ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

གསེར་ཧོར་ཤུལ་ཡུལ་གྱི་དམངས་སྲོལ་རིག་གནས།

སྤེལ་དུས 2019-10-16 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།

        དེ་ཡང་དང་པོ་ཧོར་ཤུལ་ཡུལ་གྱི་ནམ་ཟླ་བརྟག་ཚུལ་ནི་དབལ་ཤུལ་གསེར་རྟ་སྤྱི་དང་རྫ་ཆུ་ཁའི་འབྲོག་ཁུལ་ཕལ་མོའི་ཆའི་ནམ་ཟླ་བརྟགས་ཚུལ་དང་མཐུན་ཆེ་ལ།མཐོ་སྒང་གི་འབྲོག་མི་རྣམས་ཀྱིས་ཡུན་རིང་དུ་རང་བྱུང་སྣང་ཚུལ་བརྟག་པའི་ཉམས་མྱོང་གི་འཆར་སྒོ་དང་།མི་དང་སྲོག་ཆགས་བར་གྱི་ཞི་མཐུན་གྱི་འབྲེལ་ལམ་སྟེ། བརྟག་བྱ་དུས་བཞི་དང་གནམ་གཤིས། རྟོག་བྱེད་ཐོག་གློག་གམ་འབྲུག་སྒྲ་དང་སྲོགས་ཆགས།དུས་ཀྱི་འགྱུར་ལྡོག་སོགས་ཡིན། དང་པོ་ཉི་མ་ལྷོ་བགྲོད་ནས་སླར་ལྡོག་པའི་འགོ་ཚིགས་ཡོད་མེད་དེ།བྱ་བྱེའུ་ཡི་རྗེས་ཤུལ་ས་ལ་དོད་ཚེ་ཉི་འགོ་བརྟེན་ཡོད་ཟེར་བ་དང་། སྨིན་དྲུག་ནུབ་རི་བརྒལ་ཟིན་མིན་ལ་བརྟག་བྱ་མང་རུང་།གཙོ་བོ་བྱ་རོག་གི་ཕྲུ་གུ་འཕུར་བ་དང་ཁུ་བྱུག་སླེབས་དུས་བརྒལ་ཟིན། ཁུ་བྱུག་སྨད་ནས་གྲགས་ན་སོས་འཕར་རྒྱ་མཚོའི་གཏིང་ནས་འབུད་ཅེས་བཟང་།ཁུ་བྱུག་སྟོད་ནས་གྲགས་ན་སོས་ངན་སྟོད་ནས་འཕར་ཞེས་ངན། ཁུ་བྱུག་གི་རྔ་སྒྲོ་འཕྲེད་ལ་གཡུག་ཚེ་འབྲུ་དྲུག་སྨིན་ལེགས།ཁུ་བྱུག་གི་རྔ་སྒྲོ་ཐུར་དུ་གཡུག་གཡུག་བྱས་ཚེ་སད་དང་སེར་བ་ལྡང་ཟེར། འབྲུག་སྒྲ་སྔ་ན་དུས་བཟང་།ཕྱི་ན་དུས་ངན། བེའུས་རྩེད་ལྡང་བྱས་ན་དབྱར་དུས་བཟང་། དཔྱིད་ཁུག་སྣ་ལྷོ་ལ་འཕུར་ན་མི་ལ་ངན།བྱང་ལ་འཕུར་ན་ཕྱུག་ལ་ངན། དཔྱིད་རླུང་ཤུགས་དྲགས་ན་དབྱར་ཐན་པ་ཡོང་། དགུན་དྲོད་འཕར་ན་དཔྱིད་དྲོད་ཞན།དགུན་གྲང་ངར་ཆེ་ན་སོས་འཕར་སྔ། དགུན་ཆུ་ལ་འཁྱགས་དར་མཆེད་དྲག་ན་དབྱར་ལ་བཟང་ཟེར་བའི་ངག་རྒྱུན་ཡོད།
        དེ་མིན་ཧོར་ཤུལ་རང་ས་ནས་གནམ་གཤིས་བརྟག་ཚུལ་ཞིག་ནི་སིལ་བོ་སིལ་དམར་མགོ་ལ་སྨུག་པས་བཏུམས་ན་ཆར་འབབ་པའི་རྟགས་དང་སིལ་བོའི་མགོར་བུ་ཡུག་འཚུབ་ན་ཁངས་འབབ་པའི་རྟགས་སུ་ངོས་འཛིན།ཡང་དགུང་མོའི་སྤྲིན་དམར་མེ་ཡིན། སྤྲིན་ཁ་དཀར་པོར་གྱུར་ན་ཆུ་ཡིན། ནངས་མོའི་སྤྲིན་དམར་ཆུ་ཡིན།སྤྲིན་ཁ་དཀར་པོར་གྱུར་ན་མེ་ཡིན་སོགས་སྤྲིན་ལ་བརྟགས་ཏེ་ཆར་བ་འབབ་མིན་དང་། བད་ལ་བརྟགས་ཏེ་ལོ་རེའི་ནམ་ཟླའི་དྲོ་འཁྱགས་དང་བཟང་ངན་སོགས་ཀྱི་དབྱེ་བ་འབྱེད་པ་བཅས་གནམ་རིག་བརྟག་ཐབས་ཀྱི་ཤེས་བྱ་ཀྱང་ཤིན་ཏུ་མང་།
        ཁྱི་ཟླ་ལ་ཁྱི་པོ་ཐོ་ཁ་སྔོན་ཟེར་ལ།དོན་ནི་ཁྱི་ཟླའི་ནང་པོ་ཐོ་ལ་རྩྭ་སྔོན་ཅུང་ཟད་སྐྱེས་པར་བཤད། གསུམ་པ་ཕག་ཟླ་ལ་ཕག་རི་སྐྱ་ཐང་སྔོན་ཞེས་འབོད་ཅིང་།དོན་ནི་རི་འདབས་སམ་ཁོག་ཐང་ལ་རྩྭ་སྔོན་སྐྱེས་ཤིང་རི་སྒང་ལ་ད་དུང་རྩྭ་སྔོན་སྐྱེས་མེད་པར་བཤད།ཡང་དབྱར་ཟླ་བ་གསུམ་ནི། བྱི་ཟླ། གླང་ཟླ། སྟག་ཟླ་གསུམ་ཡིན་ལ། དེ་ལས་དང་པོ་བྱི་ཟླ་ལ་བྱི་རི་སྔོན་ཐང་སྔོན་ཟེར་ཞིང་།དོན་ནི་བྱི་ཟླའི་ནང་རི་ལུང་ཐང་གསུམ་དུ་རྩྭ་རྩི་ཤིང་གིས་གཡོག་པར་བཤད། གཉིས་པ་གླང་ཟླ་ལ་གླང་རྩྭ་སྨྱོན་ཆུ་སྨྱོན་དང་།གསུམ་པ་སྟག་ཟླ་ལ་སྟག་རྟ་ཕོ་འོད་འབར་ཟེར། དོན་ནི་དབྱར་ཟླ་བ་གསུམ་ལ་རྩྭ་ཆུ་ཕུན་སུམ་ཚོགས་ཤིང་སྒོ་ཕྱུགས་ཀྱི་ཤ་ཤེད་རྒྱས་པར་བཤད།ཡང་སྟོན་ཟླ་བ་གསུམ་ནི། ཡོས་ཟླ། འབྲུག་ཟླ། སྦྲུལ་ཟླ་བཅས་གསུམ་ཡིན་ལ། དེ་ལ་ཡང་ཡོས་ཁྲ་མོ་ནས་ཟན་དང་།འབྲུག་ཤིང་ལོ་རླུང་ཁྱེར། སྦྲུལ་རྔ་མ་འཁྱགས་འབྱར་ཞེས་འབོད། དེ་བཞིན་དུ་དགུན་ཟླ་བ་གསུམ་ལ་ཡང་།རྟ་ཆུ་འགྲམ་དར་ཆགས། ལུག་ཁ་བཤུད་སྣ་ཆད། སྤྲེལ་ས་འགས་རྡོ་གད་ཅེས་དགུན་ཟླ་བ་གསུམ་པོ་ཤར་དུས་གྲང་ངར་ཤིན་ཏུ་ཆེ་བར་བཤད་ཡོད།ནམ་ཟླ་བརྟགས་ཚུལ་འདི་ནི་ཤིན་ཏུ་བདེན་ཞིང་ཚན་རིག་གིས་བཤད་ཕྱོགས་དང་མཐུན། འོན་ཀྱང་དེང་སེང་ཁོར་ཡུག་ལ་འབག་བསླད་ཐེབས་པས་དུས་བཞིའི་དྲོ་གྲང་མི་སྙོམས་པ་དང་ཆར་ཆུ་དུས་སུ་མི་འབབ་པའི་གནས་ཚུལ་ཡང་ལོ་རེ་བཞིན་ཇེ་མང་དུ་བྱུང་བཞིན་ཡོད།

        གོང་སྨྲོས་ཀྱི་དུས་བཞིའི་འགྱུར་བ་དང་ལོ་རྟགས་བཅུ་གཉིས་བར་འབྲེལ་བ་ལྡན་པའི་ངག་རྒྱུན་ཡོད་ལ།གཞན་ཡང་དུས་བཞིའི་འགྱུར་བ་དང་ཕྱུགས་རིགས་ཀྱི་འཕེལ་འགྱུར་བར་འབྲེལ་བ་ལྡན་པའི་ངག་རྒྱུན་ཡང་ཡོད།དཔེར་ན། ནོར་གནག་བཙའ་སྐབས།  བྱ་ཟླའི་སྔོན་མ༼དཔྱིད་ཟླ་བ་གསུམ༽ དང་། ཁྱི་ཟླའི་དུས་ནོར་ དབྱར་ཟླ་བ་གསུམ།༽  ལུག་ནི་ལུག་ཟླའི་ནང་བཙའ། ༼  སྟོན་ཟླ་གསུམ།༽ རྟ་ནི་གླང་ཟླའི་ནང་བཙའ། ༼  དབྱར་ཟླ་བ་གསུམ།༽ སྤེན་མའི་མེ་ཏོག་རྒྱས་དུས་སྐམ་ཤ་རྫོགས།ཡོས་ཟླའི་ནང་ལ་སྟོན་ལུག་བཤའ། ར་མ་རྒྱ་མོ་དར་ལ་འགྲན།  གླང་ཆུ་བྲུག་འོ་བྲུག  གཞན་ཡང་དཔྱིད་ཟླ་གསུམ་ལ། རྟ་བརྒྱས་སྒ་མི་ཐེག། ལུག་བརྒྱས་གྲི་མི་ཐེག་པའི་དུས་ཟེར།
        གཞན་ཡང་ཡུལ་འདིའི་འབྲོག་མི་རྣམས་ཀྱིས་རྩྭ་འཇག་ཐུར་ཞིག་མཛུབ་མོའི་བར་ལ་དྲངས་ནས་དེའི་གྲུབ་མ་ལ་བལྟས་ཏེ་ཉིན་མོའི་དུས་ཚོད་ངོས་འཛིན་པ་དང་།མཚན་མོའི་དུས་ངོས་འཛིན་པའི་ཆེད་དུ་ནམ་མཁའི་སྐར་མ་རྣམས་གནས་གང་དང་གང་དུ་ཡོད་པར་བརྟགས་ཏེ་ནམ་ཚོད་འཛིན།ཡང་ལས་ཀའི་ཁྲོད་ནས་ལུས་ལ་རྨ་བྱས་ཏེ་ཁྲག་བཞུར་ཚེ་ཕྱུགས་ཀྱི་རྩིད་པ་དང་ལུག་གི་བལ་སོགས་མེ་ལ་བསྲེགས་ཏེ་ཁྲག་གཅོད་པ་དང་།གལ་ཏེ་རི་ནས་རྨས་སྐྱོན་བྱུང་ཞིང་ཁྲག་བཞུར་ཚད་མང་ན་སེང་གེ་བཅའ་འབྱོར་ཞེས་པའི་རྩྭ་ལྡུམ་དེ་རྨ་ཁར་སྦྱར་ནས་ཁྲག་རྒྱུན་གཅོད་པ་དང་།ཕོ་ནད་སོགས་སྐྲང་པའི་རིགས་ལ་ལུང་པ་ཁ་བྱང་དུ་འཁོར་ཡོད་པའི་ནང་གི་རྡོ་ཉི་མ་ཕོག་མ་མྱོང་བ་དེ་སྐྲང་པའི་ཐོག་ཏུ་གླན་ན་སྐྲང་པ་ཞི་བ་སོགས་ཀྱི་གསོ་རིག་གི་ཤེས་བྱའང་མང་དུ་ཡོད།
        དེ་ལས་ཀྱང་ངོ་མཚར་ཆེ་བ་ནི་ཧོར་ཤུལ་ཡུལ་གྱི་ཐོག་འགོག་ཤེས་བྱ་དེ་རེད།འདི་ནི་ང་ཚོས་ཡབ་མེས་རྣམས་ཀྱི་བློ་རིག་གི་རྩལ་ལས་འཁྲུངས་ཤིང་དངོས་ཡོད་གནས་ཚུལ་ལ་ཚོད་ལྟ་བྱས་པ་ལེགས་འགྲུབ་བྱུང་བའི་གཡུར་དུ་ཟ་བའི་འབྲས་བུ་ཉག་གཅིག་དེ་ཡིན།དེ་ཡང་ནམ་མཁར་སྤྲིན་ནག་འཁྲིགས་ཤིང་ཐོག་འབྲུག་གློག་གསུམ་ཆེས་ཆེར་རྒོད་པའི་དུས་སུ། ཡུལ་འདིའི་འབྲོག་མི་རྣམས་ཀྱིས་སྒྱེད་པུའི་ཡར་སྟེང་དུ་གྲིའམ་ལྕགས་ཀྱི་རིགས་ཤིག་འཛུགས་སྲིད་ལ།དེ་ལས་ཅི་ཞིག་མཚོན་པ་རེད་ཟེར་ན། ཐོག་རྒྱག་པའི་དུས་སུ་ཁྱིམ་དུ་ལྕགས་ཀྱི་རིགས་ཤིག་སར་བཙུགས་ན་ཐོག་ཆུ་ལྕགས་ཀྱི་རིགས་དེའི་རྒྱུད་དུ་རྔུབ་འགྲོ་ལ།ལྕགས་དང་ཐོག་ཆུ་བར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་སྔོན་ནས་ཤེས་ཡོད། འདི་ནི་དམངས་ཁྲོད་ངག་རྒྱུན་ཙམ་མ་ཡིན་པར་དངོས་ཡོད་གནས་ཚུལ་གྱིས་ར་སྤྲོད་ཐུབ་ལ།ཧོར་ཤུལ་ཡུལ་སྡེའི་ཁྱིམ་ཚང་དུ་མར་ཐོག་གི་གནས་ཚུལ་རབ་དང་རིམ་པ་མང་དུ་བྱུང་ཡང་། ཁྱིམ་དུ་གྲིས་མཚོན་པའི་ལྕགས་ཀྱི་རིགས་བཏབ་ཡོད་པས་གནས་ཚུལ་གང་ཡང་བྱུང་མེད་པ་མཛུབ་མོའི་གྲངས་ལྟར་བསྒྲེང་རྒྱུ་ཡོད་དོ།།འདི་ནི་དུས་རབས་གསར་བའི་ཚན་རིག་ལག་རྩལ་མ་དར་སྔོན་ནས་ང་ཚོའི་འབྲོག་དམངས་ཚོ་ལ་མཚོན་ན་འཚོ་བའི་རྒྱུན་ཤེས་སུ་ཆགས་ཡོད།འབྲོག་དམངས་ཀྱི་རྒྱུན་ཤེས་འདི་ནི་དེང་གི་ཚན་རིག་གི་བཤད་ཕྱོགས་དང་ཤིན་ཏུ་མཐུན་ལ།  ཚན་རིག་པས་ཀྱང་ཐོག་ཆུ་དང་ལྕགས་རིགས་བར་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཁས་ལེན་པར་མ་ཟད།དེང་གི་གྲོང་ཁྱེར་ཆེན་པོའི་ཁང་བརྩེགས་ཀྱི་སྟེང་ནའང་ཐོག་འགོག་དུ་ལྕགས་གདུང་དང་ལྕགས་སྐུད་སོགས་བཙུགས་ཡོད།འདི་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་སྤྱི་དང་ཁྱད་པར་དུ་གསེར་རྟ་ཧོར་ཤུལ་ཡུལ་གྱི་རྒན་པ་རྣམས་ཀྱིས་རང་བྱུང་ཁམས་ཀྱི་སྣང་ཚུལ་འདྲ་མིན་དང་གནོད་འཚེ་འདྲ་མིན་ལ་གཡོལ་བར་བྱེད་པའི་སྔོན་ཐོན་གྱི་ཤེས་བྱ་འགངས་ཆེན་ཞིག་རེད།

        ༡  ནམ་ཟླ་བརྟག་ཚུལ།
        དེ་ཡང་དམངས་སྲོལ་རིག་གནས་ཞེས་པ་ནི་དུས་རབས་བཅུ་དགུ་པའི་ནང་དུ་ཐོག་མར་ཡོ་རབ་གླིང་དུ་དར་ཞིང་།རིམ་གྱིས་དབྱིན་ཇི་དང་འཇར་མན་གྱི་མཁས་པ་ཁ་ཤས་ཀྱིས་རིག་གཞུང་མཉམ་ཞིབ་ཀྱི་ལས་ཀ་བཤོལ་ཏེ་ཤེས་རབ་ཀྱི་སྤྱན་ཟུང་དམའ་རིམ་དམངས་ཁྲོད་དུ་ཕྱོགས་པའི་འགོ་བརྩམས།དེ་རྗེས་དབྱིན་ཇིའི་མཁས་པ་ཇོན་ཐོམ་སི་ཡིས་དམངས་སྲོལ་ཞེས་པའི་ཚིག་དེ་བེད་སྤྱད་ནས་བཟུང་གསར་དར་གྱི་རིག་པ་དེ་ལ་མིང་དེ་ལྟར་ཆགས།དམངས་སྲོལ་རིག་གནས་ཀྱི་ཁྱབ་ཁུངས་ལ་གཙོ་བོ་དབྱེ་བ་བཞི་ཡོད་ལ། དེ་དག་ནི་ངག་རྒྱུན་རྩོམ་རིག་དང་།དངོས་པོའི་རིག་གནས། དམངས་ཁྲོད་གོམས་སྲོལ། དམངས་ཁྲོད་འཁྲབ་སྟོན་གྱི་རིག་རྩལ་བཅས་བཞི་ཡིན།འོ་ན་བོད་མི་རིགས་ལ་མཚོན་ན་གསར་དར་གྱི་མིང་འདི་མེད་པ་ཙམ་གྱི་དེའི་ཁྱབ་ཁུངས་ཀྱི་ཆ་རྐྱེན་ནི་ཕུན་སུམ་ཚོགས་པ་ཡོད་པ་སྨྲོས་མི་དགོས་མོད།སྔ་རབས་ཀྱི་མཁས་པ་རྣམས་ཀྱིས་ནི་གཙོ་བོ་མཐོ་རིས་ཐར་བའི་དངོས་རྒྱུ་ལ་རྩེ་གཅིག་ཏུ་གཞོལ་བ་ལས་དམའ་རིམ་གྱི་རིག་གནས་འདིའི་རིགས་ལ་དོ་སྣང་ཆེར་མཛད་པར་མ་གྲགས་སོ།།དེས་ན་ད་ལན་བདག་གིས་ཇི་སྐད་དུ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། མཐོ་རིས་ཐར་བའི་དངོས་རྒྱུ་མི་བྱེད་ཅིང་།། གསེར་དང་དངུལ་གྱི་འདུ་སྒོ་མི་ཡོང་བའི། ། བར་མ་དོ་རུ་གནས་པའི་གནད་འདི་དག ། ཀུན་གྱིས་བོར་ཀྱང་ཁོ་བོས་ཞིབ་ཏུ་དཔྱད།།ཞེས་གསུང་པ་བཞིན། ཡུལ་འདིའི་དམངས་སྲོལ་རིག་གནས་དག་རང་ནུས་ཅི་ལྕོགས་ཀྱིས་ཡི་གེར་ཕབ་ན།དང་པོ་ཧོར་ཤུལ་ཡུལ་གྱི་ནམ་ཟླ་བརྟག་ཚུལ་ནི་དབལ་ཤུལ་གསེར་རྟ་སྤྱི་དང་རྫ་ཆུ་ཁའི་འབྲོག་ཁུལ་ཕལ་མོའི་ཆའི་ནམ་ཟླ་བརྟགས་ཚུལ་དང་མཐུན་ཆེ་ལ།མཐོ་སྒང་གི་འབྲོག་མི་རྣམས་ཀྱིས་ཡུན་རིང་དུ་རང་བྱུང་སྣང་ཚུལ་བརྟག་པའི་ཉམས་མྱོང་གི་འཆར་སྒོ་དང་།མི་དང་སྲོག་ཆགས་བར་གྱི་ཞི་མཐུན་གྱི་འབྲེལ་ལམ་སྟེ། བརྟག་བྱ་དུས་བཞི་དང་གནམ་གཤིས། རྟོག་བྱེད་ཐོག་གློག་གམ་འབྲུག་སྒྲ་དང་སྲོགས་ཆགས།དུས་ཀྱི་འགྱུར་ལྡོག་སོགས་ཡིན། དང་པོ་ཉི་མ་ལྷོ་བགྲོད་ནས་སླར་ལྡོག་པའི་འགོ་ཚིགས་ཡོད་མེད་དེ།བྱ་བྱེའུ་ཡི་རྗེས་ཤུལ་ས་ལ་དོད་ཚེ་ཉི་འགོ་བརྟེན་ཡོད་ཟེར་བ་དང་། སྨིན་དྲུག་ནུབ་རི་བརྒལ་ཟིན་མིན་ལ་བརྟག་བྱ་མང་རུང་།གཙོ་བོ་བྱ་རོག་གི་ཕྲུ་གུ་འཕུར་བ་དང་ཁུ་བྱུག་སླེབས་དུས་བརྒལ་ཟིན། ཁུ་བྱུག་སྨད་ནས་གྲགས་ན་སོས་འཕར་རྒྱ་མཚོའི་གཏིང་ནས་འབུད་ཅེས་བཟང་།ཁུ་བྱུག་སྟོད་ནས་གྲགས་ན་སོས་ངན་སྟོད་ནས་འཕར་ཞེས་ངན། ཁུ་བྱུག་གི་རྔ་སྒྲོ་འཕྲེད་ལ་གཡུག་ཚེ་འབྲུ་དྲུག་སྨིན་ལེགས།ཁུ་བྱུག་གི་རྔ་སྒྲོ་ཐུར་དུ་གཡུག་གཡུག་བྱས་ཚེ་སད་དང་སེར་བ་ལྡང་ཟེར། འབྲུག་སྒྲ་སྔ་ན་དུས་བཟང་།ཕྱི་ན་དུས་ངན། བེའུས་རྩེད་ལྡིང་བྱས་ན་དབྱར་དུས་བཟང་། དཔྱིད་ཁུག་སྣ་ལྷོ་ལ་འཕུར་ན་མི་ལ་ངན།བྱང་ལ་འཕུར་ན་ཕྱུག་ལ་ངན། དཔྱིད་རླུང་ཤུགས་དྲགས་ན་དབྱར་ཐན་པ་ཡོང་། དགུན་དྲོད་འཕར་ན་དཔྱིད་དྲོད་ཞན།དགུན་གྲང་ངར་ཆེ་ན་སོས་འཕར་སྔ། དགུན་ཆུ་ལ་འཁྱགས་དར་མཆེད་དྲག་ན་དབྱར་ལ་བཟང་ཟེར་བའི་ངག་རྒྱུན་ཡོད།
        ད་དུང་ལོ་གཅིག་གི་ཟླ་བ་བཅུ་གཉིས་སྟེ་དབྱར་དགུན་སྟོད་དཔྱིད་ཀྱི་དུས་ཚུགས་བཞི་ལ་བརྟག་ཚུལ་ཡང་ཡོད་དེ།དཔྱིད་ཟླ་བ་གསུམ་ནི། བྱ་ཟླ། ཁྱི་ཟླ། ཕག་ཟླ་གསུམ་ཡིན་ལ། དེ་ལས་དང་པོ་བྱ་ཟླ་ལ་བྱ་ཆུ་ནག་ལམ་ནག་ཟེར་ཞིང་།དོན་ནི་བྱ་ཟླའི་ནང་དཔྱིད་ཆུས་ལམ་གཙང་བསལ་བྱེད་པར་བཤད། གཉིས་པ་ཁྱི་ཟླ་ལ་ཁྱི་པོ་ཐོ་ཁ་སྔོན་ཟེར་ལ།དོན་ནི་ཁྱི་ཟླའི་ནང་པོ་ཐོ་ལ་རྩྭ་སྔོན་ཅུང་ཟད་སྐྱེས་པར་བཤད། གསུམ་པ་ཕག་ཟླ་ལ་ཕག་རི་སྐྱ་ཐང་སྔོན་ཞེས་འབོད་ཅིང་།དོན་ནི་རི་འདབས་སམ་ཁོག་ཐང་ལ་རྩྭ་སྔོན་སྐྱེས་ཤིང་རི་སྒང་ལ་ད་དུང་རྩྭ་སྔོན་སྐྱེས་མེད་པར་བཤད།ཡང་དབྱར་ཟླ་བ་གསུམ་ནི། བྱི་ཟླ། གླང་ཟླ། སྟག་ཟླ་གསུམ་ཡིན་ལ། དེ་ལས་དང་པོ་བྱི་ཟླ་ལ་བྱི་རི་སྔོན་ཐང་སྔོན་ཟེར་ཞིང་།དོན་ནི་བྱི་ཟླའི་ནང་རི་ལུང་ཐང་གསུམ་དུ་རྩྭ་རྩི་ཤིང་གིས་གཡོག་པར་བཤད། གཉིས་པ་གླང་ཟླ་ལ་གླང་རྩྭ་སྨྱོན་ཆུ་སྨྱོན་དང་།གསུམ་པ་སྟག་ཟླ་ལ་སྟག་རྟ་ཕོ་འོད་འབར་ཟེར། དོན་ནི་དབྱར་ཟླ་བ་གསུམ་ལ་རྩྭ་ཆུ་ཕུན་སུམ་ཚོགས་ཤིང་སྒོ་ཕྱུགས་ཀྱི་ཤ་ཤེད་རྒྱས་པར་བཤད།ཡང་སྟོན་ཟླ་བ་གསུམ་ནི། ཡོས་ཟླ། འབྲུག་ཟླ། སྦྲུལ་ཟླ་བཅས་གསུམ་ཡིན་ལ། དེ་ལ་ཡང་ཡོས་ཁྲ་མོ་ནས་ཟན་དང་།འབྲུག་ཤིང་ལོ་རླུང་ཁྱེར། སྦྲུལ་རྔ་མ་འཁྱགས་འབྱར་ཞེས་འབོད། དེ་བཞིན་དུ་དགུན་ཟླ་བ་གསུམ་ལ་ཡང་།རྟ་ཆུ་འགྲམ་དར་ཆགས། ལུག་ཁ་བཤུད་སྣ་ཆད། སྤྲེལ་ས་འགས་རྡོ་གད་ཅེས་དགུན་ཟླ་བ་གསུམ་པོ་ཤར་དུས་གྲང་ངར་ཤིན་ཏུ་ཆེ་བར་བཤད་ཡོད།ནམ་ཟླ་བརྟགས་ཚུལ་འདི་ནི་ཤིན་ཏུ་བདེན་ཞིང་ཚན་རིག་གིས་བཤད་ཕྱོགས་དང་མཐུན། འོན་ཀྱང་དེང་སེང་ཁོར་ཡུག་ལ་འབག་བསླད་ཐེབས་པས་དུས་བཞིའི་དྲོ་གྲང་མི་སྙོམས་པ་དང་ཆར་ཆུ་དུས་སུ་མི་འབབ་པའི་གནས་ཚུལ་ཡང་ལོ་རེ་བཞིན་ཇེ་མང་དུ་བྱུང་བཞིན་ཡོད།
        གོང་སྨྲོས་ཀྱི་དུས་བཞིའི་འགྱུར་བ་དང་ལོ་རྟགས་བཅུ་གཉིས་བར་འབྲེལ་བ་ལྡན་པའི་ངག་རྒྱུན་ཡོད་ལ།གཞན་ཡང་དུས་བཞིའི་འགྱུར་བ་དང་ཕྱུགས་རིགས་ཀྱི་འཕེལ་འགྱུར་བར་འབྲེལ་བ་ལྡན་པའི་ངག་རྒྱུན་ཡང་ཡོད།དཔེར་ན། ནོར་གནག་བཙའ་སྐབས།  བྱ་ཟླའི་སྔོན་མ༼དཔྱིད་ཟླ་བ་གསུམ༽ དང་། ཁྱི་ཟླའི་དུས་ནོར༼ དབྱར་ཟླ་བ་གསུམ།༽  ལུག་ནི་ལུག་ཟླའི་ནང་བཙའ། ༼  སྟོན་ཟླ་གསུམ།༽ རྟ་ནི་གླང་ཟླའི་ནང་བཙའ།༼ དབྱར་ཟླ་བ་གསུམ།༽སྤེན་མའི་མེ་ཏོག་རྒྱས་དུས་སྐམ་ཤ་རྫོགས། ཡོས་ཟླའི་ནང་ལ་སྟོན་ལུག་བཤའ། ར་མ་རྒྱ་མོ་དར་ལ་འགྲན།  གླང་ཆུ་བྲུག་འོ་བྲུག  གཞན་ཡང་དཔྱིད་ཟླ་གསུམ་ལ། རྟ་བརྒྱས་སྒ་མི་ཐེག། ལུག་བརྒྱས་གྲི་མི་ཐེག་པའི་དུས་ཟེར།

        ༢ གནམ་གཤིས་བརྟག་ཚུལ།
        དེ་ཡང་བོད་ཀྱི་གནམ་གཤིས་བརྟག་ཚུལ་ནི་བོད་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་གི་འཚོ་བའི་བརྒྱུད་རིམ་ནང་ཉམས་མྱོང་གསོག་འཇོག་དང་ལག་ལེན་མང་པོའི་ཐོག་ནས་བྱུང་བའི་གནམ་གཤིས་ཤེས་བྱའི་མ་ལག་དང་ཡང་ན་ཉིང་ཁུ་ཞིག་ཡིན་ལ།ཚན་རིག་གི་གནས་ལུགས་ཀྱང་ངེས་ཅན་ཞིག་ལྡན་ཡོད། འོན་ཀྱང་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་ས་ཁུལ་མི་འདྲ་བ་དང་ཡུལ་ཕྱོགས་མི་འདྲ་བའི་དབང་གིས་བཤད་རྒྱུན་ཡང་མི་འདྲ་བ་ཡོད་ལ།བཤད་རྒྱུན་གཏམ་དཔེ་དེ་དག་ཡུལ་ལུང་ཕྱོགས་ཚང་མར་མཆིས་པའི་ངེས་པ་མེད་པའང་མེད།
        དེ་ལས་སྐབས་སུ་བབ་པ་ཧོར་ཤུལ་རང་ས་ནས་གནམ་གཤིས་བརྟག་ཚུལ་ཞིག་ནི་སིལ་བོ་སིལ་དམར་མགོ་ལ་སྨུག་པས་བཏུམས་ན་ཆར་འབབ་པའི་རྟགས་དང་སིལ་བོའི་མགོར་བུ་ཡུག་འཚུབ་ན་ཁངས་འབབ་པའི་རྟགས་སུ་ངོས་འཛིན།ཡང་དགུང་མོའི་སྤྲིན་དམར་མེ་ཡིན། སྤྲིན་ཁ་དཀར་པོར་གྱུར་ན་ཆུ་ཡིན། ནངས་མོའི་སྤྲིན་དམར་ཆུ་ཡིན།སྤྲིན་ཁ་དཀར་པོར་གྱུར་ན་མེ་ཡིན་སོགས་སྤྲིན་ལ་བརྟགས་ཏེ་ཆར་བ་འབབ་མིན་དང་། བད་ལ་བརྟགས་ཏེ་ལོ་རེའི་ནམ་ཟླའི་དྲོ་འཁྱགས་དང་བཟང་ངན་སོགས་ཀྱི་དབྱེ་བ་འབྱེད་པ་དང་།འཇའ་སྣེ་ཆུ་ལ་ཟུག་ན་ཆར་ཐང་བའི་རྟགས་དང་། འཇའ་སྣེ་སྤང་ལ་ཟུག་ན་ཆར་འབབ་པའི་རྟགས་སུ་བཤད།དཔྱིད་ཆུ་ངན་དང་སྟོན་ཆུ་བཟང་ཟེར་བ་དང་།  ཁ་བ་མང་ན་དུ་བབས་ན་མུ་གེ་ནོན་ཞེས་དང་།ཁངས་ཆེན་ལྷུང་ན་ཡམས་ནད་འགོག་ཅེས་ཟེར། སྦལ་བས་ཆུ་ཁར་སྐད་སྒྲོག་ན། ཆར་འབབ་པའི་རྟགས། བྱ་དེ་ཕོའི་སྐད་བརྒྱབ་ན་ཆར་འབབ་པའི་རྟགས་དང་།ཁུ་བྱུག་ནགས་ལ་བབ་ན་ཆར་འབབ་པའི་རྟགས་དང་། ཁུ་བྱུག་རི་ལ་བབ་ན་གནམ་ཐང་པའི་རྟགས་སུ་ངོས་འཛིན།དབྱར་གཤམ་གཤིས་གྲང་ན་ཆར་འབབ་རྟགས་དང་། དགུན་གནམ་གཤིས་དྲོ་ན་ཁ་བ་འབབ་རྟགས་སུ་ངོས་འཛིན།སྨུག་པ་ཉི་མར་གྱུར་ན་དྭངས་པའི་རྟགས་དང་། སྨུག་པས་ཉི་མ་བསྒྲིབས་ན་འབབ་པའི་རྟགས་སུ་ངོས་འཛིན།དུ་བ་ནམ་ཁར་ཀེར་རེར་འཕྱུར་ན་ཡུན་རིང་དུ་གནམ་ཐང་པ་དང་། དཔྱིད་དུས་ཀྱི་ཐན་པ་ནི། སྟོན་དུས་ཀྱི་ཁ་ཆར་ཡིན།དབྱར་ཆར་ཆུ་མང་ན། དགུན་ཁ་ཆར་ཉུང་བཅས་གནམ་རིག་བརྟག་ཐབས་ཀྱི་ཤེས་བྱ་ད་དུང་ཤིན་ཏུ་མང་།

        ༣ དུས་ཚོད་ངོས་འཛིན་ཚུལ། 
        རང་རེ་བོད་མི་རིགས་འདི་ལ་མཚོན་ན་དུས་ཚོད་ངོས་འཛིན་ཚུལ་དང་གནམ་དཔྱད་ཀྱི་ཐབས་ཤེས་སོགས་ནི་ལོ་ངོ་སྟོང་ཕྲག་གཉིས་ཙམ་གྱི་སྔ་རོལ་ནས་རྙེད་ཡོད་པ་མ་ཟད་རིག་པའི་གཞུང་ལུགས་ཏུ་གྲུབ་ཡོད་ཚུལ་ཡང་རྒན་མོ་བལ་མའི་ཟླ་རྩིས་སོགས་ལས་རྟོགས་ནུས།
        རྒན་མོ་བལ་མའི་ཟླ་རྩིས་ལས།སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཕྲག་གཅིག་ཡས་མས་སུ་བོད་ཀྱི་བཙན་པོ་པུ་དེ་གུང་རྒྱལ་གྱི་སྐབས་སུ་བློན་པོ་རུ་ལས་སྐྱེས་སམ་བྱ་ཁྲི་བྱ་བ་བྱུང་བ་ལས་ལྕགས་ཟངས་དངུལ་གསུམ་གྱི་གཏེར་རྡོ་བསྔོགས་ནས་སོལ་མེས་བཏུལ་བར་བྱས་པས།བཟོ་ལས་དང་ཞིང་འབྲོག་ཐོན་སྐྱེད་གོང་འཕེལ་ཆེན་པོ་བྱུང་བ་དང་དུས་མཚུངས་སུ་ལྷོ་ཁ་ཡར་ཀླུང་ཁུལ་དུ་ཐགས་མཁན་རྒན་མོ་བལ་མ་ཟེར་བ་ཞིག་བྱུང་བ་དེས་ཟླ་བའི་འཕེལ་འགྲིབ་ཀྱི་གཟིགས་དབྱིབས་འགྱུར་ལྡོག་ལ་བརྟེན་ནས་ཟླ་ཞག་དང་།དུས་བཞི་བརྩི་བའི་ཟླ་རྩིས་ཀྱི་སྲོལ་བཏོད་པའི་ཚུལ་བོད་སྔ་རབས་ཀྱི་ལོ་རྒྱུས་གཡའ་བཟང་གམ་འབྲོག་པ་ལྷ་རྒྱལ་གྱི་སྒྲུང་དེབ་ཟེར་བའི་ནང་འཁོད་ཡོད།དེ་ཡིས་ལོ་ངོ་སྟོང་ལྷག་གི་སྔ་རོལ་ནས་བོད་མི་ཤེས་རིག་ལ་དགའ་མཁན་རྣམས་ཀྱིས་ཟླ་བའི་འཕེལ་འགྲིབ་དང་།ཉི་མའི་འགྲོས། ཕྱི་རང་བྱུང་ཁམས་ཀྱི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཆོས་ཉིད་ལ་རྟོག་དཔྱོད་བྱས་ཏེ་ཉི་མའི་འགྲོས་གཉིས་དང་།ལྡོག་གཉིས། མཉམ་གཉིས་སོགས་ངོས་འཛིན་ཐུབ་ཀྱིན་ཡོད་པ་མ་ཟད། ལོ་གཅིག་དུས་བཞི་ཟླ་བ་བཅུ་གཉིས་སུ་དབྱེ་བ།དུས་རེ་ལ་ཟླ་བ་གསུམ་གསུམ་དུ་དབྱེ་བ། ཟླ་བ་རེ་ལ་རགས་པ་བདུན་ཚན་བཞི་བཞིར་དབྱེ་ཞིབ་བྱས་ནས་ལོ་ཟླ་ཞག་དུས་སོགས་བརྩི་བཞིན་ཡོད་པ་ནི་གསལ་པོར་མཚོན་ཡོད།             གོང་སྨྲོས་བཞིན་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་ས་ཁུལ་མི་འདྲ་བ་དང་ཡུལ་ཕྱོགས་མི་འདྲ་བའི་དབང་གིས་བཤད་རྒྱུན་ཡང་མི་འདྲ་བ་ཁ་ཁེར་ཡོད་མོད།སྤྱིའི་ཆ་ནས་མཐུན་ཆེ་འགལ་ཉུང་ཡིན། དེས་ན་ཡུལ་འདིའི་འབྲོག་མི་རྣམས་ཀྱིས་རྩྭ་འཇག་ཐུར་ཞིག་མཛུབ་མོའི་བར་ལ་དྲངས་ནས་དེའི་གྲུབ་མ་ལ་བལྟས་ཏེ་ཉིན་མོའི་དུས་ཚོད་ངོས་འཛིན་པ་དང་།ཡང་ཉི་གྲིབ་ལ་བརྟེན་ཏེ་དུས་ཚོད་ངོས་འཛིན་པ་ནི། ཉི་ཐིག་གོ་ཁར་ལྷུང་བ། ཉི་ཐིག་སྒྱེད་སྟེང་ཤར་བ།ཉི་ཐིག་ཡ་གྱུར་སླེབས་པ། ཉི་ཐིག་མཆིག་ཐོག་ཏུ་ཐོན་པ། ཉི་ཐིག་སྦྲ་ངོས་སུ་ཤར་བ། སྐྱ་འདབས་བཀྱགས།ཤར་སྐྱ་བ། ནམ་ལངས་པ། རི་རྩེར་ཉི་མ་བརྒྱབ། ཉི་མ་ཤོད་ལ་ལྷུང་བ། ཉི་དྲོས། ཉིན་གུང་། ཉིན་ཡོལ།ཕྱེད་ཡོལ། ཉི་ནུབ། རང་གྲིབ་རང་ཞབས། རྩྭ་གྲིབ་ཤིང་གྲིབ་གུག་པ། གྲིབ་ཆེན་ཐང་ལ་ལྷུང་པ།ཉི་མའི་དམར་ཐག་ཆད་པ། ས་རྩ་རུབ་པ། མུན་རུབ་པ་སོགས་ཟར་ཞིང་ཉིན་མོའི་དུས་ཚོད་ངོས་འཛིན་པ་ཡིན།ཡང་མཚན་མོའི་དུས་ཚོད་ངོས་འཛིན་པའི་ཆེད་དུ་ནམ་མཁའི་སྐར་མ་རྣམས་གནས་གང་དང་གང་དུ་ཡོད་པར་བརྟགས་ཏེ་ནམ་ཚོད་འཛིན་ལ།དེ་ལས་ཀྱང་ངོ་མཚར་བ་ནི་ཐུན་རྐོང་ཞེས་ཆེད་དུ་མཚན་མོའི་དུས་ངོས་འཛིན་བྱེད་དུ་བཟོས་པའི་རྐོང་བུའམ་མར་མེ་ཞིག་ཡོད་ལ།རྐོང་བུའི་ནང་གི་མར་མེ་མར་ཁུའི་ཟད་ཚད་ལ་བལྟས་ཏེ་མཚན་གྱི་དུས་ཚོད་འཇལ་སྲིད། ཐུན་རྐོང་གི་སྡོང་བོའི་སྦོམ་ཕྲ་དང་མར་ཁུའི་གར་སླ་སོགས་ལ་འཕྲོད་པོ་བྱ་ཐུབ་ན་དུས་ཚོད་དུ་ཤིན་ཏུ་ཁེལ་བར་བཤད།  ཡང་བྱ་སྐད་བྱིའུས་འཁུར། ། བྱིའུ་སྐད་འབྲི་ཡིས་འཁུར།།འབྲི་སྐད་གཡོག་མོས་འཁུར་ཞེས་བྱ་སྐད་དང་།བྱིའུ་སྐད། འབྲི་སྐད་བཅས་ལ་བརྟེན་ནས་ནམ་ཚོད་འཛིན་སྲིད།  དེ་མིན་ལས་ཀའི་ཁྲོད་ནས་ལུས་ལ་རྨ་བྱས་ཏེ་ཁྲག་བཞུར་ཚེ་ཕྱུགས་ཀྱི་རྩིད་པ་དང་ལུག་གི་བལ་སོགས་མེ་ལ་བསྲེགས་ཏེ་ཁྲག་གཅོད་པ་དང་།   གལ་ཏེ་རི་ནས་རྨས་སྐྱོན་བྱུང་ཞིང་ཁྲག་བཞུར་ཚད་མང་ན་སེང་གེ་བཅའ་འབྱོར་ཞེས་པའི་རྩྭ་ལྡུམ་དེ་རྨ་ཁར་སྦྱར་ནས་ཁྲག་རྒྱུན་གཅོད་པ་དང་།  ཕོ་ནད་སོགས་སྐྲང་པའི་རིགས་ལ་ལུང་པ་ཁ་བྱང་དུ་འཁོར་ཡོད་པའི་ནང་གི་རྡོ་ཉི་མ་ཕོག་མ་མྱོང་བ་དེ་སྐྲང་པའི་ཐོག་ཏུ་གླན་ན་སྐྲང་པ་ཞི་བ་སོགས་ཀྱི་གསོ་རིག་གི་ཤེས་བྱའང་མང་དུ་ཡོད།

        ༤ ཐོག་འགོག་ཤེས་བྱ།
        དེ་ལས་ཀྱང་ངོ་མཚར་ཆེ་བ་ནི་ཧོར་ཤུལ་ཡུལ་གྱི་ཐོག་འགོག་ཤེས་བྱ་དེ་རེད།འདི་ནི་ང་ཚོས་ཡབ་མེས་རྣམས་ཀྱི་བློ་རིག་གི་རྩལ་ལས་འཁྲུངས་ཤིང་དངོས་ཡོད་གནས་ཚུལ་ལ་ཚོད་ལྟ་བྱས་པ་ལེགས་འགྲུབ་བྱུང་བའི་གཡུར་དུ་ཟ་བའི་འབྲས་བུ་ཉག་གཅིག་དེ་ཡིན།དེ་ཡང་ནམ་མཁར་སྤྲིན་ནག་འཁྲིགས་ཤིང་ཐོག་འབྲུག་གློག་གསུམ་ཆེས་ཆེར་རྒོད་པའི་དུས་སུ། ཡུལ་འདིའི་འབྲོག་མི་རྣམས་ཀྱིས་སྒྱེད་པུའི་ཡར་སྟེང་དུ་གྲིའམ་ལྕགས་ཀྱི་རིགས་ཤིག་འཛུགས་སྲིད་ལ།དེ་ལས་ཅི་ཞིག་མཚོན་པ་རེད་ཟེར་ན། ཐོག་རྒྱག་པའི་དུས་སུ་ཁྱིམ་དུ་ལྕགས་ཀྱི་རིགས་ཤིག་སར་བཙུགས་ན་ཐོག་ཆུ་ལྕགས་ཀྱི་རིགས་དེའི་རྒྱུད་དུ་རྔུབ་འགྲོ་ལ།ལྕགས་དང་ཐོག་ཆུ་བར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་སྔོན་ནས་ཤེས་ཡོད། འདི་ནི་དམངས་ཁྲོད་ངག་རྒྱུན་ཙམ་མ་ཡིན་པར་དངོས་ཡོད་གནས་ཚུལ་གྱིས་ར་སྤྲོད་ཐུབ་ལ།ཧོར་ཤུལ་ཡུལ་སྡེའི་ཁྱིམ་ཚང་དུ་མར་ཐོག་གི་གནས་ཚུལ་རབ་དང་རིམ་པ་མང་དུ་བྱུང་ཡང་། ཁྱིམ་དུ་གྲིས་མཚོན་པའི་ལྕགས་ཀྱི་རིགས་བཏབ་ཡོད་པས་གནས་ཚུལ་གང་ཡང་བྱུང་མེད་པ་མཛུབ་མོའི་གྲངས་ལྟར་བསྒྲེང་རྒྱུ་ཡོད་དོ།།འདི་ནི་དུས་རབས་གསར་བའི་ཚན་རིག་ལག་རྩལ་མ་དར་སྔོན་ནས་ང་ཚོའི་འབྲོག་དམངས་ཚོ་ལ་མཚོན་ན་འཚོ་བའི་རྒྱུན་ཤེས་སུ་ཆགས་ཡོད།འབྲོག་དམངས་ཀྱི་རྒྱུན་ཤེས་འདི་ནི་དེང་གི་ཚན་རིག་གི་བཤད་ཕྱོགས་དང་ཤིན་ཏུ་མཐུན་ལ།  ཚན་རིག་པས་ཀྱང་ཐོག་ཆུ་དང་ལྕགས་རིགས་བར་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཁས་ལེན་པར་མ་ཟད།དེང་གི་གྲོང་ཁྱེར་ཆེན་པོའི་ཁང་བརྩེགས་ཀྱི་སྟེང་ནའང་ཐོག་འགོག་དུ་ལྕགས་གདུང་དང་ལྕགས་སྐུད་སོགས་བཙུགས་ཡོད།འདི་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་སྤྱི་དང་ཁྱད་པར་དུ་གསེར་རྟ་ཧོར་ཤུལ་ཡུལ་གྱི་རྒན་པ་རྣམས་ཀྱིས་རང་བྱུང་ཁམས་ཀྱི་སྣང་ཚུལ་འདྲ་མིན་དང་གནོད་འཚེ་འདྲ་མིན་ལ་གཡོལ་བར་བྱེད་པའི་སྔོན་ཐོན་གྱི་ཤེས་བྱ་འགངས་ཆེན་ཞིག་རེད།།
རྩོམ་སྒྲིག་པ།སྣང་རྡོར།