ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

༄༅།།དྲུག་པ་ཚེས་བཞི།

སྤེལ་དུས 2008-08-22 ཡོང་ཁུངས། 《བོད་མིའི་ཡུལ་སྲོལ་གོམས་གཤིས》 རྩོམ་པ་པོ། ས་གོང་དབང་འདུས།

དེ་ཡང་ལོ་རེའི་བོད་ཟླ་དྲུག་པའི་ཚེས་བཞི་ཉིན་བོད་པ་ཚོས་རྟག་ཏུ་གཏོང་བའི་དུས་ཆེན་ཆེ་གྲས་ཤིག་ཡིན། ཆོས་འབྱུང་ལོ་རྒྱུས་དག་ལས་གསལ་བ་ལྟར་ན། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་སངས་རྒྱས་ནས་རེ་ཞིག་མི་སྨྲ་ནགས་ཀྱི་དབྱིངས་སུ་བཞུགས་པའི་ཚེ། ལྷའི་རྒྱལ་པོ་ཚངས་པ་དང་། བརྒྱ་བྱིན་གྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་འབར་བ་དང་། ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་ཏེ་ཆོས་འཁོར་བསྐོར་བར་བསྐུལ་བའི་གསོལ་བ་བཏབ་པ་ན། ཟླ་དྲུག་པའི་ཚེས་བཞི་ཉིན་དུས་ལ་བབས་པར་གཟིགས་ནས་འཁོར་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་རེད། དུས་དེ་ནས་བཟུང་གང་གི་རྗེས་འབྲངས་པ་ཚོས་དྲན་རྟེན་གྱི་ཚུལ་དུ་ལོ་རེའི་དུས་ཚོད་དེའི་ནང་འཆར་ཅན་བཞིན་ཆོས་ཀྱི་མཛད་སྒོ་སྤེལ་བའི་གོམས་སྲོལ་ཆགས་པ་མ་ཟད། རྗེས་སུ་རིམ་འགྲོས་ཀྱིས་ཆོས་དང་འབྲེལ་ཆེ་བའི་དུས་ཆེན་དེ་དམངས་ཁྲོད་ཀྱི་དུས་ཆེན་ཞིག་ལ་གྱུར་པ་རེད། དེ་ཉིན་བོད་པ་ཚོས་དགོན་པ་དང་ལྷ་ཁང་སོགས་ལ་ཕེབས་ནས་མཆོད་མཇལ་གང་ལེགས་ཞུ་བ་མ་ཟད། གླིང་ག་སོགས་ལ་ཕེབས་ནས་ཇ་འཐུང་ཆང་འཐུང་དང་གླུ་གར་རྩེད་འཇོའི་རིགས་ལ་རོལ་བའི་གོམས་སྲོལ་ཡོད།

                                                                                                                                                  འབྲུག་མོས་ཞུ་དག་བྱས།