ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

ས་ག་ཟླ་བའི་དུས་ཆེན།

སྤེལ་དུས 2017-09-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྗོན་སྨྱུག
ལུམ་བྷིའི་ཚལ་དུ་སྐུ་བལྟམས་པའི་ཚུལ།

        ད་ལོའི་སྤྱི་ཟླ་༥བའི་ཚེས༢༡ཉིན་ནི་བོད་ལུགས་ཀྱི་ཟླ་བ་༤བའི་ཚེས༡ཉིན་ཏེ་ས་ག་ཟླ་བ་ཡིན། ཟླ་བ་འདི་ནི་བདག་ཅག་གི་སྟོན་པ་སངས་རྒྱས་མྱ་ངན་མེད་ལུམ་བྷིའི་ཚལ་དུ་སྐུ་བལྟམས་དང་། བར་དུ་སངས་རྒྱས་པ། མཐའ་མར་ཟག་མེད་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་བཅས་གསུམ་འཛོམས་ཀྱི་དུས་ཆེན་ཁྱད་པར་བ་ཞིག་ཡིན། ཚེས་གཅིག་ཉིན་ནས་བཟུང་ལྷ་ས་གཙོ་བྱས་པའི་བོད་ཁམས་ཡོངས་ཀྱི་སེར་སྐྱ་ཕོ་མོ་ཀུན་གྱིས་མཆོད་འབུལ་རྒྱས་བཤམས་གནང་བ་དང་། ལྷག་པར་དུ་སེ་འབྲས་དགའ་གསུམ་གཙོ་བྱས་པའི་དགོན་སྡེ་ཁག་གིས་གོས་སྐུ་བཤམས་པ་ལ་སོགས་པའི་ཆོ་ག་རིམ་དང་རིམ་སྤེལ་སྲོལ་ཡོད་མ་ཟད།  རྒྱ་ཆེ་མང་ཚོགས་ཀྱིས་དུས་ཆེན་འདིར་ཤ་ཟ་སྡིག་སྤངས་བྱེད་པའི་གོམས་སྲོལ་ཡང་ཡོད་པ་རེད། 

ས་ག་ཟླ་བའི་བྱུང་བ། 
         ༄༅། །བོད་ཟླ་བཞི་པ་ནས་ས་ག་ཟླ་བ་ཞེས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དང་དགའ་ལྡན་གྱི་གནས་ནས་གཟིགས་པ་ལྔས་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པར་བརྫུས་ཏེ་ས་ལུག་ཆུ་སྟོད་ཟླ་བ་དྲུག་པའི་ཚེས༡༥ཉིན་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ནས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ལུམ་བྷིའི་ཚལ་དུ་སྐུ་བལྟམས་པའི་དུས་ཆེན་དང་གཅིག ཤིང་རྟ་ས་ཟླ་ཡར་ཚེས༡༥ཡི་མཚན་མོ་བྱང་ཆུབ་ཆེན་པོའི་ཤིང་གི་དྲུང་དུ་གཡོ་བ་མེད་པའི་ཏིང་འཛིན་ལ་གནས་ཏེ་སྲོད་ལ་བདུད་བཏུལ་བ་དང་ཐོ་རེངས་མངོན་པར་སངས་རྒྱས་པའི་དུས་ཆེན་དང་གཉིས། ལྕགས་འབྲུག་ས་ག་ཟླ་བའི་ཚེས་༡༥ཉིན་རྩྭ་མཆོག་གྲོང་དུ་གཤེགས་ཏེ་ས་ལའི་ཚལ་གྱི་དབུས་ཐ་མལ་གྱི་གཟིམ་ཁྲིར་བཞུགས་ཤིང་ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན། ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་བའོ། ཆོས་ཐམས་ཅད་ནི་སྟོང་ཤིང་བདག་མེད་པ་ཞེས་གསུང་གི་ཐ་མ་བསྩལ་ནས་ཟག་མེད་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་དང་གསུམ་བཅས་ཀྱི་དུས་ཆེན་ཁྱད་འཕགས་ལ་མཆོད་འབུལ་སོགས་བྱས་ན་འགྱུར་ཆེར་བརྩི་བའི་ཟླ་བ་དེའི་རིང་དགོན་པ་ཁག་ལྟ་ཅི། རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་ཤ་ཟ་བ་སྤངས་པའི་གོམས་གཤིས་ཡོད་ཅིང་། གཞུང་གནས་དང་། རྩིས་ཁང་ལས་ཁུངས་ནས་ཤོད་སྐོར་གྱི་ས་ཟླའི་མཆོད་སྤྲིན་མ་དངུལ་སྐྱེད་འབབ་ཐོག་ཞལ་འདེབས་ཀྱིས་ཚེས་བརྒྱད་དང་། བཅོ་ལྔ། གནམ་གང་བཅས་ལ་གཙུག་ལག་ཁང་དང་། ར་མོ་ཆེ། རྩེ་འཕགས་པ་ལྷ་ཁང་བཅས་སོ་སོར་སྟོང་མཆོད་རེ་དང་། རྟེན་གཙོ་ཚང་མར་ཞལ་གསེར་སྒྲོན་འབུལ། ཕྱོགས་མཐའི་མཐའ་འདུལ་ཡང་འདུལ་སོགས་ཀྱི་རྟེན་ཁག་ལ་ཞལ་གསེར་སྒྲོན་འབུལ། སྙན་ཤལ་སོགས་ཀྱི་མཆོད་ཡོན་དོད་དངུལ་བཅས་བཀའ་ཤག་དམ་སྦྱར་བཀའ་རྒྱ་རེ་ཁུངས་སོ་སོར་གཏོང་སྲོལ་ཡོད། ཚེས་༡༥ཉིན་ཞོགས་པ་སྔ་ཆར་ཤོད་སྐོར་རྣམས་དམིགས་བསལ་གྱིས་ས་དབང་རྣམ་པ་ན་བཟའ་ཇུས་སེར་དང་། ཛ་ཐའི། རིམ་བཞི་བཅས་ན་བཟའ་མཛོད་སེར། རྩིས་དཔོན། བླ་ཕྱག་སྲས་རྣམ་པ། ལས་ཚན་པ། དྲུང་དཀྲུས། རྩིས་ཕྲུག་པ་བཅས་ཀྱི་ན་བཟའ་ཚོས་མན་ལི་སེར་དང་། དབུ་ཞྭ་ལྕང་མདའ་བཅས་གཟབ་བཞེས་དང་བཅས་ཞོགས་པ་གཙུག་ལག་ཁང་དུ་སྡེབ་འཛོམས་ཐོག་གནས་གཟིགས་ལ་གོ་རིམ་བཞིན་ཕེབས་ཏེ་ཇོ་བོ་རྣམ་གཉིས་དང་། ཐུགས་རྗེ་ཆེན་པོ་གསུམ་སོ་སོར་སྙན་ཤལ་ནང་མཛོད་སྣ་ལྔ་རེ་དང་། དེ་བྱིངས་ཚང་མར་ཨ་ཤེ། ཟུབ་ཕྱི། ཕྱི་མཛོད་བཅས་སྒྲོན་འབུལ། དཀྱིལ་འཁོར་མཐིལ་མཚོ་མིག་ལ་མཚོ་རྫས་རིན་ཆེན་སྣ་ལྔའི་འཐུམ། གནས་གཟིགས་གྲུབ་སྟེ་སྣང་ཤག་ལས་ཁུངས་ཀྱི་སྒོ་འགྲམ་ཕེབས་སྐབས་མི་དཔོན་གཉིས་དང་། གཉེར་དྲུང་། ཁང་གཉེར་བཅས་ཀྱིས་སྦྲང་བན་ཞུས་ཐོག ས་དབང་རྣམ་པ་བཞིའི་སྐུ་ཐར་ཉེས་ཅན་བཙོན་པ་མི་བཞི་པུས་མོ་བཙུགས་ནས་གྲལ་བསྒྲིགས་ཏེ་བསྡད་ཡོད་པ་ལ་བཀའ་མགྲོན་དང་། རྩིས་པས་མི་རེར་ཁ་བཏགས་རེ་གཡོག་སྟེ་གློད་བཀྲོལ་གནང་སྲོལ་འདུག དེ་ནས་ར་ཆེའི་གནས་གཟིགས་གནང་རྗེས་གླིང་བསྐོར་བརྒྱུད་ནོར་གླིང་ཕོ་བྲང་དུ་བཅར། རྟེན་གཙོར་སྙན་དར་སྒྲོན་འབུལ་མཛད། གསོལ་ཇ། བཞེས་འབྲས། དཀར་སྐྱོང་བཞེས་ཞོ། ཕེབས་སྒོ་བཞེས་ཟས་བཅས་ཕེབས། དེ་ནས་དྲུང་བཞེས་གྲོལ། བཀའ་བློན་ཚོ་བདེ་སྐྱིད་གླིང་ཁ་བར་ཡར་མར་ཆིབས་ཐོག་དང་། དེ་ནས་མུ་མཐུད་གླིང་བསྐོར་གྱི་གླང་ཁང་ཟུར་བརྒྱུད་རྩེར་གནས་གཟིགས་དང་། དེ་ནས་ཕྱིར་ཕེབས་ཀླུ་ཁང་ནང་དུ་ཕེབས་འབྱོར་མཚམས་ཀོ་དཔོན་གཉེར་པས་ཕེབས་ཀོ་ཉིས་སྤྲེལ་གཉིས་ཏེ་གཏོང་མི་ཀོ་པ་རྣམས་ཀྱང་རང་ལུགས་གྱོན་ཆས་གཟབ་མཆོར་གྱིས་ཕེབས་སྒུག་ཨང་གསར་ཐོག་ས་དབང་རྣམ་པ་འཁོར་བཅས་ཕེབས་ཀོར་བཞུགས། ཀླུ་ཁང་གི་རྡོ་སྐས་མཚམས་ཞོལ་གཉེར་སེར་སྐྱ་རྣམས་དང་གཉེར་དྲུང་བཅས་ནས་ཞབས་ཞུས་ཀྱི་ཀླུ་ཁང་གཟིམ་ཆུང་དུ་ས་དབང་རྣམ་པ་དང་། བྱིངས་བར་ཁྱམས་འཁོར་ཡུག་ཏུ་བཞུགས་སྒྲིག་སར་གོ་རིམ་བཞིན་འཁོད། ཞོལ་ལས་ཁུངས་ནས་གསོལ་ཇ། འབྲས་བསིལ། ལའི་ཞེས་སྤང་ལུམ་འཙིར་བའི་ཁུ་བ། དགུང་ཚིགས་དཀར་སྐྱོང་རིམ་འབུལ་ཞུས། ལྷ་སའི་ནང་མའི་སྐྱིད་སྡུག་པ་ཚོས་རོལ་ཆ་དང་། གཞས་ཞབས་བྲོ་རྣམ་ཐར་བཅས་གཏོང་མི་དང་། ཀོ་དཔོན་གཉེར་པ། ཞོལ་ནང་བཅས་པར་ལེགས་དར། དངུལ་གྱི་གནང་ཆ་བསྩལ་ཏེ་ཕེབས་ཀོར་མཚོ་བསྐོར་གནང་སྒོ་ཟིན་མཚམས་གླིང་བསྐོར་འཕྲོ་སྐྱོང་དུ་ཕེབས། དེ་ཉིན་རྩེ་ཡིག་ཚང་ལས་ཁུངས་ནས་ཀྱང་སྔོན་ཚུད་རྟེན་གཙོ་ཁག་ལ་ཏཱ་ལའི་བླ་མ་མཆོག་གི་ཐུགས་སྨོན་སྙན་ཤལ་ཞུ་ལེན་དང་། བྱིན་རྟེན། མཛོད་ཆུང་ཁོངས་ནས་སྤྲང་འགྱེད་བསྡོགས་ལེན་མཁན་དྲུང་བཞི་དང་། ཡིག་ཚང་འཁོར་བཅས་ན་བཟའ་རྒྱུན་ཆས་ཁ་གསར་གཟབ་མཆོར་གྱིས་སྔ་ཆར་རྩེ་ཕོ་བྲང་དུ་ཚང་འཛོམས་ཐོག་འཕགས་མཆོག་ལོ་ཀེ་ཤ་རྭས་གཙོས་རྩེའི་ལྷ་ཁང་ཁག་དང་། གོང་བཞིན་གླིང་བསྐོར་དུ་ཕེབས་ཏེ་ཀླུ་ཁང་། ར་ཆེ་གཙུག་ལག་ཁང་སོགས་ལ་གནས་གཟིགས། ཡིག་ཚང་ལས་བྱས་གཟིམ་ཆུང་སྐུ་སྒེར་གྱི་སྤྲང་འགྱེད་དང་། བྱིན་རྟེན་བཅས་ངན་སློང་ལ་སྤྲོད་པ་དང་། སྒེར་སོ་སོའི་མཆོད་འབུལ་གཟབ་རྒྱས་དང་སྦྱིན་གཏོང་སོགས་བྱེད་བཞིན་ཡོད། མང་ཚོགས་སེར་སྐྱ་རྣམས་ནས་ཀྱང་སྔ་དྲོ་ཕྱག་མཆོད་སོགས་ཚར་རྗེས་ཇ་ཆང་དང་། ཟ་ཆས་འཁྱེར་ཏེ་ཀླུ་ཁང་དུ་ཀོ་གྲུར་བསྡད་ནས་མཚོ་སྐོར་དང་། གཞས་རྣམ་ཐར་གཏོང་བས་མཚོན་སྤྲོ་སྐྱིད་གང་ལེགས་གཏོང་སྲོལ་ཡོད་པ་མ་ཟད། རང་རང་འཁོས་འབྱོར་ལ་དཔག་པའི་དཀོན་མཆོག་ལ་མཆོད་པ་དང་། སློང་མོ་བར་སྦྱིན་གཏོང་རྒྱ་གང་ཆེ་བྱེད་སྲོལ་ཡོད་ལགས།