དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

དམངས་ཁྲོད་ཀྱི་རྩེར་སོན་སྒྱུ་རྩལ། ལོ་གསར་གྱི་ཕོ་ཉ་འབྲས་དཀར།

སྤེལ་དུས 2020-12-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

པར་འདི་གཉིས་ནི་བོད་ཀྱི་འབྲས་དཀར་རྒྱུན་འཛིན་པ་ཡིན་པ།

གཡས་ཀྱི་པར་འདི་ནི་སི་ཁྲོན་རྔ་པའི་ཁུལ་གྱི་དམངས་ཁྲོད་འབྲས་དཀར་ཡིན་པ།
         མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཁྲོད་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་ཐོན་པའི་ཁྲོད་ནས་འབྲས་དཀར་རིག་གནས་ནི་བོད་ས་མཐོའི་ལོ་གསར་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།
         གངས་ལྗོངས་ས་མཐོར་འབྲས་དཀར་འཁྲབ་སྲོལ་དར་ནས་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་། དེ་སྔ་སྒྱུ་རྩལ་ཚོགས་པ་དར་ཁྱབ་ཆེན་པོ་མ་བྱུང་སྔོན་བོད་ལྗོངས་ཀྱི་ཡུལ་གྲུ་ཁག་ཏུ་ཁེར་རྐྱང་ངམ་མི་གཉིས་གསུམ་གྱི་སྒྲུང་གླུ་འཆད་གྱེར་མཁན་དང་། བླ་མ་མ་ཎི་ཤོད་མཁན། འབྲས་དཀར་འཁྲབ་མཁན་སོགས་དར་ཁྱབ་བྱུང་བའི་ཁྲོད་འབྲས་དཀར་ནི་སྤྱིར་ན་ལོ་གསར་སྐབས་སུ་ཐོན་པའི་དམིགས་བསལ་གྱི་བཀྲ་ཤིས་ཕོ་ཉ་ཞིག་ཡིན། དེ་ཡང་དེ་སྔ་ལོ་གསར་ཚེས་གཅིག་ཉིན་འབྲས་དཀར་འཁྲབ་མཁན་ཚོས་ལག་ཏུ་འབྲས་རྒྱུག་ཐོགས་པ་དང་། ཨམ་ཕྲག་ཏུ་འབྲས་ཕོར་བཅུག་པ། ཕྲག་ཏུ་འབྲས་འབག་ཁུར་བ། རྣ་ལ་ཨ་ལོང་བཏགས་པ་སོགས་འབྲས་དཀར་གྱི་དམིགས་བསལ་ཆ་བྱད་སྤྲས་ནས་དུད་ཚང་ཚང་མའི་སྒོ་ཁར་བཀྲ་ཤིས་སྨོན་འདུན་མཚོན་པའི་ཁ་གཡང་སྒྲོག་གི་ཡོད།
         འབྲས་དཀར་མ་འཁྲབ་སྔོན་ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ་ཞེས་ངོ་སོ་བསྟོད་པ་དང་དེ་རྗེས་རང་ཉིད་ཀྱི་འབྲས་རྒྱུག་དང་། འབྲས་ཕོར། འབྲས་འབག་བཅས་དང་རྣ་ལོང་། འགྲོན་བུ་ཡན་ལ་བཤད་པ་རྒྱག་པའི་རྣམ་པའམ་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ནས་བཀྲ་ཤིས་པ་དང་། དོན་འགྲུབ་པ། གཡང་ཆགས་པ་བཅས་ཀྱི་བརྗོད་བྱ་ཤ་སྟག་ལ་བརྟེན་ནས་མི་རྣམས་ཀྱི་འདོད་དོན་ཡོད་ཚད་སྨོན་ཚིག་གི་ལམ་ནས་མཚོན་པར་བྱེད་ཀྱི་ཡོད་པ་མ་ཟད། རང་ཉིད་ལའང་བསམ་པའི་དོན་གྲུབ་ཅེས་པའི་བཀྲ་ཤིས་གཡང་ཆགས་ཀྱི་མིང་ཞིག་བཏགས་ནས་རང་ཉིད་ཀྱི་སྒོ་གསུམ་ཡོད་ཚད་བཀྲ་ཤིས་པ་དང་དོན་འགྲུབ་པའི་མཚོན་རྟགས་སུ་འགྱུར་བ་བྱེད་ཀྱི་ཡོད། མི་རྣམས་ཀྱིས་འབྲས་དཀར་འཁྲབ་མཁན་ནི་བཀྲ་ཤིས་རྟེན་འབྲེལ་གྱི་ཕོ་ཉ་ཞིག་ཏུ་བརྩིས་ནས་ཇ་ཆང་དང་ཞལ་ཏོག་སོགས་ཀྱི་སྣེ་ལེན་གཟབ་རྒྱས་བྱེད་ཀྱི་ཡོད་པ་མ་ཟད། ལ་ལས་ལོ་གསར་གྱི་མཚོན་དོན་ལྟ་བུར་ཤ་མར་གྱི་གནང་སྦྱིན་དང་ཁ་བཏགས་ཀྱང་གཡོགས་ཀྱི་ཡོད།
         འབྲས་དཀར་ནི་དམངས་སྲོལ་རིག་གནས་ཀྱི་ཆ་ཤས་ཤིག་གི་ངོས་ནས་ལོ་ངོ་དུ་མའི་ལོ་རྒྱུས་ཡོད་པར་མངོན་ཞིང་། འབྲས་དཀར་སྒྱུ་རྩལ་པའི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྟངས་དང་། འཁྲབ་ཆས། རྐང་པའི་སྟངས་སྟབས། ལག་པའི་ཕྱག་རྒྱ། འབྲས་བཤད་ཀྱི་ནང་དོན་བཅས་ལ་སྒྱུ་རྩལ་གྱི་དམིགས་བསལ་རིན་ཐང་ལྡན་ཡོད་སྟབས། གནའ་བོའི་གོམས་སྲོལ་དང་། ཆས་གོས། གཞས་གདངས་བཅས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་རིན་ཐང་ཅན་ཞིག་ཡིན། འོན་ཀྱང་ད་ལྟའི་ཆར་ཡུལ་གྲུ་སྐོར་མཁན་འབྲས་དཀར་གྱི་གཟུགས་བརྙན་དག་སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་རིམ་གྱིས་ཉུང་དུ་འགྲོ་བཞིན་ཡོད་པ་དང་གར་སྟེགས་ཐོག་ཏུའང་སྒྱུ་རྩལ་གྱི་རྣམ་པ་དེ་མཐོང་དཀོན་པར་གྱུར་ཡོད། འོན་ཀྱང་ད་ཆ་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇི་ཙམ་མཐོ་བ་དེ་ཙམ་གྱིས་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ཆེ་བ་དང་བཀྲ་ཤིས་སྨོན་འདུན་གྱི་དགོས་མཁོར་ཡང་རྫོགས་མཐའ་མེད་ལ། དུས་ཆེན་གྱི་ཤིས་ཚིག་ག་དུས་སྒྲོན་ནའང་ཤིན་ཏུ་མཁོ་བས། ལོ་གསར་གྱི་བཀྲ་ཤིས་ཕོ་ཉ་འབྲས་དཀར་གྱི་གཟུགས་བརྙན་དེ་བཞིན་གངས་ལྗོངས་མུ་མཐུད་གནས་ཤིང་དར་ནས་བཀྲ་ཤིས་ལོ་ལེགས་ཀྱི་དུས་བཟང་གསར་པ་རེ་རེ་བཞིན་བསུ་བར་སྨོན་ནོ།
རྩོམ་སྒྲིག་པ། སྣང་རྡོར།