ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

བོད་ལྗོངས་ལྷ་ས་མེ་འཁོར་འབབ་ཚུགས་སུ“ངོ་བཤེར”ནས་འབབ་ཚུགས་སུ་འཛུལ་ཆོག

སྤེལ་དུས 2019-01-21 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          ལྷ་ས་དགོང་དྲོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་མེ་འཁོར་ལ་སྡོད་མཁན་འགྲུལ་པས་བོད་ལྗོངས་ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་འཛུལ་སྒོར་སྤ་སེ་ཞིབ་བཤེར་བྱེད་མཁན་གྱི་ལས་དོན་མི་སྣ་ཉུང་དུ་སོང་བ་ཤེས། ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ཐོབ་ཐང་ལག་ཁྱེར་འབབ་ཚུགས་སུ་འཛུལ་སའི་མི་མེད་སྤ་སེ་བཤེར་འཕྲུལ་ཐོག་བཞག་རྗེས“ངོ་བཤེར”བྱས་ཚེ་བཤེར་འཕྲུལ་གྱི་སྐད་བརྡའི་མ་ལག་ལ་བརྟེན་ནས“ཞིབ་དཔྱད་ཐུབ་པས་མགྱོགས་པོ་ཕེབས་རོགས”ཞེས་པའི་སྐད་བརྡའི་དྲན་སྐུལ་གྲགས་འོང་། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ཕ་ཡུལ་དུ་ལོག་སྐབས་ལྷ་ས་མེ་འཁོར་འབབ་ཚུགས་སུའང“ངོ་བཤེར”ནས་འབབ་ཚུགས་སུ་འཛུལ་ཆོག་གི་ཡོད།
          འགྲུལ་པའི“ཕྱིའི་རྣམ་པ”དེ་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་དང་ཧེ་བག་ཆེན་པོ་ཡོད་ཚེ“ངོ་བཤེར”མི་ཐུབ་པས་མེ་འཁོར་འབབ་ཚུགས་ཀྱི་འཛུལ་སྒོར་མི་ཐབས་ཞིབ་བཤེར་བྱེད་པའི་བགྲོད་ལམ་སྔར་བཞིན་སོར་ཉར་བྱས་ཡོད། འགྲུལ་པའི་ཐོབ་ཐང་ལག་ཁྱེར་གྱི་ཁབ་ལེན་གྱི་འཐེན་ཤུགས་རྫོགས་པ་དང་། ཐོབ་ཐང་ལག་ཁྱེར་གྱི་པར་དང་རང་ཉིད་ཧེ་བག་ཆེན་པོ་ཡོད་པ། གཱ་འདྲད་མི་ཐུབ་པ་བཅས་ཀྱི་སྣང་ཚུལ་འཕྲད་ཚེ་མི་ཐབས་ཞིབ་བཤེར་བྱེད་པའི་བགྲོད་ལམ་བརྒྱུད་འབབ་ཚུགས་སུ་འཛུལ་ཆོག་གི་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཅུས་ཀྱི་ལས་དོན་མི་སྣས་ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྒུལ་བདེའི་སྒྲིག་ཆས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་དང་བཟོ་བཅོས་བརྒྱབ་པ་མ་ཟད། མེ་འཁོར་འབབ་ཚུགས་ཀྱི་སྒྲིག་ལམ་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཏེ་སྤ་སེ་ཉོ་བ་དང་། འབབ་ཚུགས་སུ་འཛུལ་བ། མེ་འཁོར་སྒུག་པ། སྤ་སེ་བཤེར་བ། འབབ་ཚུགས་ནས་ཐོན་པ་སོགས་ལྷུ་ཚིགས་ཀྱི་ཡོ་ཆས་དང་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད། རྒྱལ་ཡོངས་ལྕགས་ལམ་གྱིས་ལམ་མཚོན་དཔེ་རིས་ལེགས་སྒྲིག་བྱས་རྗེས་འགྲུལ་པ་བླུག་པའི་མེ་འཁོར་དེ་བས་ལེགས་པའི་སྒོ་ནས་ཁོང་དུ་ཆུད་པར་བྱ་ཆེད། བོད་ལྗོངས་ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་ལས་དོན་མི་སྣ་ཡོངས་ལ་ལས་སྒོའི་ཤེས་བྱའི་གསོ་སྦྱོང་ཆ་ཚང་བ་ཞིག་བྱས་པ་དང་། གསོ་སྦྱོང་བརྒྱུད། ལས་དོན་པས་མིག་སྔར། སྤ་སེ་འཚོང་བ་སོགས་ལས་སྒོའི་ཤེས་བྱ་གསར་པ་ཁག་གཅིག་ཁོང་དུ་ཆུད་ཡོད་པ་རེད།