ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

ཁ་དོག་སྣ་ལྔའི་མེ་ཏོག་གིས་ཞོ་སྟོན་དུས་ཆེན་བསུ་བ།

སྤེལ་དུས 2019-08-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཟླ་8པའི་ཚེས་27ཉིན།  གསར་འགོད་པས་ལྷ་ས་གྲོང་ཁྱེར་སྐྱེད་ཚལ་ཅུས་ནས་ཤེས་རྟོགས་བྱུང་བར།  ཞོ་སྟོན་དུས་ཆེན་བསུ་བ་དང་གྲོང་ཁྱེར་གྱི་རྣམ་པ་མཛེས་པར་གཏོང་ཆེད།   ད་ལོར་ལྷ་ས་གྲོང་ཁྱེར་སྐྱེད་ཚལ་ཅུས་ནས་མེ་ཏོག་རྫ་མ་ཁྲི་8ལྷག་བཀོལ་ནས་ལྷ་ས་གྲོང་ཁྱེར་གྱི་མཚོན་བྱེད་རང་བཞིན་ལྡན་པའི་ས་གནས་མང་པོར་མེ་ཏོག་བརྐོས་འགྲེམས་ཆེན་མོ་བཤམས་ཡོད།
            ཞོགས་པར།  གསར་འགོད་པ་ལྕགས་པོ་རིའི་གླིང་གར་སླེབས་པ་དང་།   ཕྱོགས་བཞིར་རྣམ་པ་སྣ་ཚོགས་དང་ཁ་དོག་སྣ་ལྔའི་མེ་ཏོག་གི་རྫ་མས་བསྐོར་ཡོད།   “ཐེངས་འདིར་ང་ཚོས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་།   ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཐང་ཆེན།  ནོར་བུ་གླིང་ག  ལྕགས་པོ་རིའི་གླིང་ག  མཚོ་བོད་ཁྲོན་བོད་གཞུང་ལམ་ཤར་གཏོང་རྗེས་དྲན་རྡོ་རིང་སོགས་ས་གནས་ཁག་བརྒྱད་ལ་མེ་ཏོག་བཤམས་ཡོད་ལ།   བསྡོམས་མེ་ཏོག་རྫ་མ་ཁྲི་8བཀོལ་ནས་མཛེས་བཟོ་བྱས་པ་ཡིན།”ཞེས་ལྷ་ས་གྲོང་ཁྱེར་སྐྱེད་ཚལ་ཅུས་ཀྱི་འབྲེལ་ཡོད་འགན་འཛིན་པས་དེ་ལྟར་བརྗོད་བྱུང་།   ད་ལོའི་ཞོ་སྟོན་དུས་ཆེན་གྱི་མེ་ཏོག་བཤམས་པའི་འཆར་འགོད་ཐད་མུ་མཐུད་ནས་གསར་གཏོད་ཀྱི་གྲོན་ཆུང་དང་བདེ་འཇགས་ཀྱི་ཚད་གཞི་ཞེས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད་པ་དང་།   བཤམས་སྟོན་བྱེད་པའི་སྐབས་སུ་ལོ་སྔོན་མ་དག་གི་མེ་ཏོག་གི་ཆ་སྒྲོམ་དང་འཁོར་ལོ་བེད་སྤྱོད་བྱས་པས།  རྒྱུ་ཆའི་ཐད་ཀྱི་འགྲོ་སོང་ཇེ་ཉུང་དུ་བཏང་ཡོད།   མེ་ཏོག་བཟོ་སྐྲུན་དང་དཔེ་གཞིའི་ཐད་ནས།   མི་རིགས་རིག་གནས་ཀྱི་རྣམ་པ་མཚོན་པ་ལས་གཞན།   “ཀྲུང་གོའི་ས་གཞི་ཆེན་པོར་མེ་ཏོག་རྣམ་པར་བཀྲ་ཞིང་།   རླུང་གཡབ་ཞབས་བྲོས་ཞོ་སྟོན་བསུ་བ། ”ཞེས་པའི་བརྗོད་དོན་གཙོ་བོ་འབུར་དུ་བཏོད་ཡོད།

 

            ཤེས་རྟོགས་བྱུང་བར་གཞིགས་ན།  དུས་ཆེན་གྱི་ཁོར་ཡུག་བསྐྲུན་ཆེད།  ལྷ་ས་གྲོང་ཁྱེར་སྐྱེད་ཚལ་ཅུས་ཀྱིས་ལོ་རེ་བཞིན་སེམས་ཞིབ་མོའི་སྒོ་ནས་དུས་ཆེན་གྱི་མེ་ཏོག་བཤམས་སྟོན་ཇུས་འགོད་བྱེད་པ་རེད།   ལོ་སྔོན་མ་དག་དང་མི་འདྲ་བ་ནི་ཐེངས་འདིར་བཤམས་སྟོན་བྱེད་པའི་མེ་ཏོག་གི་སྣ་ཁ་ལ་སྐལ་བཟང་མེ་ཏོག་དང་།  སྤྱང་ཚེར་དཀར་པོ།   ཐག་འཁྱུད་ཐུང་བ།  མེ་ཏོག་མདའ་དར།  རྨ་བྱའི་མེ་ཏོག ལུག་མིག་མེ་ཏོག་སོགས་རིགས་བཅུ་ལྷག་ཡོད།  “ད་ལོའི་ཞོ་སྟོན་དུས་ཆེན་གྱི་མེ་ཏོག་བཤམས་སྟོན་ལ་སྐལ་བཟང་མེ་ཏོག་གཙོ་བོ་ཡིན་ཏེ།  མེ་ཏོག་ཡོངས་ཀྱི་བརྒྱ་ཆ་དྲུག་ཅུ་ལྷག་ཟིན་ཡོད།”ཅེས་དེའི་འགན་འཛིན་པས་དེ་ལྟར་བརྗོད་བྱུང་།

            གསར་འགོད་པས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ལས་བྱེད་མི་སྣས་བྲེལ་འཚུབ་ངང་མེ་ཏོག་གི་ཆ་སྒྲོམ་བཟོ་བཞིན་པ་མཐོང་བ་དང་།   ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་མེ་ཏོག་བཤམས་སྟོན་གྱི་འབྲེལ་ཡོད་འགན་འཛིན་པས་གསར་འགོད་པར་བརྗོད་དོན།   ཐང་ཆེན་གྱི་བཤམས་སྟོན་དེ་རིང་འགྲུབ་ཐུབ་ལ།   གྲོང་ཁྱེར་གྱི་མི་རྣམས་ཡོང་ནས་ལྟད་མོར་གཟིགས་ཏེ།  དུས་ཆེན་གྱི་ཚོར་བ་ཉམས་སུ་མྱོང་ཆོག་ཟེར།