ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

བོད་ཀྱི་ལྷ་མོའི་རྣམ་ཐར་འགྲན་བསྡུར་མཇུག་འགྲིལ་བ།

སྤེལ་དུས 2022-07-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

བརྙན།
         ཉེ་ཆར་སྐབས་དང་པོའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་སྣ་མང་བྱེད་སྒོའི་གྲས་ཤིག་ཡིན་པའི་གནའ་ཉམས་ལྡན་པའི་བོད་ཀྱི་ལྷ་མོའི་རྣམ་ཐར་འགྲན་བསྡུར་ཆེ་མོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་དེ་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཟློས་གར་ཁང་ནང་གཉེར་བ་རེད། ཐེངས་འདིའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་ཆེད་ལས་ཚོགས་ཆུང་གི་མི་6དང་། ལས་ཞོར་ཚོགས་ཆུང་གི་མི་6 ན་ཆུང་ཚོགས་ཆུང་གི་མི་6བཅས་འགྲན་ཞུགས་པ་18ཚུད་ཡོད་ཅིང་། ཐག་གཅོད་འགྲན་བསྡུར་བྱས་པ་བརྒྱུད། འགྲན་ཞུགས་པ་ལྷ་མོ་ཚེ་རིང་གིས་བཏང་བའི་པད་མ་འོད་འབར་འཁྲབ་གཞུང་ནང་གི་༼ལྷ་རིགས་བྲམ་ཟེའི་རྣམ་ཐར་༽ལ་ལས་ཞོར་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བསོད་ནམས་དབང་ཕྱུག་གིས་བཏང་བའི་འགྲོ་བ་བཟང་མོའི་འཁྲབ་གཞུང་ནང་གི་༼རྒྱལ་པོ་ཀྭ་ལ་དབང་པོའི་རྣམ་ཐར་༽དང་ཆོས་རྒྱལ་ནོར་བཟང་འཁྲབ་གཞུང་ནང་གི་༼རྒྱལ་སྲས་ནོར་བཟང་གི་རོལ་དབྱངས་རྣམ་ཐར་༽ལ་ཆེད་ལས་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པ། ན་ཆུང་བུ་མོ་འཆི་མེད་སྒྲོལ་དཀར་གྱིས་བཏང་བའི་པད་མ་འོད་འབར་འཁྲབ་གཞུང་ནང་གི་༼ལྷ་རིགས་བྲམ་ཟེའི་རྣམ་ཐར་༽ལ་ན་ཆུང་བྱིས་པའི་ཚོགས་ཆུང་གི་བྱ་དགའ་རིམ་པ་དང་པོ་ཐོབ་འདུག



         དེ་མིན་ལས་ཞོར་ཚོགས་ཆུང་གི་འགྲན་ཞུགས་པ་བདེ་སྐྱིད་སྒྲོལ་དཀར་དང་བསྟན་པ་ཆོས་དར། ཆེད་ལས་ཚོགས་ཆུང་གི་འགྲན་ཞུགས་པ་ཕུན་ཚོགས་ཆོས་སྐྱིད་དང་བསྟན་པ་ཆོས་བཟང་། ན་ཆུང་ཚོགས་ཆུང་གི་བསྟན་འཛིན་དོན་ལྡན་དང་བདེ་ཆེན་ཆོས་སྒྲོན་བཅས་ལ་བྱ་དགའ་རིམ་པ་གཉིས་པ་ཐོབ་པ། ལས་ཞོར་ཚོགས་ཆུང་གི་འགྲན་ཞུགས་པ་མིག་དམར་དང་ཉི་མ་རྒྱལ་མཚན། ཟླ་བ་གཡུ་སྒྲོན། ཆེད་ལས་ཚོགས་ཆུང་གི་འགྲན་ཞུགས་པ་ཕུན་སྒྲོན་དང་སྤེན་སྒྲོན་འབྲིང་བ། ཚེ་རིང་ཆོས་སྒྲོན། ན་ཆུང་ཚོགས་ཆུང་གི་བདེ་ཆེན་ཆོས་སྒྲོན་དང་པད་མ་བདེ་སྐྱིད། བསྟན་འཛིན་སྨོན་ལམ་བཅས་ལ་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་གནའ་ཉམས་ལྡན་པའི་བོད་ཀྱི་ལྷ་མོའི་རྣམ་ཐར་འགྲན་བསྡུར་ཆེ་མོ་ནི་སྐབས་དང་པོའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་འགྲན་བསྡུར་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་པ་དང་། དེའི་རྗེས་སུ་ད་དུང་བོད་རང་སྐྱོང་ལྗོངས་ཀྱིས་འཁྲབ་ཚན་ཐུང་ངུ་དང་གཞས་མ་གཏམ་གྱི་འགྲན་བསྡུར་ཆེ་མོ་སོགས་འགྲན་བསྡུར་བྱེད་སྒོ་སྣ་མང་སྤེལ་ནས་རྒྱ་ཆེའི་གྲོང་མི་ཚོར་མིག་ཡིད་རྣ་བའི་དགྱེས་སྟོན་བསུ་བའི་ལྟད་མོ་གང་མང་བཤམས་རྒྱུ་ཡིན་པ་རེད། 

རྩོམ་སྒྲིག་པ། སྣང་རྡོར།