དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

འབྲུག་ཟེར་བའི་སྲོག་ཆགས་ཤིག་ཡོད་ཟེར་བ་བདེན་པ་ཡིན་ནམ།

སྤེལ་དུས 2020-11-06 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།


     གནའ་རབས་ལོ་རྒྱུས་ཐོག་བཤད་སྲོལ་ཡོད་པའི་སྲོག་ཆགས་འབྲུག་སྟེ། དམངས་ཁྲོད་ཀྱི་བཤད་རྒྱུན་དུ་ལུས་ལ་གཤོག་པ་མེད་ཀྱང་ནམ་མཁའ་ལ་འགྲོ་ཐུབ་པ་དང་། སྐབས་རེ་ལུས་ནས་མེ་སྟག་འཕྲོ་བ་ནི་རྒྱུན་དུ་མཐོང་རྒྱུ་ཡོད་པའི་གློག་ཟེར་བ་དེ་ཡིན་པ། ལུས་ལ་ཉ་དང་འདྲ་བའི་པགས་པ་ཁྲབ་རིས་ཅན་ཞིག་ཡོད་པ། འབྲུག་གི་སྐད་བསྒྲགས་ན་རྨ་བྱའི་ལུས་ལ་སྒོ་ང་ཆགས་ཀྱི་ཡོད་པ་སོགས་བཤད་སྲོལ་སྣ་ཚོགས་ཡོད། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ་གཞུང་ངོ་མ་གང་གི་ནང་དུའང་འབྲུག་ཟེར་བ་དེ་སྲོག་ཆགས་ཤིག་ཡིན་པར་གཏན་ནས་ཁས་མི་ལེན་པ་ནི་བསྟན་འགྱུར་མདོ་ཕྱོགས་སྡེ་དགེ་དཔར་མའི་ལེ་ཚན[ཁུ]པའི་ནང་བཞུགས་པ་སྤྱི་ལོའི་དུས་རབས་དགུ་པའི་མགོར་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་སྲིད་དབང་བཟུང་སྐབས་རྒྱ་གར་གྱི་པཎྜི་ཏ་ཛི་ན་མི་ཏྲ་དང་བོད་ཀྱི་ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་གཉིས་ཀྱིས་བོད་སྐད་དུ་བསྒྱུར་བའི《འཇིག་རྟེན་གདགས་པ》ཞེས་པའི་བསྟན་བཅོས་ནང་འཁོད་དོན། ཅིའི་ཕྱིར་འབྲུག་ཟེར་ཞེ་ན། སྨྲས་པ། ཕྱོགས་གཉིས་ནས་རླུང་ཆེན་པོ་དག་ལྡང་སྟེ་བརྡབས་པ་ལས་སྒྲ་འབྱུང་སྟེ། རྒྱུ་དེས་ན་འབྲུག་ཅེས་ཟེར་རོ།། ཞེས་དང་། ཡང་ཅིའི་ཕྱིར་གློག་འབྱུང་ཞེ་ན། ཕྱོགས་གཉིས་ནས་རླུང་ཤིན་ཏུ་ཚ་བ་དག་ལྡང་སྟེ། དེ་དག་ཕན་ཚུན་ཐུག་པ་གློག་འབྱུང་སྟེ། རྒྱུ་དེ་ནས་གློག་འབྱུང་ངོ་།། ཞེས་གསལ་ཞིང་གོང་གསལ་ཆོས་དཔེ་དེ་བོད་དུ་མ་བསྒྱུར་གོང་གི་རྒྱལ་པོ་ཁྲི་ལྡེ་བཙན་གྱི་དུས་བརྩམས་པའི《རྒྱལ་པོ་བཀའ་ཐང》ལས་ཀྱང་། མཚོ་ཡི་རླངས་པས་མཁའ་ལ་སྤྲིན་དུ་ཆགས།། དེ་ཉིད་འཐབ་པས་མཁའ་ལ་འབྲུག་སྒྲ་སྒྲོགས།། འབྱུང་བ་ཚ་གྲང་འཕྲད་པས་གློག་ཏུ་འཁྱུག། དྲག་ཅིང་ངར་ན་གནམ་ལྕགས་ཐོག་ཏུ་བབས།། དཔེར་ན་མེ་ལྕགས་རྡོ་ལ་བརྡབས་པ་བཞིན།། བར་ནས་མེ་དང་རིན་ཆེན་འོད་ཟེར་འཕྲོ།། ཞེས་མཁའ་རླུང་མི་འདྲ་བ་གཉིས་ཐུག་ནས་བརྡབས་པ་ན་སྐད་ཆེན་པོ་སྒྲོག་འོང་བས་རྒྱུ་མཚན་དེ་ཙམ་ཞིག་ལ་བརྟེན་ནས་འབྲུག་ཅེས་མིང་བཏགས་པ་དང་། གློག་འཁྱུག་པ་ནི་མཁའ་རླུང་ཚ་གྲང་གཉིས་ཐུག་ནས་བརྡབས་པའི་འོད་ཡིན་པས་རྒྱུ་མཚན་དེ་ལ་བརྟེན་ནས་གློག་འབྱུང་བར་བཤད་ཡོད་པས། དེ་ནི་དེང་སང་གི་ཚན་རིག་མཁས་པ་རྣམས་ཀྱི་བཤད་ཚུལ་དང་ཡོངས་སུ་མཐུན་གྱི་ཡོད། འོན་ཀྱང་མི་རྣམས་ཀྱི་འཚོ་བ་དངོས་ཀྱི་ནང་འབྲུག་ཟེར་བའི་སྲོག་ཆགས་དངོས་སུ་ཡོད་པ་དང་། དངོས་སུ་མཐོང་མྱོང་བ་ལྟ་བུའི་བཤད་རྒྱུན་མང་པོ་ཡོད་པ་མ་ཟད། དེ་ལ་བརྟེན་ནས་ལྷ་ཁང་གི་ལྡེབས་བྲིས་དང་། གོས་དར། དཀར་ཡོལ། ཁ་གདན། རྡོ་སྐས། གནམ་རྒྱན་སོགས་ཀྱི་ཐོག་འབྲུག་རིས་ཀྱི་རྒྱན་སྤྲོས་བྱེད་སྲོལ་ཡོད་པ་དེ་དག་མེས་རྒྱལ་ནང་ཁུལ་ནས་བོད་དུ་དར་བའི་ཤུགས་རྐྱེན་ཞིག་ཡིན་ནམ་ཡང་ན་ཆོས་ལུགས་གཞན་དག་དང་ཕྱི་རྒྱལ་ནས་བོད་དུ་དར་བའི་བཤད་རྒྱུན་ཞིག་ཡིན་མིན་སྐོར་ད་ཕན་དཔྱད་གཞི་མ་རྙེད་ཅིང་། ཉེ་རབས་ཀྱི་ཚན་རིག་མཁས་པ་རྣམས་ཀྱིས་བརྟག་དཔྱད་བྱས་པའི་མཇུག་བསྡོམས་ལ་བསྐལ་པ་ཡ་ཐོག་གི་སྲོག་ཆགས་གྲས་ཁུང་ལུང(恐龙)ཞེས་པའི་འབྲུག་གཟུགས་ཀྱི་རུས་པ་ཆ་ཚང་ཞིག་བཙལ་རྙེད་བྱུང་ཡོད་པ་དེ་ནི་རྒྱ་མཚོའི་ནང་གི་སྲོག་ཆགས་མིན་ལ། ནམ་མཁའ་ལ་འགྲོ་ཐུབ་པ་དང་། ཤུགས་དྲག་ཆེ་བའི་སྐད་སྒྲོག་ཐུབ་པ་དེ་འདྲ་ཞིག་ཀྱང་མིན་པར་བཤད་ཡོད་པས་དེང་རབས་ཀྱི་ཚན་རིག་དང་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་གང་གི་དབང་དུ་བྱས་ན་ཡང་འབྲུག་ཟེར་བའི་སྲོག་ཆགས་དངོས་སུ་མཐོང་རྒྱུ་གཏན་ནས་མེད་དོ།།
ཡོང་ཁུངས། དུང་དཀར་ཚིག་མཛོད་ཆེན་མོ།
རྩོམ་སྒྲིག་པ།སྣང་རྡོར།