ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

བཀྲ་ཤིས་རྫས་བརྒྱད།

སྤེལ་དུས 2019-02-28 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

      བཀྲ་ཤིས་པའི་རྫས་མཆོག་བརྒྱད་ནི་མེ་ལོང་དང་། གི་ཝང་། ཞོ། རྩྭ་དུརྦ། བིལ་བ། དུང་དཀར་གཡས་འཁྱིལ། ལི་ཁྲི། ཡུངས་དཀར་བཅས་ལ་ཟེར་བ་སྟེ།མཚོན་བྱ་ནི་འགྲོ་དོན་འགྲུབ་པ་དང་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་སྲིད་ཞིའི་དཔལ་འབྱོར་ལ་མངའ་མཛད་པ་དེ་ཡིན།དེ་ཡང་གཟུགས་ཀྱི་ལྷ་མོ་འོད་འཆང་མས་སྟོན་པ་ཤཱཀྱ་ཐུབ་པར་མེ་ལོང་ཕུལ་བ་ལ་བརྟེན་ནས། ལུས་ཅན་ཐམས་ཅད་རྒྱལ་བའི་ཡེ་ཤེས་སྒྲིབ་བྲལ་མངོན་གྱུར་གྱིས་རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི་བཀྲ་ཤིས་པའི་རྫས་སུ་རྒྱལ་བས་བྱིན་གྱིས་བརླབས་ཤིང་། དེ་བཞིན་དུ་གཉིས་འཐུང་གི་དབང་བོ་ས་སྲུང་གིས་གི་ཝང་ཕུལ་བས། ཉོན་མོངས་ཟུག་རྔུའི་ནད་དང་སྡུག་བསྔལ་དག་པའི་སྨན་མཆོག་ཆོས་ཉིད་ཀྱི་དོན་རབ་ཏུ་རྟོགས་པར་མཛད་པ་དང་། ཁྱིམ་བདག་བཟང་སྐྱོང་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བས་དུག་གསུམ་ཞི་ཞིང་སྙིང་བོ་རྣམ་དག་ཡེ་ཤེས་མཆོག་ཏུ་རྟོགས་པར་བྱིན་གྱིས་བརླབས་པ་དང་། ཡང་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་དུརྦ་ཕུལ་བས། ཉོན་མོངས་སྐྱེ་ཤིའི་རྒྱུན་ཆད་པའི་རྡོ་རྗེ་སེམས་དཔའི་ཚེ་སྟེ་འཆི་མེད་ཀྱི་ཚེ་ཐོབ་པར་བྱིན་གྱིས་བརླབས། ཤིང་གི་ལྷ་མོས་ཤིང་བིལ་བ་ཕུལ་བས་འཇིག་རྟེན་ལས་འདས་པའི་བྱང་ཆུབ་སྤྱོད་པའི་རྒྱུ་རྐྱེན་རྣམ་པར་དག་པའི་འབྲས་བུར་སངས་རྒྱས་ཀྱི་གོ་འཕང་མངོན་གྱུར་གྱི་དོན་ཀུན་འགྲུབ་པ་དེ་དང་། ལྷའི་དབང་བོ་བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་ཅན་ཕུལ་བས་ཐེག་གསུམ་ཆོས་འཁོར་གང་འདུལ་མ་ནོར་ཡོངས་སུ་བསྟན་པ་དེ་དང་། སའི་ལྷ་མོ་བསྟན་མའང་ཡང་ན་བྲམ་ཟེ་སྐལ་རྒྱལ་གྱིས་ལི་ཁྲི་ཕུལ་བས་སྲིད་ཞི་དཔལ་འབྱོར་ཀུན་ལ་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་སྒྱུར་བ་དེ་དང་།གསང་བདག་ཕྱག་རྡོར་གྱིས་ཡུངས་དཀར་ཕུལ་བས་བདུད་བགེགས་བར་ཆད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཐུ་སྟོབས་ལ་དབང་འབྱོར་བར་མཛད་པ་བཅས་ལས་བཀྲ་ཤིས་པའི་རྫས་བརྒྱད་བྱུང་ངོ་།།
རྩོམ་སྒྲིག་པ། སྣང་རྡོ།