ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ།

བོད་མིའི་ཐོག་གསོལ་གོམས་གཤིས།

སྤེལ་དུས 2018-05-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྡོ་རྗེས་བསྒྲིགས།
           ཐོག་གསོལ་ཞེས་པ་ནི་ལོ་གསར་གྱི་སྐབས་སུ་བོད་པ་ཚོས་རྩིས་གཞུང་གི་འཕྲོད་སྦྱོར་ལྟར་ཚེས་ཆ་བཟང་བའི་ཉིན་ཞིག་བདམས་ནས། མི་ཚང་སོ་སོའི་ཁང་པའི་ཐོག་རྩེར་མཆིས་པའི་ལྷ་རྟེན་གྱི་དར་ལྕོག་གསར་དུ་བརྗེ་བའི་ལོ་གསར་གྱི་བྱེད་སྒོ་གལ་ཆེ་གྲས་ཤིག་རེད། རྒྱུན་དུ་དེར་ལྷ་གསོལ་ཞེས་བརྗོད་པ་མང་། དེ་ཡང་སྤྱིར་ན་དེ་ཉིན་ཞོགས་པ་གྲོང་པ་སོ་སོས་རང་ཁྱིམ་གྱི་ཐོག་ཁར་མཆིས་པའི་དར་ལྕོག་གསར་དུ་བརྗེས་པའི་རྗེས། དེར་སྐུ་བསང་དང་དཀར་རྟགས་ཕྱི་མར་ཕུལ་བ་དང་སྦྲགས་ཕྱོགས་བཞི་མཚམས་བརྒྱད་ལ་ཕྱི་མར་གཏོར་ནས། སྐད་གསང་མཐོན་པོའི་ངང་ལྷ་གསོལ་ལོ་ཞེས་ལན་མང་བརྗོད་པ་དང་མཉམ་དུ་ལོ་གསར་པ་དེའི་ནང་བྱ་བ་ལམ་ལྷོང་ཡོང་བ་དང་ནད་ཀྱི་བར་ཆད་མི་ཡོང་བའི་སྐྱབས་པ་ལྷ་ལ་བཅོལ་གྱི་ཡོད། ཐོག་གི་ལྷ་རྣམས་གསོལ་ཚར་བའི་རྗེས། དགའ་ཉེ་ཁྱིམ་མཚེས་རྣམས་གྲོང་པའམ་ས་ཆ་གཅིག་ཏུ་མཉམ་འཛོམས་བྱས་ནས་ཕན་ཚུན་ལ་ཆང་འདྲེན་པ་དང་། ཇ་འཐུང་པ། གཞན་ལེན་གར་འཁྲབ་ལ་སོགས་ཀྱི་མཛད་སྒོར་རོལ་གྱི་ཡོད། འོན་ཀྱང་དེང་དུས་ལྷ་ས་ལྟ་བུ་ཡིན་ན། ཐོག་ཁའི་ཡང་སྟེང་དུ་གདན་ལྕོག་དང་ཕྱེ་མར་ཇ་ཆང་ཞལ་ཏོག་སོགས་སྒྲིག་གཤོམ་གྱ་ནོམ་པ་བྱས་པའི་རྗེས། སྒོ་ར་ཁྱིམ་མཚེས་རྣམས་རྒྱན་གོས་གཟབ་མཆོར་གྲ་རྒྱས་ངང་ཞོགས་པ་ཐོག་སྟེང་དུ་འཛོམས་ནས། སྔོན་ལ་གོང་ལྟར་ལྷ་གསོལ་གྱི་མཛད་སྒོ་རྣམ་གཉེར། དེ་ནས་རྒན་གཞོན་གྱི་གོ་རིམ་ལྟར་བཞུགས་གྲལ་ལ་བཞུགས་ནས་ཕན་ཚུན་ཇ་ཆང་འདྲེན་པ་དང་གླུ་གཞས་གཏོང་བ། རྩེད་འཇོར་རོལ་བ། གཏམ་གླེང་བྱེད་པ་སོགས་བཀྲ་ཤིས་དགའ་སྤྲོའི་དཔལ་ལ་རོལ་གྱི་ཡོད། ཐོག་གསོལ་གྱི་བྱེད་སྒོ་སྤེལ་བ་ནི་དར་ལྕོག་བཙུགས་ནས་ལྷ་གསོལ་རྒྱུ་ཁོ་ནར་དམིགས་པ་ཞིག་མ་ཡིན་པར་ཐོག་གསོལ་གཏོང་བའི་བྱེད་སྒོ་སྤེལ་བ་བརྒྱུད་གྲོང་པ་ཁྱིམ་མཚེས་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་ཤིག་ཡིན་པས། གྲོང་པ་ཁྱིམ་མཚེས་བར་གྱི་འགལ་རྐྱེན་སེལ་ནས་ཕན་ཚུན་རོགས་རམ་དང་། ཕན་ཚུན་སེམས་འཁུར་བྱེད་པ་བཅས་ལ་ནུས་ཤུགས་ལྡན་པའི་དགེ་མཚན་ཐོན་གྱི་ཡོད།།