ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

ཨ་རྣམ་ཟླ་བ་སྒྲོལ་མས་རྒྱ་བཟའ་ཀོང་ཇོའི་གཏམ་རྒྱུད་གླུ་རུ་བླངས།

སྤེལ་དུས 2021-12-08 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ།

          སྤྱི་ཟླ་11པའི་ཚེས་27ཉིན། བོད་ཀྱི་གཞས་མ་གྲགས་ཅན་ཨ་རྣམ་ཟླ་བ་སྒྲོལ་མས་རྒྱལ་ནོར་གསར་གཏོད་པའི་མིང་ཐོག་ནས།《རྒྱལ་ནོར·འགྲེམ་འཁྲབ་དུས་ཚིགས》ཀྱི་གར་སྟེགས་སུ་བསྐྱོད་ནས། རྒྱ་བཟའ་ཀོང་ཇོའི་གཏམ་རྒྱུད་དེ་སྙན་མོའི་ངག་གི་དབྱངས་རྟར་དྲངས་ནས་ཉན་མཁན་ཁྲི་སྟོང་མང་པོའི་སྙན་དབང་གི་དཔལ་དུ་ཕུལ་ཡོད་པ་རེད། ལེ་ཚན་འདི་ནི་CCTV3ནས་སྒྲོག་གཏོང་བྱས་ཡོད་པ་རེད།

         ཤེས་རྟོགས་བྱུང་བར་གཞིགས་ན།《རྒྱལ་ནོར·འགྲེམ་འཁྲབ་དུས་ཚིགས》དེ་འགྲེམ་སྟོན་ལ་དམིགས་ནས་གསར་གཏོད་བྱས་པ་ཞིག་རེད་འདུག། དུས་ཚིགས་གསུམ་པར་རྒྱལ་ཁབ་ཀྱི་ནོར་བུ81གི་ཁྲོད་ནས་སྐུ་མགྲོན་གདན་ཞུས་བྱས་ཤིང་། རིག་རྩལ་བརྩམས་ཆོས་ཀྱིས་རྒྱལ་ཁབ་ཀྱི་ནོར་བུ་འཁྲབ་སྟོན་བྱས་པ་དང་། གླུ་གར་དང་རོལ་དབྱངས་ལ་ཚད་བཀག་མེད་ལ། སྙན་ཚིག་དང་དབྱངས་རྟ་ཡང་མང་པོ་ཡོད་པ་རེད། དེ་དང་ཆབས་ཅིག2021ལོའི་སྤྱི་ཁྱབ་ལེ་ཚན་གྱི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ཐོག་སྤྱད་པའི“AI+Vཡི3D”བརྙན་ལེན་ལག་རྩལ་ཐོག་ནས་འཁྲབ་སྟོན་བྱས་པས་སྲོལ་རྒྱུན་གར་སྟེགས་ཀྱི་བར་མཐོངས་ལས་བརྒལ་ཏེ་ལྟད་མོ་བ་ཚོར་རྣམ་པ་གསར་རྐྱང་གི་མཐོང་ཚོར་མྱོང་དུ་བཅུག་ཡོད་པ་རེད།


འཁྲབ་སྟོན་ཡུལ་དངོས།
མདོ་འཛིན་པ་དང་ཨ་རྣམ་ཟླ་བ་སྒྲོལ་མ་གཉིས་ཀྱིས་མཉམ་དུ་བླངས་པའི་དར་མདོའི་མཛའ་གཞས།

དེར་མཐུད་ནས་ཨ་རྣམ་ཟླ་བ་སྒྲོལ་མས༼ཁྱེད་ཀྱི་དྲན་པ་ང་ཡི་སྨོན་འདུན་ཡིན༽ཞེས་པའི་གླུ་གཞས་གསར་པ་ཞིག་ཀུན་གྱི་སྙན་ལམ་དུ་ཕུལ། 

རྩོམ་སྒྲིག་པ། སྣང་རྡོར།