ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

༄༅།།ལྷ་བབས་དུས་ཆེན།

སྤེལ་དུས 2008-08-22 ཡོང་ཁུངས། 《བོད་མིའི་ཡུལ་སྲོལ་གོམས་གཤིས》 རྩོམ་པ་པོ། ས་གོང་དབང་འདུས།

 བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་ནི་སངས་རྒྱས་ལྷ་ཡུལ་ནས་མི་ཡུལ་ལ་བྱོན་པའི་དུས་བཟང་ལ་ངོས་འཛིན་ནས་བོད་པ་ཚོས་དཀར་ཕྱོགས་དགེ་བའི་ལས་ཀྱི་རིགས་ལམང་པོ་སྒྲུབ་སྲོལ་ཡོད། དེ་ཡང་བཤད་སྲོལ་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་ཡུམ་སྐུ་གཤེགས་ནས་ལྷ་ཡུལ་དུ་སྐུ་འཁྲུངས་པའི་རྗེས། ཡུམ་དང་ལྷ་རྣམས་ལ་ཆོས་གསུང་ཆེད། སྟོན་པ་ལྷ་ཡུལ་ལ་ཕེབས་ནས་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་སླར་ཡང་མི་ཡུལ་ལ་མར་བབས་པའི་དུས་ཁྱད་པར་ཅན་ཞིག་ཡིན་པས་ན། མི་ཚོས་དེ་ཉིན་དགོན་པ་ཁག་ལ་ཕེབས་ནས་མཆོད་མཇལ་བྱེད་པ་ལ་སོགས་རྒྱུན་ལྡན་དང་མི་འདྲ་བའི་རྣམ་དཀར་དགེ་བའི་ཚོགས་རླབས་པོ་ཆེ་གསོག་པའི་དོན་དུ་འབད་པ་གང་ཡོང་ཞུ་བ་མ་ཟད། རང་རང་སོ་སོའི་འཁོས་འབྱོར་ལ་གཞིགས་ནས་མཆོད་འབུལ་བསྙེན་བཀུར་དང་། ངན་སློང་ལ་སྦྱིན་པ་གཏོང་བ་ལ་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་གྱི་ཡོད། ཡང་ཡུལ་ལུང་འགའ་ཞིག་ལ་དེ་ཉི་ལྷ་འབེབས་པའི་སྲོལ་ཡང་ཡོད།

                                                                                                                                                   འབྲུག་མོས་ཞུ་དག་བྱས།