ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

རང་རེའི་ཞིང་ཆེན་གྱིས་བོད་སྨན་རྣམ་གྲངས35སྨན་བཅོས་འགན་བཅོལ་ནང་བཅུག

སྤེལ་དུས 2021-12-06 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ།
             ཉེ་ཆར། སི་ཁྲོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུད་ཀྱི་གཞུང་ཕྱོགས་དྲ་བ་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་དང་ཞིང་ཨུད་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་རིགས་སྨན་བཅོས་འཕྲོད་བསྟེན་གོང་འཕེལ་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུའི་དགོས་མཁོ་སྐོང་བ་བཅས་ཀྱི་ཆེད་དུ། སྤྱི་ཟླ་12ཚེས་1ཉིན་ནས་བཟུང་སི་ཁྲོན་ཞིང་ཆེན་གྱིས་བོད་སྨན་རླངས་ལུམས་ཀྱི་ཆ་ཤས་སྨན་བཅོས་སོགས་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་35ཞིང་ཆེན་རིམ་པ་དེ་གའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ཡོད་པ་རེད།

       ཞིང་ཆེན་རིམ་པ་དེ་གའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིས་སྤྱོད་ཅིང་སྨན་རྫས་ལྟ་སྐུལ་སྡེ་ཚན་གྱི་སྨན་རྫས་སྙོམས་སྒྲིག་གི་འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་ཞིང་ཆེན་ནང་ཁུལ་གྱི་བོད་ལུགས་གསོ་རིག་སྨན་ཁང་གི་སྨན་རྫས་དེ་རིགས་ཞིང་ཆེན་རིམ་པ་དེ་གའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་སུ་འཇུག་རྒྱུ་དང་། གཏོང་སྤྲོད་རིགས་དང་གཏོང་སྤྲོད་ཚད་གཞི་ཕྱིར་སྐོང་ས་ཁུལ་སྨན་ཁང་གི་སྨན་སྦྱོར་སྨན་བཅོས་འགན་བཅོལ་སྲིད་ཇུས་གཅིག་གྱུར་འཆར་འགོད་ལ་གཞིགས་ཏེ་ལག་བསྟར་བྱ་རྒྱུ་དང་འབྲེལ་ཡོད་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཁག་གིས་ངེས་པར་དུ་ཞིང་ཆེན་སྨན་བཅོས་འགན་ལེན་ལས་དོན་ལྟེ་གནས་ལ་ཐོ་འགོད་བྱས་རྗེས་ལག་བསྟར་བྱེད་དགོས་ཀྱི་ཡོད་པ་རེད།
སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པ་དེ་གའི་སྨན་བཅོས་ཞབས་ཞུའི་རྣམས་གྲངས་ཀྱི་འགན་བཅོལ་གཏོང་སྤྲོད་སྲིད་ཇུས།


རྩོམ་སྒྲིག་པ། སྣང་རྡོར།