ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སིས་ཐོན་ལས་བོད་སྐྱོར་གྱི་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་པ།

སྤེལ་དུས 2017-08-09 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ། བསོད་དབང་གིས་བསྒྱུར།
          ཟླ་8ཚེས་5ཉིན་གྱི་སྔ་དྲོ་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སིས་ལྷ་སར་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་རྒྱབ་ཤ་དཀར་པོའི་དེབ་དང་པོ《ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སི་བོད་དུ་གནས(2002-2017ལོ་བར)》ཞེས་པ་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སིས་ཐོན་ལས་བོད་སྐྱོར་གྱི་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ལོ་བཅོ་ལྔའི་རིང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་3.41བཏང་ནས་རྣམ་གྲངས་ཁག་135རོགས་སྐྲུན་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
          བོད་ཀྱི་ས་ཆ་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ་དང་འབྲེལ་རང་ངོས་ཐབས་ལམ་གྱི་ལེགས་ཆར་བརྟེན་པས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སིའི“དབྱི་ཅེ·སྒྲོལ་མ་གཏེར་ཆུ”བོད་ཀྱི་འཐུང་ཆུའི་སྣེ་འདྲེན་ཁེ་ལས་ཤིག་ཏུ་གྱུར་ཡོད་པ་རེད། རིམ་རྩིས་ལྟར་ན། ཟླ་6པའི་བར་འཐུང་ཆུ་ཏུན་ཁྲི་44ཕྱིར་ཚོང་བྱས་པར་འགྱིག་དམ་དུང་ཕྱུར་13.3ཟིན་པ་དང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སིའི་དབྱི་ཅེ་ཚོང་ཁང་ལ་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་16.2ཟིན་ཡོད་པ་རེད། རིམ་རྩིས་ལྟར་ན། དཔྱ་ཁྲལ་སྒོར་དུང་ཕྱུར་1.4བསྐྱལ་བ་དང་བོད་ཀྱི་ས་གནས་དེ་གར་ལས་ཞུགས་ཐུབ་པའི་མི་གྲངས་500ལྷག་ཙམ་ཟིན་ནས་བོད་ཀྱི་ལེགས་ཆ་ལྡན་པའི་ཀ་རྟེན་ཐོན་ལས་དང་དཔལ་འབྱོར་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད་པ་རེད།
          ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབོད་སྐུལ་དང་ལེན་ཞུས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་དང་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་དང་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་ཀྱི་ཁ་གཏད་རོགས་སྐྱོར་དང་གནས་གཏན་འཁེལ་གྱི་དབུལ་སྐྱོར་གསར་སྤེལ་ལས་འགན་ཁུར་ཡོད་པ་རེད། ཁ་གཏད་རོགས་སྐྱོར་བྱེད་ཡུལ་དཔལ་མགོན་རྫོང་གི་GDPལོ་རེར་ཆ་སྙོམས་འཕར་ཚད་12%ལྷག་ཙམ་ཟིན་ཡོད་པ་རེད། 2016ལོར་དཔལ་མགོན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2002ལོ་ལས་405.02%འཕར་བ་དང་། འབྲོག་པ་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་2002ལོ་ལས་419%འཕར་ཡོད་པ་རེད།
          འདི་ལོའི་ཟླ་6པའི་བར་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སིས་རིམ་རྩིས་ལྟར་ན། བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་དང་མི་བཅུ་དྲུག་མངགས་གཏོང་བྱས་པ་དང་འབྲེལ་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་3.41བཏང་ནས་རྣམ་གྲངས་ཁག་135རོགས་སྐྲུན་བྱས་པ་རེད། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སིའི་རོགས་རམ་འོག་དཔལ་མགོན་རྫོང་གི་GDPལོ་རེར་ཆ་སྙོམས་འཕར་ཚད་12%ཡན་རྒྱུན་འཁྱོངས་ཐུབ་ནས་དཔལ་མགོན་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐུབ་ཡོད་པ་རེད།
          1988ལོ་ནས་2015ལོའི་བར་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སིས་བོད་ལྗོངས་དང་། མཚོ་སྔོན། ཅང་ཤིས། ཨན་ཧུའེ། ཧུའུ་ནན། ཀན་སུའུ། ཤིན་ཅང་སོགས་ཞིང་ཆེན(རང་སྐྱོང་ལྗོངས)བདུན་གྱི་རྫོང(གྲོང་ཁྱེར)11གི་དབུལ་སྐྱོར་གསར་སྤེལ་ལས་འགན་ཁུར་ཡོད་པ་རེད། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སིའི་ཁོངས་གཏོགས་ཚན་པས་ཀྱང་རིམ་ཁག་ས་གནས་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་སོགས་ཀྱི་ལས་འགན་དེ་མཚུངས་ཀྱིས་ཁུར་ཡོད་པ་རེད། 2016ལོ་ཁོ་ནར་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སིའི་སྤྱི་ཁྱབ་པུས་ཁ་གཏད་རོགས་སྐྱོར་དང་གནས་གཏན་འཁེལ་དབུལ་སྐྱོར་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་1.29ཟིན་ཡོད་པ་རེད།