའུ་ཏེན་འཚོང་བ་ནི་སྨན་ཚོང་ཁང་རེ་འགའི་བྱ་སྤྱོད་ཁོ་ན་ཡིན། ད་ཆ་འཕྲལ་དུ་འཚོང་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བཤད་འདུག

        དེའི་ཐད། མིང་ཤོད་འདོད་མེད་པའི་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་ཞིག་གིས་ད་ལྟའི་དུས་མཚམས་འདིར་སྨན་དེ་ཏོག་གསར་ནད་པའི་སྨན་བཅོས་ཁོ་ནར་སྤྱོད་ཀྱི་ཡོད་པ་དང་།  ཏོག་གསར་ནད་པ་གནས་གཏན་འཁེལ་གྱི་སྨན་ཁང་དུ་ཉར་དགོས་ཀྱི་ཡོད། དེར་བརྟེན་མིག་སྔར་སྨན་དེ་གནས་གཏན་འཁེལ་གྱི་སྨན་ཁང་ངམ་ཡང་ན་སྒྲོམ་ཚང་སྨན་ཁང་ཁོ་ནར་སྤྱོད་ཀྱི་ཡོད། དེ་བཞིན་སྨན་བཅོས་འགན་བཅོལ་ནས་སྨན་རིན་སྤྲོད་ཀྱི་ཡོད་ཅེས་བཤད་ཡོད། 
     ཨ་ཙེ་ཧྥུའུ་ཏེན་གྱི་གསལ་བཤད་ཡི་གེའི་ནང་ངོ་སྤྲོད་བྱས་པ་ལྟར་ན།སྨན་འདིར་ཧོ་ཁེ་1ཅན་དང་ཧོ་ཁེ་3ཅན་རིགས་གཉིས་ཡོད་ཅིང་། ཧོ་ཁེ་1ཅན་དེ་ཁོ་ན་སྤྱིར་བཏང་གི་ཏོག་གསར་གློ་ཚད་ཕོག་པའི་མི་དར་མར་སྨན་བཅོས་སུ་སྤྱོད་ཀྱི་ཡོད། 

        ད་ལོའི་སྤྱི་ཟླ་9ཚེས་17ཉིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་《2022ལོའི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་།ལས་རྨས་འགན་བཅོལ།བུ་བཙའི་འགན་བཅོལ་བཅས་ཀྱི་སྨན་རྫས་ཀྱི་དཀར་ཆག་ལེགས་སྒྲིག་ཞིབ་བཤེར་བྱས་པའི་སྨན་རྫས་ཀྱི་མིང་ཐོ་》དངོས་སུ་ཁྱབ་བསྒྲགས་བྱས་ཡོད་པ་དང་།ཁྱོན་སྨན་རྫས་རིགས་343ལ་དངོས་སུ་ཞིབ་བཤེར་བྱས་པ་བརྒྱུད་ཆོག་མཆན་ཐོབ་ཡོད། དེའི་ནང་ཨ་ཙེ་ཧྥུའུ་ཏེན་ཡང་ཚུད་ཡོད།
རྩོམ་སྒྲིག་པ། སྣང་རྡོར།