ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

༢༠༡༩ལོའི་ཀྲུང་གོའི་གླུ་སྐད་སྙན་མོའི་བོད་ཀྱི་བུ་མོ་གསུམ།

སྤེལ་དུས 2019-08-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འཕྲིན་སྟེགས་ལས། རྩོམ་པ་པོ།
       བོད་མི་རིགས་ནི་འགྲོ་ཤེས་ན་གར་འཁྲབ་ཤེས་ལ། བཤད་ཤེས་ན་གླུ་ལེན་ཤེས་ཞེས་པའི་མཚན་སྙན་ཡོད་པའི་མི་རིགས་ཤིག་སྟེ། དེང་གི་རྒྱལ་ནང་གི་གླུ་ལེན་འགྲན་བསྡུར་ཁྲོད་སྔ་རྗེས་སུ་བཀྲ་ཤིས་ཕུན་ཚོགས་དང་། བསྟན་འཛིན་ཉི་མས་ཨང་དང་པོའི་བྱ་དགའ་བླངས་པ་དང། མི་རྣམས་ལ་བོད་མི་རིགས་ནི་གླུ་ལ་དགའ་ཞིང་གླུ་ལེན་ལ་མཁས་པའི་མི་རིགས་ཤིག་ཡིན་པའི་བག་ཆགས་ཇེ་ཟབ་ཏུ་བཏང་ཡོད་པ་རེད། ཁོང་ཚོའི་སྙན་འཇེབས་ལྡན་པའི་གྲེ་འགྱུར་ངག་གིས་རྒྱལ་ཡོངས་ཀྱི་ལྟད་མོ་བའི་ཡིད་སེམས་བཀུག་པ་དང་གསན་མཁན་ཡོངས་ལ་རྣ་བའི་བདུད་རྩི་གང་མང་ཞིག་བྱིན་ཡོད།
དེ་ཡང་། སྤྱི་ལོ་2019ལོའི་ཀྲེ་ཅང་བརྙན་འཕྲིན་ལས་ཁུངས་ཀྱི་བརྙན་འཕྲིན་ལེ་ཚན་ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་འགྲན་བསྡུར་ནང་ཞུགས་མཁན་བོད་རིགས་གཞོན་ནུ་མང་པོ་ཞིག་ཡོད་ཅིང་།  དེའི་ནང་ལྷག་པར་དུ་ལོ་ན་གཞོན་པའི་བུ་མོ་གསུམ་ཡོད་པ་སྟེ། བསྟན་འཛིན་སྒྲོལ་དཀར་དང་སྟོན་པ་མཚོ། སྒྲོལ་མ་གཡང་མཚོ་གསུམ་ཡིན་པ་དང་།  ཁོང་ཚོས་རང་རང་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་དང་ཕུལ་བྱུང་གི་གླུ་རྩལ་ལ་བརྟེན་ནས་རིམ་པ་རྗེས་མའི་འགྲན་བསྡུར་ནང་ཚུད་ཡོད་པ་རེད།  

བསྟན་འཛིན་སྒྲོལ་དཀར། 《དུས་ཀྱི་གཞས།》   
   བསྟན་འཛིན་སྒྲོལ་དཀར། སྤྱི་ལོ1995ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་རུ་སྐྱེས་པ་དང་། པེ་ཅིང་ཕྱི་སྐད་སློབ་ཆེན་ནས་སློབ་མཐར་ཕྱིན་ཡོད།  ཐོག་མཐའ་བར་གསུམ་དུ་ཁོང་ལ་ཕ་མ་གླུ་དབྱངས་ལེན་རྒྱུར་དགའ་བའི་ཤུགས་རྐྱེན་ཐེབས་པས། འཚར་ལོངས་བྱུང་རྗེས། གླུ་དབྱངས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། 

སྟོན་པ་མཚོ།   《རང་ཉིད་བརྗེད་པ།》
   སྟོན་པ་མཚོ། སྤྱི་ལོ1999ལོར་སི་ཁྲོན་རྔ་བ་ཁུལ་དུ་སྐྱེས་པ་དང་། སི་ཁྲོན་རོལ་དབྱངས་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་ཡོད། ཁོང་མོས་གླུ་པ་བདེ་སྐྱིད་ཚེ་རིང་དང་མཉམ་དུ་《བདེ་ལེགས་སམ་》ཞེས་པའི་གླུ་དབྱངས་ལེན་མྱོང་བ་དང་།གླུ་དབྱངས་དེར་དྲ་གྲོགས་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། 

སྒྲོལ་མ་གཡང་མཚོ། 《བརྩེ་བ་ནི་ཐེ་ཚོམ་རེད།》
     སྒྲོལ་མ་གཡང་མཚོ། སྤྱི་ལོ2000ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་རུ་སྐྱེས་པ་དང་། ཧྲང་ཧའེ་མཐོང་ཚོར་སྒྱུ་རྩལ་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་ཡོད། ཁོང་མོས་གསར་འགོད་པར། རང་གི་འདོད་ཕྱོགས་རྟག་ཏུ་རྒྱུན་འཁྱོངས་བྱས་ནས། མོས་པའི་འཚོ་བ་ཅི་འདོད་རོལ་དགོས་ཟེར། 
རྩོམ་སྒྲིག་པ། སྣང་རྡོར།