ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཁང་གཞིས།

བོད་ཀྱི་སྲོལ་རྒྱུན་རོལ་ཆ།

སྤེལ་དུས 2018-02-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྡོ་རྗེ།

          སྒྲ་སྙན་ལ་ཏམ་བུ་རའང་ཟེར་ཞིང་། བོད་རིགས་ཀྱི་གནའ་བོའི་དཀྲོལ་གཏོང་རོལ་ཆའི་རིགས་ཤིག་ཡིན་པ་དང་དེང་རབས་ལྷ་མོའི་ཆེད་ལས་ཚོགས་པའི་རོལ་ཚོགས་ཀྱི་དཀྲོལ་གཏོང་རོལ་ཆ་གཙོ་བོའི་གྲས་ཤིག་རེད། དམངས་ཁྲོད་ཀྱི་སྒྲ་སྙན་ནི་རྒྱུད་སྐུད་གཉིས་ལས་རོལ་མདངས་ཐོན་པ་དང་ཁྱོན་རྒྱུད་སྐུད་དྲུག་ཡོད།          
          འཁར་རྔ་ནི་ལྷ་མོའི་འཁྲབ་གཞུང་ཁག་ཏུ་ཐུན་མོང་ཐོག་སྤྱོད་པའི་ཡུ་རིང་ཅན་གྱི་རྡུང་བྱེད་ཅིག་རེད། འཁྲབ་གཞུང་མི་འདྲ་བར་ཆེ་ཆུང་མི་འདྲ་བའི་འཁར་རྔ་སྤྱོད་ཀྱི་ཡོད། ཁམས་པའི་ལྷ་མོ་དང་ཨ་མདོའི་ལྷ་མོའི་འཁྲབ་གཞུང་ལ་སྤྱོད་པ་ནི་དགོན་པའི་ཤིང་སྒྲོམ་ཐོག་བཀལ་བའི་ཆོས་རྔ་ཡིན་པ་དང་ལྷ་མོའི་འཁྲབ་གཞུང་ལ་སྤྱོད་པའི་རྡུང་བྱེད་རྔའི་སྒྲ་མདངས་གསལ་བ་དང་ཤུགས་དྲག་ཆེ་བས་ལྷ་མོའི་འཁྲབ་གཞུང་ཁྲོད་ཀྱི་རྡུང་དཀྲོལ་རོལ་ཆའི་ཁྲོད་སྒྲ་མདངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད།          
          སྦུབ་ཆལ་ནི་ཟངས་ལས་གྲུབ་པ་དང་སྦུབ་ཆལ་གྱི་དཀྱིལ་དབུས་འབུར་དུ་ཐོན་པ་དང་ལྦུ་བའི་དབྱིབས་ལྟར་ཡོད་པ་དེར་ཆ་རེ་ཡོད་པ་དང་ཕན་ཚུན་རྡུང་ཚེ་སྒྲ་ཐོན་གྱི་ཡོད། རྡུང་སྟངས་མི་འདྲ་བར་སྒྲ་ཡང་མི་འདྲ་ཞིང་། ལྷ་མོ་དང་། དམངས་ཁྲོད་གླུ་གར། འཆམ་འཁྲབ་སྐབས་སོགས་སུ་ཡོངས་ཁྱབ་ཏུ་བེད་སྤྱོད་བྱེད་ཀྱི་ཡོད།
          རྒྱ་གླིང་ནི་དེ་སྔ་དགོན་པར་སྤྱོད་པའི་ཆོས་ལུགས་ཀྱི་རོལ་ཆ་གཙོ་བོ་ཞིག་ཡིན་པ་དང་རྗེས་སུ་ལྷ་མོའི་འཁྲབ་གཞུང་ལ་ཡོངས་ཁྱབ་ཏུ་སྤྱོད་ཀྱི་ཡོད། དེ་ཤིང་ལས་བཟོས་པ་དང་གསེར་དངུལ་ནོར་ཆས་ཀྱིས་བརྒྱན་པ་དང་བཟོ་བཀོད་ལ་དང་དོད་ཆེན་པོ་ཡོད།  
          པི་ཝང་ནི་རྒྱ་རིགས་ཀྱི་ཁྲང་ཞིའི་པི་ཝང་ལས་དར་མོད། འོན་ཀྱང་དེ་དཀྲོལ་གཏོང་བྱ་ཐབས་ཁྲང་ཞིའི་པི་ཝང་དང་རྦད་དེ་མི་འདྲ་ཞིང་། སྔོན་ཆད་ནང་མ་དང་སྟོད་གཞས་སོགས་དམངས་ཁྲོད་གླུ་གར་གྱི་དཀྲོལ་གཏོང་རོལ་ཆ་གཙོ་བོ་ཞིག་ཡིན་པ་དང་། བོད་རིགས་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེའི་བཟོ་དབྱིབས་ཁྲང་ཞིའི་པི་ཝང་དང་འདྲ་བ་དང་སྒྲ་འདོན་བུ་ག་ཅུང་ཆེ་བ་དང་ཕྲ་ལ་མཉེན་པའི་སྒྲ་མདངས་ཁྲོད་ནས་བབ་བརླིང་གི་རྣམ་པ་ཞིག་མངོན་གྱི་ཡོད།          
          ཐེ་ཆིན་ནི་ནང་ས་ནས་དར་བ་དང་དེ་སྔ་ནང་མ་དང་སྟོད་གཞས་སོགས་དམངས་ཁྲོད་གླུ་གར་ལ་དཀྲོལ་གཏོང་བྱེད་པ་དང་། ད་ཆ་བོད་ཀྱི་ཁྱད་ཆོས་ལྡན་པའི་དཀྲོལ་གཏོང་བྱ་ཐབས་དང་དཀྲོལ་རྩལ་ཞིག་ཆགས་ཡོད་པ་དང་རྒྱ་ཆེའི་བོད་རིགས་མང་ཚོགས་ཁྲོད་དར་ཁྱབ་ཆེ་བ་དང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེའི་བཟོ་དབྱིབས་རྒྱ་རིགས་ཀྱི་པི་ཝང་རྒྱུད་གཉིས་དང་འདྲ་མོད། འོན་ཀྱང་སྒྲ་ཤུགས་པི་ཝང་རྒྱུད་གཉིས་མ་ལས་ཆེ་བ་དང་སྒྲ་མདངས་པི་ཝང་རྒྱུད་གཉིས་མ་ལས་གསལ་བ་ཡོད་པ་དང་། སྤྱིར་བཏང་ཐོག་སྨྱུག་མ་ལས་བཟོས་པ་དང་ར་པགས་ཀྱིས་བཏུམ་པའི་ཁར་མཁྲེགས་པོ་ཡོད།          
          དུང་ཆེན་ནི་སྤྱིར་བཏང་ཐོག་ཆོས་ལུགས་ཀྱི་མཛད་སྒོ་ཆེ་གྲས་ལ་སྤྱོད་པ་དང་། རྒྱ་གླིང་ནི་ནང་ས་ནས་དར་བའི་དཀྲོལ་གཏོང་རོལ་ཆས་ཤིག་ཡིན་པ་དང་རྒྱུན་དུ་ཆོས་ལུགས་མཛད་སྒོ་ཆེ་མོར་སྤྱོད་ཀྱི་ཡོད།          
          དུང་དཀར་ནི་ཆོས་ལུགས་མཛད་སྒོའི་ཁྲོད་ཀྱི་ཆེས་གལ་འགངས་ཆེ་བའི་རོལ་ཆས་ཀྱི་གྲས་ཤིག་རེད།         
          རྐང་གླིང་ནི་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་པའི་དཀྲོལ་གཏོང་རོལ་ཆས་ཀྱི་གྲས་ཤིག་ཡིན་པ་དང་ལྷ་འབེབས་མཛད་སྒོར་མེད་དུ་མི་རུང་བའི་རོལ་ཆས་ཤིག་རེད།          
          ཏན་ཆི་ནི་ནང་ས་ནས་དར་བའི་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་ཅིག་ཡིན་ལ། བཀྲ་ཤིས་མཚོན་རྟགས་ཀྱི་དངོས་པོ་ཞིག་ཀྱང་རེད།