ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཁང་གཞིས།

ཁམས་ར་མཛེས་ལྗོངས་ཁུལ་གྱི་ངོ་སྤྲོད་མདོར་བསྡུས།

སྤེལ་དུས 2019-07-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

      ཁམས་ར།“ཁམས་པའི་ཁྱིམ་གཞིས”ཀྱི་དོན་ཡིན་།མཛེས་ལྗོངས་ཁུལ་དེ་མཚོ་སྔོན་ཤར་ལྷོ་རྒྱུད་གྱི་གཅན་ཚ་རྫོང་གི་ཁོངས་སུ་གནས་ཡོད་པ་དང་། བྱང་དུ་རྨ་ཆུ་དང“འཐེན་ཐུག་གི་ཕ་སར”གྲགས་པའི་དཔའ་ལུང་རྫོང་དང་ཉེ་ཞིང་། ནུབ་ཏུ“མཐོ་སྒང་གི་ཅང་ནན”དུ་འབོད་པའི་ཁྲི་ཀ་རྫོང་དང་འབྲེལ་ཡོད།ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་དང་བར་ཐག་སྤྱི་ལེ་101དང་གཅན་ཚ་རྫོང་མཁར་དང་བར་ཐག་སྤྱི་ལེ་50ཡིས་ཆོད་ཡོད།མཛེས་ལྗོངས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུབ་བཞི་མ་232དང་ཆ་སྙོམས་ཀྱི་མཚོ་འཕགས་སྨི་2500ཡིན་ཞིང་།ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཏུའུ-6℃ནས་ཏུའུ2.9℃བར་ཡིན།
      མཛེས་ལྗོངས་ཁུལ་གྱི་རྒྱལ་ཁབ་རིམ་པའི་ས་གཤིས་སྤྱི་གླིང་ནི། དེང་སང་རྒྱལ་ནང་དུ་རྙེད་པའི་རྒྱུད་གསུམ་པའི་བྲག་རིམ་ཁྲོད་འཚར་སྐྱེ་ཆ་ཚང་བ་དང་དཔེ་མཚོན་ཆེ་ཤོས་ཀྱི་ཏན་ཞ་ས་དབྱིབས་ཁུལ་ཡིན་པ་དང་། རི་གཟར་དང་བྲག་ཕུག་བྲག་དམར་སོགས་ནི་གནས་འདིའི་ཆེས་མངོན་གསལ་གྱི་ཁྱད་ཆོས་ཤིག་ཡིན། མཛེས་ལྗོངས་ཁུལ་གྱི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་གནམ་གཤིས་འཇམ་ཞིང་བཞའ་ཚན་ཆེ་བ་དང་། རྩྭ་དང་རྩི་ཤིང་གི་རྫོངས་སྟུག་ཅིང་སྣ་ཁ་མང་བ། གཅན་གཟན་དང་རི་དྭགས་དཀོན་པོའི་རིགས་རྒྱུན་དུ་གནས་འདིར་ཐོན་གྱིན་ཡོན། བརྗིད་ཉམས་ལྡན་པའི་གློག་ཁང་གི་ཆུ་རགས་དེ་མཛེས་སྡུག་ལྡན་པའི་མཐོ་སྒང་གི་མཚེའུ་ཞིག་དང་། དྭངས་ཤིང་གཙང་བའི་ཆུ་ངོས་དང་རི་ཀླུང་གི་མཛེས་ལྗོངས་ཀྱིས་ཆུ་བེད་མཛེས་ལྗོངས་ཁུལ་གྲགས་ཅན་གྲུབ་ཡོད། མཛེས་ལྗོངས་ཁུལ་གྱི་གནམ་རྫོང་ཁོག་ནི་བསྟན་པ་ཕྱི་དར་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དར་རྒྱས་འབྱུང་གནས་ཤིག་ཡིན་ཞིང་། ཁོག་འདིར་ལ་མདོ་སྔགས་གཉིས་དང་། བཙུན་པ་དང་བཙུན་མོའི་དགོན་སྡེ་མི་འདྲ་བ་ཆགས་ཡོད་པས། བོད་བརྒྱུད་ནང་བསྟན་གྱི་ཕུན་སུམ་ཚོགས་པའི་རིག་གནས་དང་ལོ་རྒྱུས་མངོན་ཡོད་ལ། ཉམས་ལེན་པས་འདོད་ཡོན་སྤངས་ནས་དབེན་གནས་སྙེག་པ་དང་རི་ཁྲོད་འགྲིམ་པའི་གནས་མཆོག་ཅིག་ཀྱང་ཡིན།
      མཛེས་ལྗོངས་ཁུལ་ལ་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་དང་། རྒྱབ་ཁབ་རིམ་པའི་ས་གཤིས་སྤྱི་གླིང་། རྒྱབ་ཁབ་རིམ་པའི་ཆུ་བེད་མཛེས་ལྗོངས་ཁུལ་གྲགས་ཅན། AAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཀྱི་ཆོག་མཆན་བཀོད། 

རྩོམ་སྒྲིག་པ། སྣང་རྡོར།