ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

གངས་ལྗོངས་ས་མཐོར་ལང་ཚོའི་ཕུགས་འདུན་མངོན་པར་བྱེད། —— ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ཁག་18པའི་བོད་སྐྱོར་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་སྐོར་བཀོད་པ།

སྤེལ་དུས 2019-01-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          ལོ་གཅིག་གི་གོང་། འབུམ་རམས་པ་53གྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ་མེས་རྒྱལ་གྱི་ཕྱོགས་བཞི་མཚམས་བརྒྱད་ནས་གངས་ལྗོངས་ས་མཐོར་འཛོམས། ལོ་གཅིག་གི་རིང་། ཁོང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་དམ་པོར་དམིགས་པ། ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་སྣང་ཆེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན། སྒྲིག་ལམ་ལ་སྣང་ཆེན། གཞི་རིམ་དུ་ཟབ་སྐྱོད། ཐབས་འདོན་ཇུས་འགོད། འབྲེལ་ཟམ་གཏོད་པ། རང་འགུལ་ངང་ལས་སྒྲུབ་བཅས་བྱས་ནས་འཛམ་གླིང་གི་ཡང་རྩེར་མཛད་རྗེས་བཞག་སྟེ་ལྷག་བསམ་དང་འགན་ཁུར་གྱི་ལས་དོན་བསྒྲུབས་པ་རེད།
          དགུན་ཁ་བོད་ལ་བསྐྱོད་ནས་འཕྲལ་མར་ལས་ལ་གཞོལ།
          2017ལོའི་ཟླ་12པར་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ཁག་18པའི་བོད་སྐྱོར་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་བོད་དུ་ཡོང་བ་རེད། མཛེས་སྡུག་ཉམས་དགའ་བའི་ཡུལ་ལུང་ལ་ལྟ་ཁོམ་མེད་པར་ས་མཐོ་མི་འཕྲོད་པའི་རྐྱེན་གྱིས་མགོ་བོ་ན་ནས་དབུགས་ཀྱང་གཏོང་དཀའ་བར་གྱུར། འོན་ཀྱང་དུས་ཐུང་ནང་མཐོ་གྲང་དང། གསོ་རླུང་དཀོན་པ། གྲོགས་མེད་ཁེར་རྐྱང་དུ་ལུས་པ་བཅས་ཁྱད་དུ་བསད་ནས་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་བསྐྱོད་པ་དང་། འབྲོག་ཁུལ་དང་། ཞིང་ནང་། ཚོད་ལྟ་ཁང་། ཚོང་འགུགས་ཀྱི་འཐབ་ཕྱོགས་དང་པོ་བཅས་སུ་བསྐྱོད།
          གངས་ལྗོངས་ས་མཐོར་སླེབས་པའི་ཉིན་དེ་ནས་བཟུང་འབུམ་རམས་པ་ཚོས་བོད་ནི་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩིས་ནས་བོད་ཀྱི་ལས་ཀ་བསྒྲུབས་པ་དང་། བོད་ཀྱི་ཆུ་འཐུང་བ། བོད་ཀྱི་མི་བྱས་པ་རེད། “ལྗོངས་བབ་ཤེས་རྟོགས་དང་། ས་གནས་ལ་ཞབས་ཞུ། ཉམས་མྱོང་གསོག་པ། འཇོན་ཐང་འཕེལ་བ”བཅས་ཀྱི་བླང་བྱ་ལྟར། ཡུལ་དེ་གའི་འཕེལ་རྒྱས་ཀྱི་ཞན་ཆ་དང་ལྷུ་ཚིགས་ཉམས་ཞན་ལ་གཞིགས་ཁར་མིག་རྒྱང་རིང་པོ་དང་། གསར་གཏོད་ཀྱི་བསམ་ཕྱོགས། དངོས་སྒྲུབ་ཀྱི་རྣམ་འགྱུར། ཏན་ཏིག་གི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ལས་གནས་ལ་གཞི་བཙུགས་ཏེ་ལེགས་སྐྱེས་ཕུལ་བར་བརྟེན། ཕན་འབྲས་དངོས་དངོས་རྗེན་རྗེན་ཐོབ་པ་རེད།
          ལེགས་ཆ་འདོན་སྤེལ་བྱས་ནས་བྱས་རྗེས་ཧུར་ཐག་བཞག
          འབུམ་རམས་པ་ཧྲེན་ཀང་དང་སུན་ཅེས་ལྷ་ས་གྲོང་ཁྱེར་ལ་གཞོགས་འདེགས་བྱས་ནས་རྒྱལ་ཁབ་ནོར་སྲིད་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། སྣོད་བཅུད་ཁོར་ཡུག་པུའུ་བཅས་ལ“ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་དང་མཚོ་རྩྭའི་སྣོད་བཅུད་སྲུང་སྐྱོང་སླར་གསོའི་ཚོད་ལྟའི་རྣམ་གྲངས”འདུན་ཞུ་བདེ་བླག་ངང་ཐུབ་ནས་ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་20ཡི་རྒྱབ་སྐྱོར་ཐོབ་པ་རེད། འབུམ་རམས་པ་སུན་ཅེས་2018ལོའི་ལོ་འཁོར་གྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ལས་དོན་གསར་གཏོད་ངང་བསྒྲུབས་པ་དང་། གསབ་སྤྲོད་བྱེད་སྟངས་སྒྱུར་བཅོས་བྱས་ཤིང་། ནོར་སྲིད་པུའུ་ནས་སྒོར་དུང་ཕྱུར་2ཀྱི་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་ཁ་གསབ་མ་དངུལ་བརྩོན་ལེན་བྱས་པ་རེད། འབུམ་རམས་པ་ཝང་ཞའོ་ཞུས་ཀྱིས་བོད་ལ་འཚམ་པའི་སོན་སྣ་ཁ་གསར་པ་22ནང་འདྲེན་བྱས་ཏེ“ལྗོན་ཤིང་མེད་པའི་གྲོང་ཚོ་དང་ལྗོན་ཤིང་མེད་པའི་དུད་ཁྱིམ”གྱི་སྟོང་ཆ་གསབ་ཆེད་ལེགས་སྐྱེས་ཕུལ་ཡོད། འབུམ་རམས་པ་ཝང་ཅུན་ཅེས་བོད་ཀྱི་གནམ་རིག་ཁང་གི་འཛུགས་སྐྲུན་ལ་གཞོལ་ནས་ས་མཐོའི་གནམ་རིག་ཁྱབ་ཁོངས་ཀྱི་སྟོང་ཆ་བསབས་ཡོད་པ་རེད།
          བརྟག་དཔྱད་ཞིབ་འཇུག་གིས་ཐབས་འདོན་ཇུས་འགོད་གང་ལེགས་བྱས།
          འབུམ་རམས་པ་རྣམས་ཀྱིས་ཆེད་ལས་ཀྱི་ལེགས་ཆ་གང་ཡོད་བཏོན་པ་དང་། གཞི་རིམ་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱས་ཏེ་སྲིད་ཇུས་ཀྱི་བློ་འདྲི་དང་འཆར་འགོད་བཟོ་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་བསམ་ཕྱོགས་དང་གྲོས་འགོ་མང་པོ་བཏོན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཆེད་འཇོན་ཐང་དང་བློ་གྲོས་སྐྱེས་སུ་ཕུལ་བ་རེད།
          འབུམ་རམས་པ་ཞི་ལེས་སྣེ་ཁྲིད་དེ“ས་མཐོའི་ནས་དང་འབྲི་གཡག་ཐོན་ལས་ཀྱི་ལག་རྩལ་གསར་གཏོད་མནའ་འབྲེལ”གྱི་ལས་དོན་ལ་འགན་ཁུར་ནས་རང་སྐྱོང་ལྗོངས་ཀྱི“ནས་ཀྱི་ཐོན་འཕར་དང་། འབྲི་གཡག་རྒྱགས་གསོའི”འཐབ་ཇུས་ལ་གཞོགས་འདེགས་བྱས་པ་རེད། འབུམ་རམས་པ་ཧྲི་ཁྲེང་ཧྭས་གཙོ་ཁྲིད་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་ཁྲོམ་རའི་བརྟག་ཞིབ་དབྱེ་ཞིབ་ཀྱི་སྙན་ཞུ་ལེགས་གྲུབ་བྱས་ཏེ་གྲོང་གསེབ་ཏུ་ལྗོངས་ཡོངས་ཀྱི་དྲ་ཐོག་ཚོང་དོན་ཁྱབ་པའི་ལས་དོན་གྱི་རྩེ་རིམ་ཇུས་འགོད་ལ་སྐུལ་མ་བཏང་བ་རེད། འབུམ་རམས་པ་ལུའུ་མིང་ཧུའེ་ཡིས་སྣེ་ཁྲིད་ནས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་སྤེལ་ཡུལ་གྱི་ཚད་ལྡན་ཅན་གྱི་འཛུགས་སྐྱོང་འཆར་འགོད(2018ལོ་ནས་2020ལོ་བར)》དང《འཛུགས་སྐྲུན་མ་དངུལ་གྱི་བྱ་དགའི་ཁ་གསབ་བྱེད་ཐབས》ཀྱི་འཆར་ཟིན་བཀོད་པ་དང་། ཆབ་མདོའི་རྫོང་ཆུས་7གྱི་གྲོང་ཚོ་30ལྷག་ཏུ་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་སྤེལ་ཡུལ་གྱི་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་ལྟ་བཤེར་དང་མཛུབ་ཁྲིད་བྱས་པ་རེད། འབུམ་རམས་པ་ཀུའོ་ཀང་ཧྥེང་གིས་སྣེ་ཁྲིད་ནས《བོད་ཀྱི་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད(སྒྲིག་བཟོ)ཀྱི་ཁོར་ཡུག་ཤུགས་རྐྱེན་གྱི་སྙན་ཞུ་ཡི་གེ》བཟོས་པ་དང་དེ་སྔའི་ཁོར་ཡུག་སྲུང་སྐྱོང་པུའི་དཔྱད་ཞིབ་བདེ་བླག་ངང་ཐུབ་པ་རེད།
          འབྲེལ་ཟམ་གང་ལེགས་བསྐྲུན་པས་སྤེལ་རེས་མཉམ་འདྲེས་ལ་སྐུལ་མ་ཐེབས།
          མངགས་གཏོང་ཚན་པའི་ལེགས་ཆ་དང་རང་ངོས་ཀྱི་ཐོན་ཁུངས་ལ་བརྟེན་ནས་འབུམ་རམས་པ་རྣམས་ཀྱིས་ལེགས་ཆ་གསབ་རེས་དང་མཉམ་ལས་གཉིས་ཕན་གྱི་འབྲེལ་གཞི་ཡང་དག་པར་བཙལ་ནས་འབྲེལ་ཟམ་གང་ལེགས་བསྐྲུན་པ་དང་། ཐོན་ཁུངས་འབྲེལ་མཐུད་ཡག་པོ་བྱས་པ། བོད་དང་ནང་སའི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་ནས་ཞབས་ཞུ་ཚན་པར་སྔར་བས་མང་བའི་ཤེས་ལྡན་པ་དང་། མ་དངུལ། ལག་རྩལ། རྣམ་གྲངས་བཅས་ནང་འདྲེན་བྱས་པ་རེད།
          འབུམ་རམས་པ་ལིའུ་ཝུའེ་ཤིན་གྱིས་ཀྲུང་གོའི་རྒྱ་གྲམ་དམར་རྟགས་སྤྱི་ཁྱབ་ཚོགས་པ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ཁ་གཏད་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཐུབ་པ་བྱས་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། འབུམ་རམས་པ་ཧྲེ་ཀྲང་ཁྲུན་གྱིས་ཀྲུང་དབྱང་ཁེ་ལས་10ལྷག་ཙམ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་བོད་དུ་ནུས་རྒྱུའི་ཐོན་ལས་ལ་མ་འཇོག་བྱས་པས་བོད་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། འབུམ་རམས་པ་དབྱང་ཏུང་གིས་མངགས་གཏོང་ཚན་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཕྱོགས་མང་པོ་ནས་རྣམ་གྲངས་ཀྱི་མ་དངུལ་དང་། སྨན་བཅོས་ལག་རྩལ། རིག་གཞུང་མཉམ་ལས་བཅས་ཀྱི་རྣམ་གྲངས་བརྩོན་ལེན་བྱས་ཏེ་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། འབུམ་རམས་པ་ལིའུ་ཧུའེ་དང་ཧོ་ཁྲའོ་ཆུན་གྱིས་མངགས་གཏོང་ཚན་པའི་ཐོན་ཁུངས་ལ་གཞིགས་ནས་མི་སྣ་གསོ་སྐྱོང་དང་ལག་རྩལ་མི་སྣ་གསོ་སྦྱོང་ཐད་སྤེལ་རེས་མཉམ་ལས་བྱས་པ་རེད། འབུམ་རམས་པ་ཀྲེ་པའོ་ཕིང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ནང་སའི་མཐོ་སློབ་དང་ཚན་ཞིབ་ཁང་གཉིས་དང་བོད་དབར་མཉམ་ལས་སྤེལ་རེས་ཀྱི་ལས་སྟེགས་བཏོད་ཡོད་པ་རེད།