དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བྱེད་སྒོ་ངོ་མཚར་ཆེ།

སྤེལ་དུས 2021-06-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

             སྤྱི་ཟླ་6པའི་ཚེས་11ཉིན། སྤྱི་ལོ་2021ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་འདིར། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་། སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་གཉེར་འགན་འཁུར་བ། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་རོགས་གཉེར་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་དང་ཟློས་གར་འགུལ་རིས་སློབ་གྲྭའི་ནང་བསྐྱོད་པའི་བྱེད་སྒོ་ལྷ་ས་སློབ་ཆུང་དང་པོར་གཉེར་ཡོད།

             བྱེད་སྒོ་འདི་གཉེར་བ་འདིས་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ་2021ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་འགོ་ཚུགས་པ་མཚོན་ཡོད།

             རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་འགོ་འཛིན་དབྱངས་ཅན་སྒྲོལ་དཀར་གྱིས་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཐོག ད་ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་མངོན་མིན་རིག་གནས་ཤུལ་བཞག་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི། མི་དམངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མི་དམངས་ཀྱིས་ལོངས་སུ་སྤྱོད་ཅེས་པ་དེ་རེད།  མངོན་མིན་རིག་གནས་ཤུལ་བཞག་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མངོན་ཚུལ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྟོབས་ཆེའི་འགོ་ཁྲིད་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་གཞི་འཛིན་སར་བརྩིས་པ་དང་། ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་ཐོན་ཁུངས་ལ་བརྟེན་པ། སྲུང་སྐྱོབ་རྒྱུན་འཛིན་དང་ལུགས་མཐུན་བེད་སྤྱོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་ནང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད།

             ལྷ་ས་སློབ་ཆུང་དང་པོའི་སློབ་སྤྱི་བློ་བཟང་ཡོན་ཏན་གྱིས། རིག་གནས་ཤུལ་བཞག་ནི་སྤྱི་ཚོགས་ཡར་ཐོན་གྱི་སྟེགས་བུ་གལ་ཆེན་ཞིག་ཡིན་ཞིང་། དེའི་ནང་མི་རིགས་ཀྱི་བློ་རིག་གཅིག་ཏུ་འདུས་པ་དང་། མི་རིགས་ཀྱི་སྙིང་སྟོབས་མངོན་པ། སྤྱི་དམངས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་གཏོང་བ། སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་སྐྱེད་སྲིང་བྱེད་པ་བཅས་ཀྱི་ཐད་མེད་ན་མི་འགྲིག་པའི་ནུས་པ་ཐོན་བཞིན་ཡོད།


             མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་སློབ་གྲྭའི་ནང་བསྐྱོད་པ་ནི་འབོད་ཚིག་ཙམ་མིན་པར་དེ་ནི་བྱ་སྤྱོད་ཅིག་རེད། ང་ཚོ་མི་རེ་ངོ་རེ་ཚང་མ་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་པ་དང་རྒྱུན་འཛིན་པར་འགྱུར་བ་བྱས་ནས་མཉམ་དུ་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་མི་རིགས་ཀྱི་ཕུལ་བྱུང་སྒྱུ་རྩལ་རིག་གནས་སྲུང་སྐྱོབ་བྱེད་པ། ང་ཚོའི་མི་རིགས་རིག་གནས་ཀྱི་བླ་སྲོག་ལ་སྲུང་སྐྱོབ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

             མངོན་མིན་རིག་གནས་འགྲེམས་འཁྲབ་ཀྱི་ལེ་ཚན་ནང་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་བྱིས་པའི་ལྷ་མོ་བཀྲ་ཤིས་ཤོག་ཅེས་པ་དང་། ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་བློ་བཟང་ཚེ་རིང་སོགས་ཀྱི་འཁྲབ་སྟོན་བྱས་པའི་གསར་གཏོད་ཟློས་གར་སོགས་ངོ་མཚར་ཆེ་བའི་འཁྲབ་སྟོན་གྱིས་དེར་ཡོད་དགེ་སློབ་དང་ལྟད་མོ་བས་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ་པ་བྱུང་ཡོད་ལ། བྱེད་སྒོ་སྤེལ་ཡུལ་དངོས་སུ་དགའ་སྤྲོ་དང་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།