ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཆོ་ག

བོད་སྦག་ངོ་སྤྲོད་དང་རྩེད་སྟངས་སྐོར།

སྤེལ་དུས 2012-02-03 ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་དྲ་བ། རྩོམ་པ་པོ། བསྟན་འཛིན།

སྦག་ཆེན་ནམ་བོད་སྦག་ནི་བོད་ཀྱི་ཤོའི་རྗེས་ཐོན་པའི་ལོ་རྒྱུས་རིང་ཙམ་ལྡན་པའི་རྩེད་ཆས་ཞིག་ཡིན།   སྤྱིར་བོད་སྦག་ལ་རྒྱ་སོག་གཉིས་སམ་གནམ་སྡེ་དང་ས་སྡེ་གཉིས་སུ་དབྱེ་ཡོད་པར་ཁྱོན་སྦག་རྡོག་དྲུག་ཅུ་རེ་བཞི་ཡོད།   དེ་བཞིན་སྦག་ཁག་གཅིག་གི་མིང་རྒྱ་ཡིག་དང་འདྲ་རུང་དེ་ནི་སྟེས་དབང་ཞིག་ཡིན་པ་ལས་དེ་དག་ནི་བོད་ཀྱི་བརྡ་རྙིང་ཁོ་ན་ཡིན་པ་ཞིབ་འཇུག་པས་ཤེས་རྟོགས་བྱུང་ཡོད།།

དང་པོ།   རྒྱ་སོག་དབྱེ་སྟངས།

རྒྱའམ་གནམ་གྱི་སྡེའི་ཁོངས་སུ་སྦག་མིག་མི་འདྲ་བ་བཅུ་གཅིག་དང་།   སྦག་མིག་རེར་སྦག་རྡོག་བཞི་རེ་ཡོད་པས་ཁྱོན་སྦག་རྡོག་བཞི་བཅུ་ཞེ་བཞི་ཡོད།   སྦག་མིག་དེ་དག་ནི  ཁྲ་སྟེ་མིང་གཞན་ཐན།       ཏིག      དམར་རམ་རན།      ཝ།      ཕྲེང་བའམ་མཁྲང་རུ།      འབྲོག་གམ་ཅོག་ཙེ།      བཅུ་ དཀར་རམ་ཟླའུ།     ཧོར་རམ་ཧོ་ཐུག     གཟིག་གམ་ཟི་ཆུ།      ཁྱིའམ་ཀོབ་དྲུག     ཕག་གམ་སྤྲང་བདུན་བཅས་ཡིན།

སོག་གམ་སའི་སྡེའི་ཁོངས་སུ་སྦག་མིག་མི་འདྲ་བ་བཅུ་དང་།   སྦག་མིག་རེར་སྦག་རྡོག་གཉིས་རེ་ཡོད་པས་ཁྱོན་སྦག་ རྡོག་ཉིས་ཤུ་ཡོད།   སྦག་མིག་དེ་དག་ནི་དགུའམ་ཆུ་དེ་ལ་དམར་ནག་གཉིས་ཡོད་པ་ལས  ཆུ་དམར་ དང་   ཆུ་ནག    ལྤགས་དེ་ལ་ཤོ་མིག་མི་འདྲ་བ་གཉིས་ཡོད་པ་ལས   ལྤགས་ ནག་ཆེན་དང་   ལྤགས་ཁྲ་བོ།   ཚིལ་དེ་ལ་དམར་ནག་གཉིས་ཡོད་པ་ལས   ཚིལ་དམར་དང་    ཚིལ་ནག         མའམ་སྤྱང་མ།    འུག་པ་དེ་ལ་དམར་ནག་ གཉིས་ཡོད་པ་ལས   འུག་དམར་དང་  འུག་ནག       བུའམ་སུན་གུ་བཅས་ཡིན།།

གཉིས་པ། བོད་སྦག་རྒྱག་སྟངས།

སྦག་རྡོག་བགོས་སྟངས།   དེ་ཡང་སྦག་རྒྱག་མཁན་ནི་མི་བཞི་ཁོ་ནར་ངེས་ཤིང་།   ཕྱོགས་རེར་མི་རེ་སྡད་རྗེས་སྦག་ རྡོག་ཡོངས་རྫོགས་ཁ་སྦུབས་ནས་ཕན་ཚུན་དཀྲུག་པ་དང་།    དེ་རྗེས་སྦག་རྡོག་བརྒྱད་རེས་ཕུང་པོ་རེ་སྟེ་མི་རེས་ཕུང་པོ་གཉིས་རེ་དང་ཁྱོན་ཕོུང་པོ་བརྒྱད་བཟོ་དགོས།   དེ་རྗེས་ཤོ་ཆ་གཅིག་དབྱུག་པའི་ཤོ་མིག་གཞིར་བཟུང་མི་སོ་སོར་བགོ་བར་ བྱ་སྟེ།  ཤོ་རྒྱག་མཁན་དེས་ངེས་པར་དུ་ཤོ་དབྱུག་པ་དང་ཆབས་ཅིག་སྦག་ཕུང་བརྒྱད་ལས་གཅིག་ལ་མཛུབ་མོ་སྡིགས་ནས་ངོས་འཛིན་དགོས།   མཛུབ་མོ་བཙུགས་སའི་སྦག་ཕུང་དེ་ཤོ་མིག་ལ་བརྟེན་ནས་ཁ་བགྲོས་གཞིར་བཟུང་གི་མི་དེས་ལེན་རྗེས་གཞན་རྣམས་གྱིས་ནང་སྐོར་བཞིན་གཅིག་རྗེས་གཉིས་མཐུད་དུ་བླངས་དགོས།   ཁ་བགྲོས་ནི་གཤམ་གསལ་ལྟར་སྟེ། ཤོ་བཅུ་གཉིས་བབས་ན་ཐན་སྟག་དགྱེས་ཞེས་མཛུབ་མོས་སྡིགས་སའི་སྦག་ཕུང་དེ་གཡས་ཀྱི་མི་དེས་ལེན་དགོས་པ་དང་།   ཤོ་བཅུ་གཅིག་བབས་ན་ཧོར་ཐུ་ཐུག་ཅེས་མདུན་གྱི་མི་དེས་ལེན་དགོས། ཤོ་བཅུ་བབས་ན་ཟླའུ་འམ་གཟིག་ཡིན་པས་ཟླའུ་སྔོན་རྒྱུགས་སམ་གཟིག་སྔོན་རྒྱུགས་ཅེས་གཡོན་ངོས་ཀྱི་མི་དེས་ལེན་དགོས།ཤོ་དགུ་བབས་ན་ཆུ་རང་མགོ་ཞེས་ཤོ་དབྱུགས་མཁན་མི་དེས་ ལེན་དགོས།   ཤོ་བརྒྱད་བབས་ན་རན་ནམ་ལྤགས་ཡིན་པས་རན་ཕྱི་བཤིགས་སམ་ལྤགས་གཡས་ཞེས་གཡས་ཀྱི་མི་དེས་ ལེན་དགོས།ཤོ་བདུན་བབས་ན་ཚིལ་ལམ་ཕག་ཡིན་པས་ཚིལ་ཐུ་ཐུག་གམ་ཕག་ཐུ་ཐུག་ཅེས་མདུན་གྱི་མི་དེས་ལེན་དགོས།   ཤོ་དྲུག་བབས་ན་མའམ་མཁྲང་དང་ཁྱི་བཅས་ཡིན་པས་མ་སྔོན་རྒྱུགས་སམ་མཁྲང་སྔོན་རྒྱུགས་དང་ཁྱི་སྔོན་རྒྱུགས་ཞེས་གཡོན་ངོས་ཀྱི་མི་དེས་ལེན་དགོས།    ཤོ་ལྔ་བབས་ན་འུག་རང་མགོ་ཞེས་ཤོ་དབྱུགས་མཁན་མི་དེས་ལེན་དགོས།   ཤོ་བཞི་བབས་ན་ཝ་དང་འབྲོག་པ་ཡིན་པས་ཝ་ཕྱི་བཤིགས་དང་འབྲོག་ཕྱི་བཤིགས་ཞེས་གཡས་ཀྱི་མི་དེས་ལེན་དགོས།   ཤོ་གསུམ་བབས་ན་སུན་གུ་ཐུ་ཐུག་ཅེས་མདུན་གྱི་མི་དེས་ལེན་དགོས།   ཤོ་གཉིས་བབས་ན་ཏིག་སྔོན་རྒྱུགས་ཞེས་གཡོན་ངོས་ཀྱི་མི་དེས་ལེན་དགོས་པ་བཅས་མི་རེར་སྦག་ཕུང་གཉིས་རེ་ལེན་རྒྱུ་ཡོད་པས་ཁྱོན་སྦག་རྡོག་བཅུ་དྲུག་རེ་རག་གི་ཡོད།

བོད་སྦག་རྩེ་སྟངས།

བོད་སྦག་རྩེ་སྟངས་ཐད་རྒྱ་སོག་གཉིས་ཁག་སོ་སོར་དབྱེ་དགོས་པ་ནི་ཐོག་མའི་ཆ་རྐྱེན་དེ་ཡིན།   ཐོག་མར་རྒྱ་བཤད་པ་ ལ། ཁྲའམ་ཐན་ནི་རིམ་པ་དང་པོ།   ཏིག་རིམ་པ་གཉིས་པ། དམར་རམ་རན་རིམ་པ་གསུམ་པ།   ཝ་རིམ་པ་བཞི་ པ།   ཕྲེང་འབྲོག་ཟླའུ་གསུམ་དོན་ལ་སྔ་ཕྱི་མེད་ཅེས་སྦག་དེ་གསུམ་རིམ་པ་ལྔ་པ།   ཧོ་གཟིག་ཁྱི་ཕག་དོན་ལ་སྔ་ཕྱི་མེད་ ཅེས་སྦག་དེ་བཞི་རིམ་པ་དྲུག་པ་ཡིན།   ཡང་སོག་བཤད་པ་ལ།   དགུའམ་ཆུ་དམར་ནག་གཉིས་རིམ་པ་དང་པོ་གཅིག་ མཚུངས་དང་།   ལྤགས་ནག་ཆེན་དང་ཁྲ་བོ་གཉིས་རིམ་པ་གཉིས་པ་གཅིག་མཚུངས།   ཚིལ་དམར་ནག་གཉིས་རིམ་པ་ གསུམ་པ་གཅིག་མཚུངས།   མའམ་སྤྱང་མ་རིམ་པ་བཞི་པ། འུག་དམར་ནག་གཉིས་རིམ་པ་ལྔ་པ་གཅིག་མཚུངས།  བུའམ་སུན་གུ་རིམ་པ་དྲུག་པ་བཅས་ཡིན།དེ་ཡང་ནམ་རྒྱུན་རྒྱ་དང་རྒྱ་འཐབ་པ་དང་། སོག་དང་སོག་གནོན་རེས་བྱེད་པ་ལས།   རྒྱ་ཡིས་སོག་གནོན་མི་ཉན་ཞིང་སོག་གིས་རྒྱ་ཡང་གནོན་མི་རུང་།   སྦག་ཕན་ཚུན་གནོན་རེས་བྱེད་པར་སྦག་གྲངས་གཅིག་པ་དགོས་ཀྱི་ཡོད།    དཔེར་ན་མི་ཞིག་གིས་ཕག་གསུམ་རྒྱབ་ན་གཞན་ཚོས་རིམ་པ་བཞིན་སྦག་རིམ་མཐོ་བའི་སྦག་གཅིག་ མཚུངས་གསུམ་རྒྱབ་ནས་གནོན་དགོས།  དེ་མེད་ན་རང་གི་སྦག་གསུམ་ཁ་སྦུབ་ནས་ཤི་དགོས་པ་གཞན་ལ་གཅིག་མཚུངས་ཡིན།     དམིགས་བསལ་གྱི་སྦག་ཁག་གཅིག་གཞན་གྱིས་ཚུར་སྣོན་མི་ཐུབ་ལ་སྦག་གཞན་ཕར་ཡང་གནོན་ཐབས་མེད་པ་ སྟེ།      མ་དང་བུ་གཉིས་སྦྲེལ་མར་འཕངས་པའི་མ་བུ་རྒྱུན་ཇིན་ཞེས་པ་དང་།       མ་དང་ཚིལ་དམར་གཉིས་སྦྲེལ་མར་འཕངས་པའི་ཟླ་ཕིགས་ཞེས་པ།     བུ་དང་འུག་དམར་སྦྲེལ་མར་འཕངས་པའི་ཤ་ཕིགས་ཞེས་པ་དེ་གསུམ་ཡིན། འོན་ཀྱང་དམིགས་བསལ་དུ་ཤ་ཕིགས་དེ་ཟླ་ཕིགས་ཀྱིས་གནོན་པ་ཡིན། སྐབས་རེ་རྒྱ་སོག་མཉམ་དུ་རྒྱག་པའང་ཡོད་དེ་རྒྱའི  ཏིག་དང་སོག་གི    ལྤགས་མཉམ་དུ་ཏིག་ལྤགས་ཞེས་རྒྱག་པ་དེ་རྒྱའི  ཐན་དང་སོག་གི    ཆུ་མཉམ་དུ་སྦྲེལ་བའི་ཐན་ཆུ་ཡི་ གནོན་ཐུབ་ཀྱང་ཏིག་ལྤགས་ཀྱི་རྒྱ་སོག་དང་མང་ཉུང་མཉམ་དགོས་པ་དཔེར་ན།   ཏིག་གཉིས་དང་ལྤགས་གསུམ་སྦྲེལ་ བའི་ཏིག་ལྤགས་ལྔ་སྦྲེལ་དེ་ཐན་གཉིས་དང་ཆུ་གསུམ་གྱི་ཐན་ཆུ་ལྔ་སྦྲེལ་གྱིས་གནོན་ཐུབ་པ་ལས་ཐན་གསུམ་དང་ཆུ་གཉིས་ ལས་གྲུབ་པའི་ཐན་ཆུ་ལྔ་སྦྲེལ་གྱིས་གནོན་མི་ཐུབ་བོ།   དེ་བཞིན་ཡང་སྐབས་རེ་ལིངས་ཞེས་སྦག་བཞི་རྒྱག་གི་ཡོད་པ་དེའི་ ལིངས་ཞེས་པ་ནི་ཡོངས་རྫོགས་ཀྱི་དོན་ཡིན་དཔེར་ན།   འུག་ལིངས་ཞེས་པའི་སྐབས་མི་དེར་འུག་བཞི་ཚང་མ་རགས་ཡོད།

རྒྱན་བརྩི་སྟངས།

བོད་སྦག་གི་རྒྱན་བརྩི་སྟངས་ལ་འདྲ་མིན་སྣ་ཚོགས་ཡོད་དེ།   ཕལ་ཆེ་བ་ནི་སྦག་མགོ་འཛུགས་སྐབས་མི་རེར་རྡེའུ་བཅུ་རེ་དང་ལག་ཁྱི་བཞི་ནས་བདུན་བར་གང་རུང་གཅིག་མཚུངས་སྤྲོད་ཀྱི་ཡོད་པས་ལག་ཁྱི་གཅིག་ལ་བཅུ་རྡེལ་ཟེར་ནས་རྡེའུ་ བཅུ་རེ་མཚོན་པ་བྱེད་ཀྱི་ཡོད།   རྡེའུ་ཕན་ཚུན་གྱི་ཐོབ་ཤོར་གཙོ་བོ་ཇིན་ལ་ཐུག་པ་ཡིན། ཇིན་ལ་དབྱེ་ན་གཏན་འཇགས་ཀྱི་ཇིན་ཏེ་མ་བུ་རྒྱུན་ཇིན་དང་།   འགྱུར་འགྲོ་བའི་ཇིན་ཏེ་ཐོག་མར་སྦག་ཕུང་བགོས་སྐབས་ཤོ་མིག་ག་རེ་བབས་པ་དེ་སྦག་ཐེངས་དེའི་ཇིན་ལ་བརྩིས་ཀྱི་ཡོད།   དེ་ཡང་ཇིན་དེ་སྦག་ཐེངས་དེའི་དོན་མཇུག་ཤོས་མ་ཡིན་པའི་དུས་ཅི་འདྲར་རྒྱབ་རུང་ཇིན་རྡོ་ཞེས་གཞན་གསུམ་པོས་ཇིན་རྒྱག་མཁན་དེར་རྡེའུ་རེ་སྤྲོད་དགོས།  གལ་ཏེ་ཇིན་དེ་མཇུག་ཤོས་དེར་རྒྱག་ཐུབ་ན་ཇིན་གཅིག་ལ་རྡོ་བཅུ་གཉིས་དང་།  ཇིན་གཉིས་ལ་རྡོ་ཉེར་བཞི། ཇིན་གསུམ་ལ་རྡོ་སོ་དྲུག ཇིན་བཞི་ལ་རྡོ་ཞེ་བརྒྱད་སྤྲོད་དགོས་པ་སོགས་ཡིན། 

སྤྱིར་བཏང་བྱས་ན་སྦག་ཐེངས་རེར་ཁྱོན་ཇིན་དྲུག་ཡོད་སྟེ་མ་བུ་རྒྱུན་ཇིན་གཉིས་དང་། འགྱུར་ཇིན་བཞི་ཡོད།  དམིགས་བསལ་སྐབས་ནི་མ་བུ་གཉིས་ཀྱི་ཤོ་མིག་ལངས་སྐབས།  ཇིན་མང་ཤོས་ལ་བཞི་ཐོན་པ་དང་དེ་མིན་ན་གསུམ་དང་གཉིས་ལས་ཐོན་རྒྱུ་མེད།   དེ་ཡང་མ་བུ་མཉམ་དུ་དོན་ན་ཇིན་གཉིས་རེར་བརྩི་བས་བཞི་དང་།   སོ་སོར་རྒྱབ་ན་ཤོ་མིག་བབས་པའི་སྦག་སྟེ་ཇིན་གཉིས་ལས་མེད།  རང་སོ་སོར་ཐོབ་པའི་སྦག་ཕུང་དག་སྦག་ཅོག་གི་ཟུར་དུ་སྒྲིག་ནས་བུབས་གཅིག བུབས་གཉིས་ཟེར་ཏེ་དེ་ལྟར་སྦག་བཞི་རྩེག་གི་སྦག་ཕུང་དྲུག་ཚང་ན་བུབས་ཁེངས་པ་ཞེས་བརྗོད།  བུབས་ཁེངས་ཡོད་ན་སྦག་མཇུག་ཏུ་གཞན་གྱིས་ཇིན་ག་ཚོད་བརྒྱབ་རུང་རྡོ་སྤྲོད་དགོས་མེད།  དེ་ལས་ལྡོག་སྟེ་རང་ཉིད་ལ་བུབས་ཐོལ་པ་ཡོད་ཚེ་བུབས་ལྷག་ཞེས་སྦག་མཇུག་ཐོབ་མཁན་གྱི་ས་ནས་ཇིན་རྒྱབ་མེད་དུས་བུབས་ལྷག་གཅིག་ལ་རྡོ་གཅིག་དང་ཇིན་གཅིག་རྒྱག་དུས་རྡོ་གཉིས།   ཇིན་གཉིས་རྒྱག་དུས་རྡོ་བཞི།  ཇིན་གསུམ་རྒྱག་དུས་རྡོ་དྲུག་སོགས་ལེན་རྒྱུ་ཡོད་པ་དང་འདྲ་བར་རང་གི་བུབས་ཁེངས་མེད་ན་རྩིས་རྒྱག་སྟངས་གཅིག་པའི་ཐོག་ནས་སྦག་མཇུག་ཐོབ་མཁན་ལ་རྡོ་སྤྲོད་དགོས་པ་ཡིན།   རང་སོ་སོའི་བུགས་ཁེངས་མཚམས་སུ་རང་གིས་མུ་མཐུད་རྒྱབ་པའི་སྦག  གཞན་གྱིས་སྣོན་མི་ཐུབ་པ་གཏན་འཁེལ་ཡིན་ཚེ་གཞི་ནས་རྒྱག་པ་ལས་དེ་མིན་ན་བུབས་ཁེངས་ཆ་ཡོད་ཆ་དང་ཆ་མེད་ཡ་ཞེས་སྔོན་ལ་རྒྱའི་ཁོངས་ཀྱི་སྦག་ཆ་ཞིག་རྒྱག་དགོས།  རྒྱའི་ཁོངས་ཀྱི་སྦག་ ཆ་མེད་ན་སོག་ཁོངས་ཀྱི་སྦག་ཆ་ཞིག་རྒྱག་དགོས།   དེ་ཡང་མེད་ན་སྦག་རྐྱང་པ་གང་རུང་ཞིག་དོན་ན་འགྲིག   གཞན་ ཡང་བོད་སྦག་རྒྱག་སྐབས་དང་ཐོག་མི་གཅིག་གིས་ཤོ་རང་དགར་དབྱུགས་ནས་ཤོ་ཐོག་མར་དབྱུགས་མཁན་དེ་གཏན་འཁེལ་བྱེད་སྟངས་མཱ་ཅང་རྒྱག་སྐབས་དང་འདྲ་རུང་དེ་རྗེས་ཀྱི་ཤོ་མཱ་ཅང་ཐོབ་མཁན་གྱིས་དབྱུགས་པ་དང་མི་འདྲ་བར་སྦག་ཐོབ་ མཁན་གྱི་ཁ་སྤྲོད་དམ་མདུན་ངོས་ཀྱི་མི་དེས་དབྱུགས་པ་ཡིན།