ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

ཁྱེད་ཀྱིས་པི་ཝང་གི་འབྱུང་ཁུངས་ཤེས་སམ།

སྤེལ་དུས 2019-11-11 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།
            པི་ཝང་བྱ་བ་ནི་རྒྱ་གར་སྐད་ཡིན་པ་ལྟར་བྱུང་སའང་རྒྱ་གར་རེད། རྒྱ་གར་ནི་གནའ་བོའི་དུས་ནས་བཟུང་སྒྱུ་རྩལ་ཕུན་སུམ་ཚོགས་པའི་མི་རིགས་ཤིག་རེད། པི་ཝང་དང་རྒྱུད་མངས་སོགས་ཀྱི་ཐ་སྙད་དེ་ཚོའང་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་དང་དེ་འབྲེལ་གྱི་རྒྱ་གར་མཁས་པའི་བསྟན་བཅོས་བོད་ལ་འགྱུར་བའི་དུས་སུ་བྱུང་བ་ཞིག་ཡིན་པ་ལས་རྒྱ་གར་བའི་པི་ཝང་དངོས་བོད་ལ་ཁྱེར་ཡོང་བའི་གོ་དོན་ཞིག་མིན་ནོ། །
            བོད་རྣམས་ཀྱིས་རོལ་ཆས་དེའི་མིང་ལ་སྔོན་ནས་བཟུང་སྒྲ་སྙན་ཟེར་བཞིན་ཡོད་ལ། དེ་ནི་ཐོག་མར་སྟོད་མངའ་རིས་སོགས་ནས་འབྲོང་བསད་པའི་རྗེས་སུ་དགའ་སྤྲོ་གར་འཆམ་བྱས་ནས་བྱུང་བ་ཞིག་ཡིན། གནའ་བོའི་དུས་སུ་ཁ་ཟས་འཚོལ་སྒྲུབ་གཙོ་བོ་ལ་འབྲོང་གསོད་དགོས་ཤིང་འབྲོང་གསོད་དུས་སུ་མི་རྣམས་ཚོགས་པ་བྱས་ཏེ་དཔོན་པོའང་ཡོད་ལ། ཤ་བགོ་དུས་སུའང་གོ་གནས་ལྟར་འབྲོང་མགོ་དཔོན་པོར་འབུལ་བ་དང་ཐ་ཆད་རྣམས་ལ་སུག་པ་བརླིག་འབྲས་སོགས་ལས་མི་དབང་བ་ཡིན། དེར་བརྟེན་དཔོན་པོ་ཐོག་མར་དགྱེས་ཏེ་འབྲོང་ཐོད་དང་རྟའི་རྔ་རྩིད་སྡེབ་ནས་རོལ་མོ་ཞིག་བཀྲོལ་ནས་དེར་ཚོགས་ཚང་མས་རྐང་བྲོ་བརྡུང་བ་ཡིན། བོད་ཀྱི་སྒྲ་སྙན་ཐོག་མ་ནི་དེ་ནས་དར་བ་ཡིན་ལ་ཕྱིས་སུ་འབྲོང་བསད་རྗེས་ཀྱི་དམར་སྟོད་དེ་ཤོན་དུ་འགྱུར་ཞིང་དེའི་ཚུལ་ནི་མངའ་རིས་གུ་གེ་ལྡེབ་བྲིས་ན་ད་ལྟ་གསལ་བོར་ཡོད། དེའི་ཕྱིས་སུ་སྔོན་མའི་འབྲོང་ཐོད་དང་རྟའི་རྔ་རྩིད་གཉིས་ཀྱིས་གྲུབ་པའི་རོལ་ཆས་ལས་སླ་བོ་དེ་ཉིད་ཇེ་རྒྱས་སུ་སོང་ནས་སྒྲ་སྙན་གྱི་རིགས་སྣ་ཚོགས་ཤིག་བྱུང་ཡོད་པ་དེ་ལྟར་ཡིན།
            མདོར་ན་བོད་ཀྱི་སྒྲ་སྙན་ནི་གནའ་བོའི་དུས་ནས་བཟུང་བོད་ཀྱི་སྤྱི་ཚོགས་ནས་བྱུང་ཞིང་རང་རེའི་མེས་པོ་སློག་པ་ཅན་དག་གི་ཕྱག་བཟོས་ཤིག་ལས་རྒྱ་དཀར་ནག་སོགས་རྒྱལ་ཕྲན་གང་ནས་ཀྱང་བྱུང་བ་མ་ཡིན་ནོ།།
           རྩོམ་སྒྲིག་པ། སྣང་རྡོར།