ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

བོད་ལྗོངས་མངའ་རིས་ཀྱིས་2015ལོ་ཚུན་ དུ་རིམ་རྩིས་རྒྱབ་ན་དབུལ་པོ་ ཁྲི་1.6དབུལ་སྒྲོལ་བྱས་པ།

སྤེལ་དུས 2019-01-07 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
           ཤིན་ཧྭ་གསར་གྱུར་ཁང་ལྷ་ས་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལཚེས་4ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་གསལ2015ལོ་ཚུན་དུ་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་རིམ་རྩིས་བརྒྱབ་ན་དབུལ་པོ་དུད་ཚང་4391ཡི་མི་16091དབུལ་སྒྲོལ་བྱས་པ་དང་དབུལ་པོ་ཆགས་ཚད་28.26%ནས་8.4%བར་ཉུང་དུ་བཏང་ཡོད་པ་རེད། བོད་ལྗོངས་མངའ་རིས་ནི་ས་བབ་མཐོ་བའི་མཐའ་མཚམས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དབུལ་པོ་ཡིན་པས་དེར“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་བརྗོད་ཀྱི་ཡོད་པ་དང་རང་བྱུང་གནམ་གཤིས་ཞན་པནང་ས་དང་བར་ཐག་ཧ་ཅང་རིང་པོ་ཡོད2015ལོ་ཚུན་དུ་མངའ་རིས་སུ་ས་ཁུལ་དང་རྫོང་ཤང་གྲོང་ཚོ་བཅས“རིམ་བཞིའི་ཧྲུའུ་ཅིས”དབུལ་སྐྱོར་ལས་དོན་ལ་དམ་འཛིན་བྱེད་པའི་སྒྲིག་སྲོལ་དང་ས་ཁུལ་དང་རྫོང་ཤང་བཅས་རིམ་གསུམ་གྱི“དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང”གི་རྩ་འཛུགས་ཀྱི་སྒྲོམ་གཞི་བཙུགས་པས་དབུལ་སྒྲོལ་འགག་སྒྲོལ་གྱི་མ་ལག་དང་ལེ་ལག་ཚང་བའི་བྱ་ཐབས་ཀྱི་མ་ལག་ཅིག་ཆགས་ཡོད2015ལོ་ཚུན་དུ་རིམ་རྩིས་བརྒྱབ་ན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཁག་59ལག་ལེན་བསྟར་བ་དང་རིགས་ཁག་གི་ཆེད་ལས་དང་གཅིག་ལྕོགས་སྣོད་བཅུད་གུན་གསབ་ལས་གནས་30767དོན་འཁྱོལ་བྱས་པསློབ་ཆེན་སློབ་མ་དབུལ་པོ་མི་ཐེངས་1856ལ་མ་དངུལ་གྱིས་རོགས་སྐྱོར་བྱས་པམང་ཚོགས་དབུལ་པོ་མི་ཐེངས་6667ལས་ཞུགས་གཞན་སྒྱུར་ཐུབ་ཡོདམངའ་རིས་སུ་ཞིང་འབྲོག་ཁུལ་གྱི་མ་མཐའི་འཚོ་བའི་འགན་ལེན་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་འབྲེལ་མཐུད་ནུས་ལྡན་བྱུང་ནས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་5082ཉུང་དུ་ཕྱིན་ཡོད། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་ཀོ་ཆིང་མིན་གྱིས་མིག་སྔར་མངའ་རིས་ས་ཁུལ་ཁོངས་གཏོགས་ཀྱི་རྫོང་7ནས་སྒར་རྫོང་བདེ་བླག་ངང་དབུལ་ཞྭ་ཕུད་ཐུབ་པ་དང་སྤུ་ཧྲེང་དང་རྩྭ་མདའརུ་ཐོག་བཅས་རྫོང་གསུམ་བོད་རང་སྐྱོང་ལྗོངས་ཀྱི་དབུལ་ཞྭ་ཕུད་པའི་སྤྱི་བསྒྲགས་ལེགས་གྲུབ་ཟིན་པདགེ་རྒྱས་དང་སྒེར་རྩེམཚོ་ཆེན་བཅས་ཤིན་ཏུ་དབུལ་བའི་རྫོང་གསུམ་ཡང་2019ལོར་དབུལ་ཞྭ་འཕུད་རྒྱུ་རེད་ཅེས་བཤད།