ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཀྱི་སྟོད་གཞས།

སྤེལ་དུས 2018-04-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྱུར།

          བོད་མི་རིགས་ནི་མཛའ་བརྩེ་དང་མཐུན་སྒྲིལ་ཆེས་ཟབ་པའི་མི་རིགས་ཤིག་ཡིན་ལ།  རྒན་གཞོན་ཕོ་མོ་སུ་ཞིག་ཡིན་རུང་གླུ་གར་ལ་དགའ་བ་མ་ཟད། དུས་རྒྱུན་གྱི་དགའ་སྟོན་ཁྲོད། མི་རྣམས་ཀྱིས་ཕྱོགས་གཅིག་ནས་གླུ་ལེན་པ་དང་ཕྱོགས་གཅིག་ནས་བྲོ་འཁྲབ་པ་རེད། གླུ་དང་གར་ནི་ཕན་ཚུན་འབྲལ་ཐབས་མེད་ལ། གླུ་ལེན་པའི་དུས་སུ་ངེས་པར་དུ་གར་འཁྲབ་དགོས། གར་འཁྲབ་པའི་དུས་སུ་ངེས་པར་དུ་གླུ་ལེན་པ་རེད།     
          བོད་ལྗོངས་ཀྱི་དམངས་ཁྲོད་གླུ་གར་ནི་རྒྱ་མཚོ་བཞིན་ཟབ་ཅིང་ནམ་མཁའ་བཞིན་ཡངས་པ་ཞིག་རེད། སྟོད་གཞས་ནི་བོད་ལྗོངས་སུ་དར་ཁྱབ་ཆེ་བའི་དམངས་ཁྲོད་ཀྱི་གླུ་གར་ཞིག་ཡིན། དེ་ནི་སྲང་མགོ་དང་སྲང་མདོ།  ཁྱིམ་སྒོ་ཕྱི་ནང་སོགས་ག་ས་ག་ནས་མི་རྣམས་ཀྱིས་དར་ལུང་རྣ་བའི་བུ་ག་དང་འདྲེན་བྱེད་ཟུང་གི་དགའ་སྟོན་དུ་གྱུར་བའི་སྙན་འཇེབས་ཀྱི་གླུ་དང་ལྡེམ་མྱུར་གྱི་གར་ལ་བརྟེན་ནས་མངོན་པའི་སྒྱུ་རྩལ་གྱི་དགའ་སྟོན་ཆེན་མོ་ཞིག་ཀྱང་ཡིན། 
          སྟོད་གཞས། སྟོད་ནི་བོད་ལྗོངས་ཀྱི་ས་ཆ་ཆེ་གེ་མོ་ཡིན་པ་དང་། གཞས་ནི་གླུ་ཡི་དོན་ཡིན། སྟོད་གཞས་ནི་བོད་ལྗོངས་ཀྱི་སྟོད་ཕྱོགས་སུ་དར་བའི་དམངས་ཁྲོད་ཀྱི་གླུ་གར་ཞིག་ཡིན། སྟོད་གཞས་ནི་ཐུན་མོང་གི་འཁྲབ་སྟོན་བྱེད་པའི་གླུ་གར་གྱི་རྣམ་པ་ཞིག་ཡིན་ལ། སྟོན་འབྲས་བླངས་རྗེས་ཐུན་མོང་གི་དགའ་སྟོན་བྱེད་པའི་དུས་ཆེན་གྱི་རིགས་ཤིག་ལགས། རྗེས་སུ་སྒྱུ་རྩལ་བ་དག་གིས་ལས་སྣོན་དང་འདུལ་སྦྱོང་ལ་བརྟེན་ནས་བྲོ་གར་གྱི་རྣམ་པར་གྱུར་བའི་གར་གྱི་སྟངས་སྟབས་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད། རྐང་བའི་འཁྲབ་སྟོན་དང་ལུས་ཀྱི་རྣམ་འགྱུར་ལ་བརྟེན་ནས་བྱུང་བའི་བྲོ་གར་གྱི་རྣམ་པ་ཞིག་ཡིན།     
          སྟོད་གཞས་ལ་ས་གནས་དེ་ནས་ལྷོ་དང་བྱང་གི་ལུགས་གཉིས་ཡོད་པ་དང་། ལྷོ་ལུགས་ནི་ལྷོ་ཕྱོགས་ཀྱི་ས་གནས་སུ་དར་ཁྱབ་ཆེ་ལ་གཞས་སྙན་ལ་བྲོ་ཆེས་མཛེས་པ་ཞིག་ཡིན། བྱང་ལུགས་ནི་བྱང་གི་ས་གནས་སུ་དར་བའི་གླུ་དང་གར་གཉིས་ཀ་རྔམ་བརྗིད་ལྡན་པ་ཞིག་ཡིན། ཕྱིས་སུ་ལྷ་ས་དང་གཞིས་ཀ་རྩེ། རྒྱང་རྩེ་སོགས་གྲོང་ཁྱེར་དུ་དར། ལྷ་སའི་མི་རྣམས་ལ་སྟོད་གཞས་ལེན་ཕྱོགས་དང་བྲོ་འཁྲབ་པར་བཟང་ངན་དབྱེ་འབྱེད་ཀྱི་ཚད་གཞི་མང་བོ་ཞིག་མཆིས། བྲོ་འཁྲབ་མཁན་གྱི་མགོ་ལ་དཀར་ཡོལ་ཆུས་བཀང་བ་ཞིག་བཞག་རྗེས། བྲོ་གར་མཇུག་རྫོགས་རྗེས། ཆུ་ཏོག་ཙམ་ཡང་ཕྱིར་འཕོ་མི་རུང་། དེ་ནི་སྟོད་གཞས་ཀྱི་བྲོ་གར་བ་ཞིག་གི་བཟང་ངན་ཚད་འཇལ་བྱེད་ཅིག་ཡིན།  
          སྟོད་གཞས་ལ་སྔོན་རྗེས་གཉིས་སུ་བགར་ཡོད་ལ། སྔོན་མ་ནི་གླུ་ལེན་པ་གཙོ་བྱས་ལ། དབྱངས་འགྲོས་དང་བསྟུན་ནས་གཙོ་བོ་གར་གྱི་སྟངས་སྟབས་དང་འགྱུར་བ་ཡིན། ཕྱི་མ་ནི་བྲོ་གར་གཙོ་བྱས་ཏེ་གར་གྱི་འགྱུར་བ་དང་དབྱངས་འགྲོས་དང་བསྟུན་ནས་གཙོ་བོ་གར་གྱི་གསོན་ཉམས་དང་ཕུན་སུམ་ཚོགས་པའི་བྲོ་གར་སྒྱུ་རྩལ་གྱི་ཕུགས་འདུན་ཞིག་མངོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ནོ། །