དེ་རིང་ནས་ལྷ་སའི་རྨོ་འདེབས་ཀྱི་མགོ་བརྩམས་པ་རེད།
སྤེལ་དུས 2021-03-16
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུད་ཀྱི་གནས་ཚུལ་གསར་ཤོས་ལྟར་ན། ༢༠༢༡ལོའི་ལྷ་ས་གྲོང་ཁྱེར་གྱི་དཔྱིད་འདེབས་མཛད་སྒོ་དེ་རིང་སྔ་དྲོ་སྤེལ་རྒྱུ་ཡིན་ཞིང་། གྲོང་ཁྱེར་ཡོངས་ལ་ཁྱོན་རྨོ་འདེབས་ས་ཞིང་མུའུ་ཁྲི་༥༧.༦ཡོད་པ་དང་། དཔྱིད་འདེབས་ལས་དོན་ཟླ་བཞི་པའི་ཟླ་དཀྱིལ་དུ་ཁྱོན་ཡོངས་ནས་འགོ་འཛུགས་རྒྱུ་རེད།
ཞིང་ནི་དྲོ་བཤེར་ལྡན་ཚེ་རྨོ་ཞེས་པ་ལྟར་སླར་ཡང་དཔྱིད་ཀ་ཚེས་ཤིང་། དཔྱིད་འདེབས་ཀྱི་དུས་ཚོད་དེ་ཡང་ག་ལེར་ང་ཚོ་དང་ཐག་ཇེ་ཉེར་སོང་ཡོད། ད་ལོ་ལྷ་ས་གྲོང་ཁྱེར་གྱིས་ཁྱོན་ཞིང་ལུད་ཏུན་༧༨༡༦.༥དང་། སོན་འབྲུ་རྒྱ་མ་ཁྲི་༡༠༦༢། ཞིང་སྨན་ཏུན་༨༢.༧བེད་སྤྱོད་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། ཉམས་བཟོ་དང་གསོ་སྲུང་བྱས་པའི་ཞིང་ལས་འཕྲུལ་ཆས་༡༧༡༡༠ཟིན་ཡོད་པ་རེད། ཞིང་ལུད་སོགས་དཔྱིད་འདེབས་གྲ་སྒྲིག་ད་ལྟ་བྲེལ་འཚུབ་ངང་བྱེད་བཞིན་པའི་སྒང་ཡིན།
རྩོམ་སྒྲིག་པ། སྣང་རྡོར།