ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > རྒྱན་གོས།

༄༅།། སྤོ་མེས་རྫོང་གི་བོད་ལྷམ་བཟོ་རྩལ།

སྤེལ་དུས 2009-09-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། རྩོམ་པ་པོ། བདེ་ལྷ་མོས་བསྒྱུར།


སྤོ་མེས་རྫོང་གི་བོད་ལྷམ་བཟོ་མཁན་ཨ་ཆེ་བ་དང་ཁོང་གི་བུ་རྡོ་རྗེ།


སྤོ་མེས་བོད་ལྷམ།


ལག་ཤེས་ལ་བརྟེན་ནས་བཟོས་པའི་སྤོ་མེས་བོད་ལྷམ།

ཉིང་ཁྲི་ས་ཁུལ་གྱི་སྤོ་མེས་རྗོང་ནི་ལོ་རྒྱུས་རིང་ཞིང་རིག་གནས་ཀྱི་རྫོང་སྟུག་པ་དང་། སྤོ་མེས་རྫོང་ཁོངས་ཀྱི་ཕར་ལུང་གཙང་པོའི་སྟོད་རྒྱུད་ཀྱི་ཆུ་རྫོང་གཙང་པོའི་ཤར་འགྲམ་དུ་མདའ་རྟ་ཞེས་པའི་གྲོང་ཚོ་ཞིག་ཡོད་ལ། གྲོང་ཚོའི་མིང་དེ་ནི་ས་དེའི་སྐད་གྲགས་ཡོད་པའི་མདའ་རྟ་རྟ་རྩལ་འགྲན་བསྡུར་ལས་བྱུང་བ་རེད།

  སྤོ་མེས་ཀྱི་སྐྱེས་པ་ཚོས་རྟར་བཞོན་སྐབས་ཅིས་ཀྱང་བོད་ལྷམ་གྱོན་ཞིང་། བོད་ལྷམ་ནི་སྲོལ་རྒྱུན་གྱི་ཆས་གོས་མེད་དུ་མི་རུང་བ་ལྟ་བུར་གྱུར་ཡོད། གྲོང་ཚོ་དེའི་དགུང་ལོ་༥༦ལ་སོན་པའི་ཨ་ཆེ་བ་ལགས་ནི་བོད་ལྷམ་བཟོ་བར་མཁས་པོ་ཡོད་ཅིང་། ད་ལྟ་སྤོ་མེས་བོད་ལྷམ་བཟོ་ཤེས་མཁན་ནི་ཁོང་ཉིད་གཅིག་པུ་ཡིན་པ་རེད།

   ཨ་ཆེ་བ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། བོད་ལྷམ་གྱི་ལྷམ་མཐིལ་ནི་ཀོ་བ་དཀར་པོས་བཟོ་ཞིང་། མཐུག་ཚད་ལ་སྤྱིར་བཏང་ལི་སྨི་༤ཙམ་ཡོད་ལ། ས་ཆ་གཞན་པའི་ལྷམ་མཐིལ་ལས་ལྡབ་གཉིས་མཐུག་པ་རེད། ལྷམ་མཐིལ་ཚང་མ་རྩིད་སྐུད་སོགས་ཀྱིས་གཙག་གི་ཡོད་པས་ཧ་ཅང་སྲ་མོ་ཡིན། ལྷམ་བཟོ་བྱེད་ཀྱི་ཀོ་བ་ཆབ་མདོ་དང་ལྷ་ས་ནས་ཉོ་དགོས་པ་དང་། ལྷམ་ངོས་ལ་མདོག་དམར་པོ་དང་ལྗང་ཁུའི་བལ་གྱི་རི་མོས་བརྒྱན་པས་ཚོན་མདངས་རབ་ཏུ་བཀྲ། ལྷམ་དབྱིབས་མི་འགྱུར་བའི་ཆེད། ལྷམ་ཆ་ཡར་ཁྱད་པར་མེད་ལ་ཆ་ཡ་གང་གོན་ཀྱང་ཆོག་པ་རེད།

ཁྱད་ཆོས་ལྡན་པའི་བོད་ལྷམ་འདི་འདྲ་ཞིག་བཟོ་བར་ཉིན་བཅུ་ཙམ་གྱི་དུས་ཡུན་དགོས་ཤིང་། བཟོ་བྱེད་ཀྱི་རྒྱུ་ཆར་སྒོར་༥༠༠དང་། བཙོང་ན་སྒོར་༡༠༠༠ལྷག་ཁུག་གི་ཡོད། ཨ་ཆེ་བ་ཚང་ལ་མཚོན་ན། ལྷམ་བཟོ་བ་ནི་འབྲོག་ལས་དང་དབྱར་རྩྭ་དགུན་འབུ་བརྐོ་རྒྱུ་གཉིས་ཕུད་པའི་དངུལ་གྱི་ཡོང་ཁུངས་གསུམ་པ་དེར་གྱུར་འདུག

 ཤེས་རྟོགས་བྱུང་བ་ལྟར་ན།བོད་ལྷམ་ལ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་།བོད་ལྷམ་བཟོ་བའི་གྲོང་ཚོ་བོད་ལྗོངས་ཀྱི་ས་ཁུལ་གང་སར་ཁྱབ་ཡོད་ལ།བོད་རང་སྐྱོང་ལྗོངས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་ནས།བོད་ལྷམ་བཟོ་རྩལ་རྩད་གཅོད་དང་རྒྱུད་འཛིན་བྱེད་པའི་ལས་ལ་གཞོལ་བཞིན་ཡོད།

ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། བདེ་ལྷ་མོས་བསྒྱུར། ཟླ་གཞོན་ནས་ཞུས།