ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

ཁྱེད་ཀྱིས་བོད་ཀྱི་སྲོལ་རྒྱུན་གནམ་གཤིས་བརྟག་ཐབས་ལ་རྒྱུས་ཨེ་ཡོད།

སྤེལ་དུས 2019-11-20 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས་ལས་དྲངས། རྩོམ་པ་པོ།
       བོད་མི་རིགས་འདི་ཉིད་མཚོ་བོད་མཐོ་སྒང་དུ་གཞི་ཆགས་པ་ནས་བཟུང་། ཞིང་འབྲོག་ལས་ཁྲོད། ཡར་ནམ་མཁའི་ཉི་ཟླ་སྐར་གསུམ་གྱི་འཆར་ནུབ་རྒྱུ་བགྲོད་དང་། འཇའ་སྤྲིན་རླུང་བུ་སོགས་ཀྱི་འབྱུང་འགྱུར། མར་དོག་མོ་ས་གཞིའི་ཆུ་རྒྱུན་སྐྱེ་དངོས་སྣ་ཚོགས་ཀྱི་འགྱུར་ལྡོག་དང་། སེམས་ལྡན་སྲོག་ཆགས་སོགས་ཀྱི་བྱེད་སྤྱོད་བཅས་ལ་བརྟག་ཅིང་དཔྱད་དེ། ལོ་ཟླའི་ལེགས་ཉེས་དང་ཁ་ཆར་བུ་ཡུག་སོགས་འབྱུང་བཞིའི་གནོད་པ་ཅི་ཡོང་སྔོན་དཔག་ཚད་འཛིན་དང་། ཐན་སྐྱོན་མུ་གེ་སོགས་ཀྱི་འཇིགས་ཉེན་ཇི་འདྲ་འབྱུང་མིན་བཅས་ལ་བརྟག་དཔྱད་ཡུན་རིང་བྱས་པ་ལས་མྱོང་བ་ཁྱད་པར་ཅན་ཐོན་པའི་ཞལ་གདམས་བརྗོད་ཀྱིས་མི་ལང་པ་ཡོད་ནའང་། འདིར་དཔེར་མཚོན་གྱི་སྤྲིན་པར་བརྟག་ཚུལ་ངོ་སྤྲོད་ཞུས་ན།
       སྤྲིན་པར་བརྟག་ཚུལ།

       ན་བུན་དཀར་པོ་རིམ་པ་གཉིས་གསུམ་གྱིས་རི་སྐེད་བཅིངས་ན་ཆར་ཆེན་འབབ་ངེས་དང་། ནམ་ལངས་དུས་ཤར་ཕྱོགས་ནས་སྤྲིན་དམར་པོ་ཐག་དམར་འཐེན་འདྲ་ནུབ་ཏུ་རྒྱུག་ན་མྱུར་དུ་འབབ་པ་དང་། ཤར་ལྷོའི་མཁའ་ལ་པད་འདབ་བརྩེགས་འདྲའི་སྤྲིན་པ་བར་གསེང་མེད་པར་འབྲེལ་ན་ཉིན་ཞག་གཅིག་ལ་འབབ་པའི་རྟགས། ཤར་ཕྱོགས་ཀྱི་མཁའ་ལ་ལུག་གི་ལྟོ་ཚིལ་འདྲ་བའི་སྤྲིན་དཀར་བརྩེགས་པ་བྱུང་ན་ཉིན་དེ་ཡི་རྗེས་ཆར་འབབ་པའི་རྟགས། ཉི་ཤར་གྱི་མཚམས་ཕྱེ་ལེབ་ཀྱི་གཤོག་པ་བརྐྱངས་འདྲའི་འཇའ་སྤྲིན་གྱིས་ཤར་ཕྱོགས་བཀབ་ན་མི་འགྱངས་པར་ཆར་ཆེན་འབབ་པར་འགྱུར། གཞན་ཡང་སྤྲིན་ནག་གིས་བྱང་སྐར་སྤུན་བདུན་དང་དགུ་ཚིགས་སྐྱ་མོ་བསྒྲིབས་ན་ཆར་པ་འབབ་པའི་རྟགས། སྤྲིན་ལྷོ་ནས་བྱང་དུ་མགྱོགས་པོར་བགྲོད་ན་བྱང་གཡག་གུའི་མགོ་འཕིགས་ཅེས་གངས་ཆར་ཆེ་ཙམ་འབབ་ལྟས་དང་། ནུབ་ནས་བྱང་བགྲོད་བྱས་ན་འབྲིང་ཙམ་འབབ། བྱང་ངོས་ནས་ཤར་དུ་རྒྱུ་ན་ཉུང་ཙམ་དང་ཡང་ན་གཏན་ནས་མི་འབབ་པའི་རྟགས། ནུབ་ངོས་ནས་ཤར་ཕྱོགས་སུ་དལ་ཞིང་བརྟན་པོར་རྒྱུ་ན་དུས་ཡུན་རིང་ཙམ་ལ་མི་འབབ་པའི་རྟགས་དང་། བྱང་སྤྲིན་ལྷོ་རུ་རྒྱུ་ན་ལྷོའི་ཙན་དན་གྱི་མེ་འབར་ཞེས་ཐན་སྐྱོན་ཡོང་བའི་རྟགས་དང་། སྟོན་དུས་སྤྲིན་པ་ལྷོ་ནས་བྱང་ལ་མང་ཙམ་རྒྱུ་ན་ཤིང་ལོ་བྱང་འདྲེན་ཞེས་ཐན་པ་ཡུན་ཐུང་ཙམ་འབྱུང་བར་བཤད། 

       གཞན་ཡང་། དགོང་དམར་དམར་པོ་མེ་རེད། ནག་པོར་གྱུར་ན་ཆུ་རེད་ཅེས་དགོང་མོའི་མཚམས་སྤྲིན་གྱི་མདངས་དམར་པོར་གྱུར་ན་ཕྱི་ཉིན་ཉི་མ་དྲོ་བའི་རྟགས་དང་། དེ་འཕྲལ་མདངས་ནག་པོར་གྱུར་ན་འབབ་པའི་རྟགས། ཉིན་ཕྱེད་དུས་སུ་སྤྲིན་གྱིས་ཉི་མ་བསྒྲིབས་ན་མཚན་ལ་ཆར་པ་འབབ་པའི་རྟགས་དང་། ཉི་ཤར་གྱི་དུས་ཤར་ཕྱོགས་སུ་སྤྲིན་འཕགས་ན་རླུང་དང་བཅས་ཆར་མྱུར་དུ་འབབ། ནམ་ལངས་ཁར་ཡོས་ཀྱི་དུས་ཤར་ལྷོར་སྤྲིན་བྱུང་ན་ཉི་དྲོས་ཀྱི་སྐབས་སྦྲུལ་གྱི་དུས་སུ་ཆར་འབབ་པར་འགྱུར། ཉི་ནུབ་ཏུ་སྤྲིན་པ་ནག་པོ་བྱུང་ན་རླུང་ཆར་འབྱུང་ངེས། ཞོད་པོ་ཆེ་དགོང་དྭངས་ཞེས་ཉི་ནུབ་ཁ་ཆར་དྭངས་ན་ཞོད་ཆེན་འབྱུང་བའི་རྟགས་དང་། རི་བོ་སྤྲིན་གྱིས་སྒྲིབ་ན་མཚན་དང་མཚན་སྦྲེལ་ནས་ཆར་བ་འབབ་པའི་རྟགས། ཉི་ཤར་འབྲུག་གི་དུས་ལྷོ་ཕྱོགས་ནས་སྤྲིན་བྱུང་ན་རླུང་དང་བཅས་དྲག་ཆར་འབབ་པའི་རྟགས་དང་། ནུབ་བྱང་དུ་སྤྲིན་པ་ནག་པོ་བྱུང་ན་འབྲུག་སྒྲ་དང་བཅས་ཆར་འབབ་པའི་རྟགས། མཚན་མོར་སྤྲིན་པ་ནུབ་ཏུ་རྒྱུ་ན་ཆར་སྤྲིན་འཁྲིགས་ཤིང་ཆར་རླུང་འབྱུང་བ་དང་། དགུན་ཁར་ཤར་དུ་སྤྲིན་པ་ལྷོར་རྒྱུ་ན་གངས་སྐྱོན་དང་གྲང་ངར་ཆེ་བའི་རྟགས། དབྱར་དུས་ཤར་ནས་སྤྲིན་པ་ནུབ་ལ་རྒྱུ་ན་ཐན་པ་འབྱུང་བའི་རྟགས་སུ་ངོས་འཛིན་བྱེད།

རྩོམ་སྒྲིག་པ།སྣང་རྡོར།