དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

ནང་མ་སྟོད་གཞས་སྦྱོང་འདོད་ན་སློབ་ཡོན་དགོས་ཀྱི་མི་འདུག

སྤེལ་དུས 2021-06-18 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
        སློབ་བསྡུའི་སྤྱི་བསྒྲགས།
        བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གིས་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོའི་ལས་ཞོར་གྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། གཟའ་འཁོར་རེའི་རེས་གཟའ་ལྷག་པའི(19:30—21:30)དགོང་མོ“ནང་མ་སྟོད་གཞས”ཆུ་ཚོད་གཉིས་རིན་མི་དགོས་པར་བསླབ་རྒྱུ་རེད་འདུག་པས། ད་ལྟ་དར་མའི་ནང་མ་སྟོད་གཞས་འཛིན་གྲྭར་དྲ་ཐོག་ནས་མི་200བསྡུ་རྒྱུ་རེད།
        སློབ་བསྡུ་བྱ་ཡུལ།
        ལྷ་ས་གྲོང་ཁྱེར་དུ་ལས་ཀ་དང་སློབ་སྦྱོང་བྱེད་བཞིན་ཡོད་ཅིང་། རིག་རྩལ་ལ་དགའ་བ་དང་། གཟུགས་པོ་བདེ་ཐང་ཡིན་པ་མ་ཟད། སློབ་ཚན་ལ་རྦད་དེ་ཞུགས་ཐུབ་ལ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུ་ཐུབ་མཁན་གྱི་ལས་ཐོག་ལས་བྱེད་ལས་བཟོ།
        མིང་ཐོ་འགོད་པའི་དུས་ཚོད།
        ཟླ་6ཚེས་16ནས་23ཉིན་བར།
        མིང་ཐོ་འགོད་སྟངས།
        སློབ་གཉེར་བ་ཚོས་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གི་གྲངས་འཛིན་རིག་གནས་ཁང་གི་ལས་སྟེགས་དང་སྐད་འཕྲིན་སྤྱི་རྟགས་ཞབས་ཞུའི་དུད་སྣེ་བརྒྱུད་མིང་ཐོ་འགོད་ཆོག
        མིང་ཐོ་འགོད་སྟངས་གཤམ་གསལ།
        1.དྲ་ཐོག་ནས“བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གི་གྲངས་འཛིན་རིག་གནས་ཁང”ཞེས་པ་བཙལ་ཏེ་རིག་གནས་བྱེད་སྒོའི་མིང་ཐོ་འགོད་སར་འཛུལ་དགོས་པ་གཤམ་གསལ།

        སྐད་འཕྲིན་སྤྱི་རྟགས་ནས་མིང་ཐོ་འགོད་སྟངས་གཤམ་གསལ།
        2.“བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང”གི་སྐད་འཕྲིན་སྤྱི་རྟགས་འདི་བཤེར་ནས“ཐོ་འགོད་ཡུལ”མནན་ཏེ་མིང་ཐོ་འགོད་དགོས།



        འབྱོར་ཐོ་འགོད་པའི་དུས་ཚོད།
        2021ལོའི་ཟླ་6ཚེས་29ཉིན་གྱི་ཕྱི་དྲོའི་ཆུ་ཚོད་7:30—9:30བར།
        འབྱོར་ཐོ་འགོད་ཡུལ།
        བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གི་ལས་སྒོའི་ལས་ཤག
        སློབ་ཁྲིད་དུས་ཚོད།
        2021ལོའི་ཟླ་6ཚེས་30ནས་ཟླ་12ཚེས་20ཉིན་བར། 
རྩོམ་སྒྲིག་པ། སྣང་རྡོར།