ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

སྤྲིན་པའི་ཁྲོད་ནས་ཁ་བ་དཀར་པོས་འཛུམ་དཀར་བཞད།

སྤེལ་དུས 2021-12-07 ཡོང་ཁུངས། བདེ་ཆེན་བོད་ཡིག་སྨྱན་སྦྱོར། རྩོམ་པ་པོ།

         གནས་ཆེན་ཁ་བ་དཀར་བོ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གི་ཁོངས་གཏོགས་སུ་ཡོད་ལ། ས་གནས་མི་དམངས་ཀྱིས་རི་རྒྱུད་འདི་ལ་སྨན་རི་ཞེས་འབོད། རི་རྒྱུད་ཀྱི་གཙོ་རི་གནས་ཆེན་ཁ་དཀར་པོ་ཡིན་པས་བོད་ཀྱི་ཡུལ་ཕྱོགས་གཞན་དུ་གནས་ཆེན་ཁ་བ་དཀར་པོ་ཞེས་འབོད་སྲོལ་བྱུང་བ་རེད།  བོད་གྱི་གནས་རི་ཆེན་པོ་བརྒྱད་ཀྱི་ཡ་གྱལ་གནས་ཆེན་ཁ་བ་དཀར་པོ་འདིའི་མཐོ་ཚད་ལ་སྨི6740ཡོད་ལ། འདི་ཡང་བོད་ཡུལ་གྱི་གངས་རི་ཁག་ལས་ད་སྔའི་བར་མིའི་རིགས་རྩེར་སྤོས་མེད་པའི་གངས་རི་གཅིག་པུ་ཡིན་པ་རེད།
         གནས་ཆེན་ཁ་བ་དཀར་པོ་འདི་ཡང་བདེ་ཆེན་ཁུལ་གྱི་ཁོངས་གཏོགས་དང་ལྷག་པར་དུ་འཇོལ་རྫོང་གི་ཡུལ་སྐོར་ལྗོངས་ཁུལ་གལ་ཆེན་ཞིག་ཡིན་ལ། དེ་ཡང་དགུས་དུས་ནམ་ཟླ་སྐམ་གཤིས་ཆེ་བས་གནམ་ཐང་བའི་དུས་ཡུན་ཅུང་རིང་བས། ཁ་བ་དཀར་པོའི་ཞལ་དངོས་མཐོང་བའི་གོ་སྐབས་ཀྱང་མང་བོ་ཡོད་པ་རེད།  འདི་ནི་ངེད་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་ཉེ་ཆར་བརྙན་ཕབ་བྱས་པའི་ཁ་དཀར་པོ་མཛེས་ལྗོངས་ཡིན་ལ། འདི་ནི་ཀུན་གྱིས་རེ་སྨོན་ཁྲོད་ཀྱི་ཉེ་ཤར་གྱི་རྩེ་མོ་ཁ་བ་དཀར་པར་ཕོག་པའི་ངོ་མཚར་མཛེས་ལྗོངས་མིན་ཡང་། འདི་ལས་ཁ་བ་དཀར་པོའི་ཞལ་ངོ་གསལ་ལེར་མཐོང་ཐུབ་པས་ཁྱེད་དང་ང་ལ་གོ་སྐབས་ཡག་པོ་བྱུང་བར་བསམས་དགོས། རྒྱུ་མཚན་དུས་སྐབས་འདི་མ་གཏོགས་ཁ་བ་དཀར་པོའི་ཞལ་དངོས་མཐོང་ཐུབ་པའི་གོ་སྐབས་ཧ་ཅང་ཉུང་ཉུང་ཡིན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།