དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

རྡོ་ཆས་གསར་བའི་དུས་སྐབས་སུ་རྒྱལ་རོང་དུ་མིའི་འགྲོ་བ་ཡོད།

སྤེལ་དུས 2020-12-29 ཡོང་ཁུངས། རྔ་བའི་རྔ་སྒྲ། རྩོམ་པ་པོ།
          བོད་ཡིག་གི་ལོ་རྒྱུས་ལས་རྡོ་ཆས་གསར་བའི་དུས་སྐབས་ནས་རྒྱལ་རོང་དུ་མིའི་འགྲོབ་ཡོད་དེ། རྒྱ་ཡིག་གི་ལོ་རྒྱུས་སམ་ཡང་ན་བོད་ཡིག་གི་ལོ་རྒྱུས་གང་ལ་བལྟས་ཀྱང་། སྤྱི་ལོ་སྔོན་དུ་རྒྱལ་རོང་གི་རིག་གནས་ལོ་རྒྱུས་བྲིས་པ་ཤིན་ཏུ་དཀོན། དགའ་འོས་པ་ཞིག་ལ། བླ་མ་འཆི་མེད་ཚེ་དབང་རིག་འཛིན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་ལས་འདི་ལྟར་བྲིས་ཡོད་དེ། 
          ཤར་ཕྱོགས་རྒྱལ་མོ་རོང་ཆེན་གྱི།། སྦས་པའི་རོང་བཞི་ཤོད་ཆེན་བཅོ་བརྒྱད་ལ།། འགྲོ་དོན་དུས་ཀྱི་ས་རྟགས་རིམ་པ་གསུམ།། སྦས་པའི་ཡུལ་དེར་ཤིང་ཁང་ཉལ་ཉུལ་ཆགས།། རི་ཀླུང་ཀུན་ལ་མི་ཡི་གང་བའི་ཚེ།། ཟས་སུ་རི་དྭགས་ཤ་ཁྲག་སྲོག་ལ་འཚོ།། དེ་དུས་སྦས་པའི་རྣལ་འབྱོར་རེ་འགའ་ཡིས།། གནས་ཆེན་ལ་འགྲིམ་བསྒྲུབ་པའི་ཚད་མ་འབྱུང་།། སངས་རྒྱས་མཚན་ཞེས་རྣ་བར་ཐོས་ཙམ་འགྱུར།། དེ་འོག་ས་གཞིར་གླེགས་བམ་གཏོར་འདྲའི་གསེབ།། རྡོ་མཁར་སྐྱ་ངོ་ཁྲོམ་ཚོགས་འདུས་འདྲ་ཡོད།། དེ་དུས་ངེས་མེད་བོན་ཆོས་གང་མང་སྲིད།། གསས་ཁང་འཐབ་ཁང་འདྲེས་མ་མང་དུ་འབྱུང་།། དེ་མིན་མུ་གེ་དམར་ནག་མི་ཕྱེད་འཆི།། དེ་དུས་རྡོ་མཁར་དཀར་བོ་ཚོན་གྱིས་བསྒྱུར།། གདུང་བརྒྱུད་རྒྱལ་པོ་གདུང་རུས་སིལ་བུར་འཆོར།། ལུང་པ་རེ་ལ་ཡུལ་གྱི་དཔོན་འགོ་རེ། །ནང་འཁྲུགས་མནའ་སྡིག་མཐུ་དུག་སྤྲིན་ལྟར་གཏིབས།། དེ་ལ་སྟོང་རྒྱུང་སྤྲུལ་བ་མངོན་མྱུར་བའི།། དྲུང་མི་ཧ་ར་ཞེས་བྱ་རྣལ་འབྱོར་ཅིག །སྦས་པའི་ཡུལ་དེ་འབྱོན་ནས་འགྲོ་དོན་མཛད།།

          ས་འོག་ནས་ཐོན་པའི་རིག་དངོས་དག་གིས་རྡོ་ཆས་གསར་བའི་དུས་སྐབས་ནས་རྒྱལ་རོང་དུ་མིའི་འགྲོ་བ་ཡོད་པ་བདེན་དཔང་བྱས་ཡོད་དེ།1964ལོར། ལིས་རྫོང་མདའ་རི་སྡེ་བ་ནས་རྫ་ཆས་391དང་རྡོ་ཆས་17རྙེད། རྫ་ཆས་དང་རྡོ་ཆས་ཀྱི་དབྱིབས་དང་ཁྱད་ཆོས་ལ་བལྟས་ན། རྡོ་ཆས་གསར་བའི་དུས་རབས་ཀྱི་གནའ་རྫས་ཤིག་རེད། 2003ལོ་དང་2006ལོར། འབར་ཁམས་ལྷ་ཤུགས་རྗེས་ཤུལ(སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་གསར་རྫོང་ཡུལ་ཚོ་ལྷ་ཤུགས་སྡེ་བ་རུ་སྐོར་དང་པོ།)ནས་ཤུལ་རྫས་རིགས་སྟོང་ལྷག་རྙེད།

          ཆེད་མཁས་པས་ས་འོག་ནས་ཐོན་པའི་ཤུལ་རྫས་དེ་དང་ཉེ་འཁོར་ས་ཁུལ་དང་ནང་སྒོས་སུ་རྨིན་ཅང་སྟོད་རྒྱུད། རྨ་ཆུའི་སྟོད་རྒྱུད་ཀྱི་རྡོ་ཆས་གསར་བའི་དུས་སྐབས་ཀྱི་རྗེས་ཤུལ་དང་གཤིབ་སྡུར་བྱས་ཙ་ན། ལྷ་ཤུགས་ཤུལ་རྗེས་ཀྱི་ལོ་རབས་ནི་ལོ་5500ནས་4000བར་འགོར་ཡོད་པ་ཐག་གིས་ཆོད། ལྷ་ཤུགས་རྗེས་ཤུལ་ནི་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་མངའ་ཁོངས་ཀྱི་རིག་གནས་ཀྱི་ལྟེ་བ་ཞིག་ཡིན་ལ། ལོ་5500སྔོན་ནས་རྒྱལ་རོང་དུ་མིའི་འགྲོ་བ་ཡོད་པ་གསལ་བོར་ཤེས་ཐུབ་པར་མ་ཟད། ཅུང་དར་རྒྱས་ཆེ་བའི་གནའ་རབས་རིག་གནས་ཀྱང་གསར་དུ་དར་ཡོད། 2010ལོར། ལིའུ་ཚང་སྡེ་བའི་རྗེས་ཤུལ་(སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཆུ་ཆེན་རྫོང་དགའ་གནས་ཡུལ་ཚོ།)ནས་རྫ་ཆས་དང་སྲོག་ཆགས་ཀྱི་ཀེང་རུས། རྡོ་ཆས་མང་པོ་རྙེད་དེ། ཆེད་མཁས་པས་རྗེས་ཤུལ་དེ་ཡང་རྡོ་ཆས་གསར་བའི་དུས་མཇུག་གི་རྗེས་ཤུལ་དུ་ངོས་བཟུང་ཡོད། རྗེས་ཤུལ་དེ་ནི་2012ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་གསར་རྙེད་ཆེན་པོ་བཅུའི་གྲས་སུ་བཞག

          ད་བར་རྒྱལ་རོང་ནས་རྙེད་པའི་མདའ་རི་རིག་གནས་དང་ལྷ་ཤུགས་རིག་གནས། ལིའུ་ཚང་སྡེ་བའི་རིག་གནས་དག་ནི། ཉེ་འཁོར་གྱི་རྨིན་ཅང་སྟོད་རྒྱུད་ཀྱི་མའོ་རྫོང་དམག་སྒར་རི་བོའི་རྗེས་ཤུལ་དང་ཝུན་ཁྲོན་རྫོང་ཅང་ཝའེ་ཁྲེན་གྱི་རྗེས་ཤུལ་གྱི་རིག་གནས་དང་ཕལ་ཆེར་འདྲ་བར་མ་ཟད། རྨ་ཆུའི་སྟོད་རྒྱུད་ས་ཁུལ་གྱི་ཁ་ཡོ་རིག་གནས་དང་མ་ཅཱ་ཆིང་རིག་གནས། དབྱང་ཀྲའོ་རིག་གནས་དང་འབྱུང་ཁུངས་གཅིག་ཡིན། ཁམས་པའི་རྫ་ཆུ་དང་ཟླ་ཆུ་རྒྱུད་ཀྱི་ཆབ་མདོ་ཁ་རོ་རིག་གནས་དང་ངོ་བོ་གཅིག་ཡིན་ལ། རྡོ་ཆས་གསར་བའི་དུས་སྐབས་སུ་རྒྱལ་རོང་དུ་གཞིས་ཆགས་པའི་མིའི་འགྲོ་བ་ནི། རྨིན་ཅང་སྟོད་རྒྱུད་དང་རྨ་ཆུའི་སྟོད་རྒྱུད། རྫ་ཆུ་དང་ཟླ་ཆུའི་བཞུར་རྒྱུན། བོད་ཀྱི་མེས་པོ་རྣམས་དང་ཤ་རུས་གཅིག་ཏུ་གྲུབ་ཅིང་རིག་གནས་འབྱུང་ཁུངས་འདྲ་བ་གསལ་བཤད་བྱས་ཡོད་དོ།། 
རྩོམ་སྒྲིག་པ། སྣང་རྡོར།