ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

སྣ་མང་རིག་གནས་ཀྱིས་ཕྱུག་པའི་གཞིས་རྩེ། མི་ཉམས་དར་སྤེལ་ལ་གཞོལ་བའི་མི་བུ།

སྤེལ་དུས 2019-08-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— གཞིས་རྩེ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྐོར་བཀོད་པ།

འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་ལྷ་མོའི་རྣམ་ཐར་གཏོང་རྩལ་འགྲན་བསྡུར་སྐབས་གསུམ་པར་སྒྱུ་རྩལ་བ་རྒན་གྲས་ཤིག་གིས་རྣམ་ཐར་གཏོང་བཞིན་པ།

       མངོན་མིན་རིག་གནས་ཤུལ་བཞག་གི་དཔུང་ཁག་སྟོབས་ཆེར་ཕྱིན་པ།
       བསྡོམས་རྩིས་ལ་གཞིགས་ན། 2016ལོ་ནས་2018ལོ་བར་དུ། གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་ནོར་སྲིད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་བསྡོམས་སྒོར་ཁྲི་1235.83བཏང་ཡོད། གཞན་ཡང་། 2017ལོར་ཀྲུང་དབྱང་ནས་ཁག་སོ་སོར་མ་དངུལ་སྒོར་ཁྲི་1200དང་སྒོར་ཁྲི་650བཏང་ནས་ཤར་པའི་ཞབས་བྲོ་རྒྱུན་འཛིན་སློབ་སྦྱོང་རྟེན་གཞི་དང་རྒྱལ་རྩེའི་ཁ་གདན་རྒྱུན་འཛིན་སློབ་སྦྱོང་རྟེན་གཞི་བསྐྲུན་པ་རེད།
       མིག་སྔའི་བར་དུ། གཞིས་རྩེ་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་རིག་སློབ་ཚན་གསུམ་རྩ་འཛུགས་ཀྱིས་སྤྲད་པའི་མིའི་རིགས་ཀྱི་ངག་སྒྲོས་དང་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་རྣམ་གྲངས་1དང་ས་ཚིགས་3(ངམ་རིང་རྫོང་གཅུང་པ་ལྷ་མོ་དང་། རིན་སྤུངས་རྫོང་རྒྱལ་མཁར་ལྷ་མོ། རྣམ་གླིང་རྫོང་ཤངས་པ་ལྷ་མོ)དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་མིང་གཞུང་རྣམ་གྲངས་17དང་རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་14 རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་མིང་གཞུང་རྣམ་གྲངས་75དང་རང་སྐྱོང་ལྗོངས་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་39 གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་མིང་གཞུང་རྣམ་གྲངས་121དང་གྲོང་ཁྱེར་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་69 རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་རྣམ་གྲངས་238བཅས་ཡོད། རྒྱལ་ཁབ་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་ཀྱི་དཀར་ཆག་4དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་1 རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་2 རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་རྒྱུན་འཛིན་སློབ་སྦྱོང་རྟེན་གཞི་23 རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་སྤེལ་བའི་དཔེ་སྟོན་རྟེན་གཞི་1དང་། གྲོང་ཁྱེར་རིམ་པའི་དཔེ་སྟོན་རྟེན་གཞི་8 དམངས་ཁྲོད་ལྷ་མོའི་རུ་ཁག་81བཅས་ཡོད།
       རྒྱུན་འཛིན་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ།
       2019ལོའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པའི་རིང་། གཞིས་རྩེ་གྲོང་ཁྱེར་ཧེ་ལུང་ཅང་ལྷོ་ལམ་གྱི་སྤྱི་གླིང་བཞི་པར་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་འགྲེམས་ཚོང་བྱེད་སྒོ་གཟབ་རྒྱས་སྤེལ་བས། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
       མངོན་མིན་རིག་གནས་ཤུལ་བཞག་འཚོ་བའི་ཁྲོད་དུ་རྩ་བ་ཚུགས་པ་དང་གྲོང་ཁྱེར་ལ་བཀྲག་མདངས་བྱིན་ཅིང་། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་མཐོང་ཆེན་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱིས་ལོ་རེར་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་འཁྲབ་སྟོན་གྱི་གསོ་སྦྱོང་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱི་ཧུར་སེམས་སྤེལ་ཐོག མངོན་མིན་རིག་གནས་ཤུལ་བཞག་མ་ཉམས་གོང་འཕེལ་དང་མི་དམངས་མང་ཚོགས་ཀྱི་སེམས་སུ་ཟུག་ཐབས་བྱས་ཡོད།
       —— གྲོང་ཁྱེར་ཡོངས་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱི་ལྷ་མོའི་འགྲན་བསྡུར་སྐབས་གསུམ་པ་བདེ་བླག་ངང་བྱས་པ་རེད། དམངས་ཁྲོད་ཀྱི་ལྷ་མོའི་རུ་ཁག་ཕུལ་བྱུང་བདམས་ཏེ། སྐབས་རིམ་པའི་བོད་ལྗོངས་འགྲེམས་ཚོགས་དང་། ལྷ་སའི་ཞོ་སྟོན། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་སོགས་དུས་ཆེན་ཆེ་ཁག་གི་ལྷ་མོ་འཁྲབ་སྟོན་བྱེད་སྒོར་ཞུགས་པ་རེད།
       —— གཞིས་རྩེ་གྲོང་ཁྱེར་གྱིས་སྔ་རྗེས་སུ་རིན་སྤུངས་རྒྱལ་མཁར་ལྷ་མོའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཚེ་རིང་དང་། བཀྲ་ཤིས་ལྷུན་པོ་དགོན་གྱི་འཆམ་གྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་བླ་མ་མིག་དམར། སྟེང་དཀར་རྒྱ་གཞས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་བཀྲ་ཤིས། ལྷ་རྩེའི་བོད་གྲིའི་རྒྱུན་འཛིན་པ་ཚེ་བརྟན་དབང་ལགས་བཅས་རྒྱུན་འཛིན་པ་བཞིའི་མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོའི་འདུ་འགོད་ལེགས་གྲུབ་བྱུང་བ་རེད།
       —— གྲོང་ཁྱེར་ཡོངས་ཀྱིས“གཞིས་རྩེ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་གླེང་མོལ——ལྕགས་རིགས་བཟོ་རྩལ་དང་ཁ་གདན་འཐག་རྩལ་གླེང་མོལ་སྤེལ་རེས་བྱེད་སྒོ”ལེགས་འགྲུབ་ལྡན་པའི་ངང་གཉེར་བ་དང་། གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ་ཁག་དང་པོ་གཉེར་བ། ལྗོངས་ཡོངས་ཀྱི་ཐང་ག་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་བཅས་ཀྱི་ལས་དོན་མང་དག་བསྒྲུབས་ཡོད།
       “རིག་གནས་ཤུལ་བཞག་ཉིན་མོ”དང“ཁྲིམས་སྐྱོང་དྲིལ་བསྒྲགས་ཉིན་མོ”“འཛམ་གླིང་རྟེན་རྫས་བཤམས་མཛོད་ཁང”སོགས་ཀྱི་དུས་ཚོད་དང་མཚམས་ཚིག་གལ་ཆེན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་པར་རིས་འགྲེམས་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་ཤོག་བྱང་སྤྲོད་པ། བརྙན་འཕྲིན་དང་ཚགས་པར་དུས་དེབ་ཀྱི་འཕྲིན་སྤེལ་ནང་དོན་དུ་བྱེད་པ་བཅས་ཀྱིས་སྤྱི་ཚོགས་ཡོངས་ལ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་དེའི་ལས་དོན་ལ་ཞུགས་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་ཀྱི་རང་བཞིན་དར་སྤེལ་ཤུགས་ཆེན་བཏང་ཡོད་པ་རེད།
       ཕྱི་ཕྱོགས་སུ་དྲིལ་བསྒྲགས་ཤུགས་ཆེན་བྱས་པ།
       ཉེ་ལམ་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ལས་སྟེགས་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་དྲིལ་བསྒྲགས་དང་ཕྱིར་གཏོང་ཧུར་ཐག་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་ཐོན་རྫས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ཡོད་པ་རེད། ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་སྟོབས་ཤུགས་ཀྱིས་ས་མཐོར་གནས་པའི་མངོན་མིན་རིག་གནས་ཤུལ་བཞག་མང་དག་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཤེས་རྟོགས་ཐུབ་ཡོད་པ་རེད།
       2017ལོར། གཞིས་རྩེ་གྲོང་ཁྱེར་གྱི་བོད་རིགས་ལྕགས་རིགས་བཟོ་རྩལ(བཀྲ་ཤིས་སྐྱིད་ཚལ་གསེར་དངུལ་ཟངས་ཀྱི་བཟོ་རྩལ)དང་། བོད་རིགས་ཀྱི་པང་གདན་དང་ཁ་གདན་འཐག་རྩལ(རྒྱལ་རྩེའི་ཁ་གདན་འཐག་རྩལ)རྣམ་གྲངས་ཀྱི་ལག་ཤེས་རྒྱུན་འཛིན་པ་3ཀྲུང་གོའི་ཁྲེང་ཏུའི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་འདུ་ཚོགས་སྐབས་དྲུག་པའི་ཀྲུང་གོའི་སྲོལ་རྒྱུན་བཟོ་རྩལ་རྒྱུན་འཛིན་མི་རབས་གསར་པའི་རྩལ་འགྲན་དང་བརྩམས་ཆོས་འགྲེམས་སྟོན་ལ་ཞུགས་པ་དང་། འགྲན་ཞུགས་ཐང་གའི་བརྩམས་ཆོས་5ཡོད་པ་དང་། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེའི་ཁ་གདན་འཐག་རྩལ་རྒྱུན་འཛིན་པ་སྤེན་པ་དོན་གྲུབ་ལ“རྒྱུན་འཛིན་པ་གསར་པའི་ཕུལ་བྱུང་ལག་ཤེས་པའི”གཟི་བརྗིད་མཚན་སྙན་ཐོབ་པ་དང་། གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་སྐྱིད་ཚལ་གསེར་དངུལ་ཟངས་ཀྱི་བཟོ་རྩལ་རྒྱུན་འཛིན་པ་ཉི་རྡོར་དང་ནོར་བུ་ཚེ་རིང་ལ“རྒྱུན་འཛིན་པ་ཡག་ཤོས་ཀྱི་བྱ་དགའི”གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
       2018ལོར། གྲོང་ཁྱེར་ཡོངས་ཀྱིས་སྲོལ་རྒྱུན་བཟོ་རྩལ་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་5བདམས་ཏེ་ཡུན་ནན་ཞིང་ཆེན་གྱི་2018ལོའི“རིག་གནས་དང་རང་བྱུང་མངོན་མིན་རིག་གནས་ཉིན་མོའི”ཀྲུང་གོ(ཁུན་མིང)ཀོན་ཏུའུ་ཡི་རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མཉམ་འགྲེམས་སྐབས་བརྒྱད་པར་ཧུར་ཐག་ཞུགས་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་བོད་རིགས་ལྕགས་རིགས་བཟོ་རྩལ(རྩེ་གདོང་ཟངས་ཆས)གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ལེགས་ལྡན་སོགས་4ལ་གསེར་གྱི་བྱ་དགའ་ཐོབ་པ་དང་། གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤོས་བཟོ་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་རིན་ཆེན་དངོས་སྒྲུབ་ལ་དངུལ་གྱི་བྱ་དགའ་ཐོབ་ཡོད་པ་རེད།
       རྒྱལ་སྤྱིའི་གར་སྟེགས་ཐོག་འཁྲབ་སྟོན་བྱེད་མྱོང་བའི་གཅུང་པ་ལྷ་མོའི་རྒྱུན་འཛིན་པ་ཚོས་འབྱུང་འགྱུར་ལ་དེ་བས་གདེང་ཚོད་ཆེན་པོ་བྱེད་ཅིང་། ལོ་དྲུག་ཅུ་ལྷག་ཙམ་སླེབས་པའི་གཅུང་པ་ལྷ་མོའི་རྒྱུན་འཛིན་པ་མི་རབས་བཅུ་པ་རྣམ་རྒྱལ་ཚེ་རིང་གིས། “སྲོལ་རྒྱུན་ལྷ་མོ་དར་སྤེལ་ཤུགས་ཆེན་གཏོང་བར་ང་ལ་སེམས་ཤུགས་ཆེན་པོ་ཡོད། སླད་ཕྱིན་སློབ་མ་དེ་བས་མང་བ་གསོ་སྐྱོང་བྱས་ཏེ་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷ་མོའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་སླར་ཡང་རྒྱལ་སྤྱིའི་གར་སྟེགས་ཐོག་འཁྲབ་སྟོན་བྱེད་ཐུབ་པ་བྱེད་ཀྱི་ཡིན”ཞེས་གསར་འགོད་པར་བཤད་བྱུང་།

འདི་ནི་སྨན་གསར་ལུགས་ཀྱི་ཐང་ག་བཞེངས་བཟོའི་རྒྱུན་འཛིན་པ་ཞིག་གིས་ཐང་ག་བཞེངས་བཞིན་པ།

འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་སྤོས་བཟོ་རྩལ་འགྲེམས་སྟོན་བྱེད་བཞིན་པ།
རྩོམ་སྒྲིག་པ།སྣང་རྡོར།